SBS
SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Where to listen?
Podcasts in the app Replaio Radio Coming soonPodcasts are coming to the app soon. Install now and be the first to see a whole new take on podcasts
Episodes
སྙན་ཐོ་གསར་པ་ཞིག་ལ་ལྟར་ན་ལས་ཀའི་གོ་སྐབས་ལས་ལས་འཚོལ་བ་མང་བ་ཡོད་པ་ཐོན་ཡོད་འདུག 16.10.2020 4:49
ཁེ་མེད་ཚོགས་པ། Anglicare ཡིས་བཏོན་པའི་སྙན་ཐོ་ལ་གཞིགས་ན་ད་ལྟའི་གནས་སྟངས་འོག་ལས་འཚོལ་བ་མི་བརྒྱད་ལ་ལས་ཀའི་གོ་སྐབས་གཅིག་རེ་ལས་མེད་པ་ཡིན་འདུག ལྷག་པར་དུ་གཉེན་རིམས་ཀྱི་རྐྱེན་པའི་ལས་ཀའི་གོ་སྐབས་ཇེ་ཉུང་དང་། ལས་འཚོལ་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལོ་རྒན་པ་རྣམས་ལ་ལས་ཀ་རག་པར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་འདུག
ཏོག་དབྱིབས་གཉེན་རིམས་སྐབས་བཟའ་ཚང་ཁ་བྲལ་འགྲོ་བ། 16.10.2020 8:25
སྤྱིར་བཟའ་ཚང་ཁ་བྲལ་འགྲོ་སྐབས་འབྲེལ་ཡོད་ཚང་མའི་སེམས་ལ་ཕོག་ཐུག་འབྱུང་གི་ཡོད་ཀྱང་། ཏོག་དབྱིབས་གཉེན་རིམས་སྐབས་བཟའ་ཚང་ཁ་བྲལ་བ་ཡིན་ན་དེ་བས་དཀའ་རྙོགས་ཆེ་བ་ཡོད། ལྷག་པར་དུ་ཕ་མ་གཉིས་ཁ་བྲལ་རྗེས་ཟུང་འབྲེལ་ཐོག་ཕྲུ་གུར་བལྟ་སྐྱོང་བྱེད་དགོས་ཚེ་དཀའ་ངལ་དེ་བས་ཆེ་བ་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་། 14.10.2020 9:05
ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གཙོ་སྐྱོང་འོག ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལས་ཆབ་སྲིད་དང་། རིག་གཞུང་། ཤེས་ཡོན། ཁོར་ཡུག་བཅས་བརྗོད་གཞི་བཞིའི་ཐོག་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་གནང་ཡོད་པ་རེད།
བཟའ་ཟླའི་མཐོང་མཆེན་ཆེད་དབྱིན་ཡིག་རྒྱུགས་སྤྲོད་དགོས་པའི་ཁྲིམས་གསར་པར་མང་ཚོགས་ཀྱི་སྐྱོན་བརྗོད་ལ་ཨོ་གླིང་གཞུང་གིས་ལན་འདེབས། 09.10.2020 4:14
ཨོ་སི་ཊོ་ལི་ཡའི་གཞུང་གིས་བཟའ་ཟླའི་མཐོང་མཆེན་ལག་ཁྱེར་སྙན་ཞུ་འབུལ་མི་རྣམས་ལ་དབྱིན་ཡིག་རྒྱུགས་སྤྲོད་མ་ལོན་ཚེ་མཐོང་མཆན་ལག་ཁྱེར་བཀག་འགོག་བྱེད་རྒྱུ་མིན་ཞེས་གསལ་བཤད་གནང་ཡོད་འདུག དེ་ཡང་ཁྲིམས་གསར་པ་འདི་ཨོ་སི་ཊོ་ལི་ཡའི་གཞུང་གིས་མི་རིགས་དཀར་པོའི་སྲིད་བྱུས་ལག་ལྟར་བྱེད་པ་ཞིག་རེད་ཅེས་རིག་གཞུང་སྣ་མང་གི་ཚོགས་སྡེ་ཁག་གིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་སྟོན་ཡོད་འདུག
ཨོ་གླིང་དང་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་འཐུས་འོས་མི་ཤེལ་དགེ་འདུན་ཚེ་རིང་། 07.10.2020 10:15
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སེཌ་ནིའི་ཉེ་འགྲམ་ཨོ་གླིང་རི་སྔོན་པོར་གནས་སྡོད་བྱེད་མཁན་ཤེལ་དགེ་འདུན་ཚེ་རིང་ལ་ཁོ་རང་ཨོ་གླིང་དང་ལྷོ་ཤར་ཨེ་ཤེ་ཡ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཅས་ཀྱི་སྐོར་བཅར་འདྲི་ཞུས་པ།
འགག་རྩའི་དུས་སུ་ཨོ་སི་ཊོ་ལི་ཡས་དངུལ་རྩིས་འཆར་གཞི་ལག་ལྟར། 07.10.2020 7:51
ཨོ་སི་ཊོ་ལི་ཡའི་དངུལ་གཉེར་བློན་ཆེན་སྐུ་ཞབས་ Josh Frydenberg མཆོག་གིས། ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ནང་ཆེས་དམིགས་བསལ་ཅན་གྱི་དངུལ་རྩིས་འཆར་གཞི་ཞིག་ཛ་དྲག་ལག་བསྟར་གནང་ཡོད་འདུག ཨོ་སི་ཊོ་ལི་ཡའི་ནང་ཉེ་དུས་སུ་ཐན་པ་དང་མེ་སྐྱོན་ཚབས་ཆེན། དེ་བཞིན་གཉེན་རིམས་ཀྱི་རྐྱེན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་འཚེ་ཤུགས་ཆེ་བྱུང་ཡོད་པའི་རྐྱེན་གྱིས། འདི་ལོའི་དངུལ་རྩིས་འཆར་གཞི་དུས་ཐོག་ཏུ་ལག་བསྟར་གནང་ཐུབ་མེད་འདུག
ཡུལ་སྐོར་བ་འདུས་གནས་ཆེ་ས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་པའི་སེམས་འཚབ། 02.10.2020 5:12
ཉེ་དུས་ཨོ་སི་ཊོ་ལི་ཡའི་ནང་དུ་འགྲུལ་བཞུད་དམ་བསྒྲགས་ལྷོད་དུ་སོང་བར་བརྟེན། ཏོག་དབྱིབས་ནད་དུག་གི་གནོད་འཚེ་ཆུང་བའི་ས་ཁུལ་ཁག་ལ་ཡུལ་སྐོར་བསྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ས་ཁུལ་གྱི་ཚོང་ལས་གཉེར་མཁན་རྣམས་ལ་གཏམ་བཟང་ཞིག་ཡིན་ཡང་གྲོང་ཁྱེར་ནས་སྤྲོ་འཆམ་དུ་ཡོང་མཁན་རྣམས་ཀྱིས་ནད་དུག་ཁྱེར་ཡོང་བསམ་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག
ཨོ་གླིང་གཞུང་གིས་ཁོར་ཡུག་དང་གཅེས་ནོར་སྲུང་སྐྱོབ་ཆེད་ཨོ་སྒོར་ས་ཡ་མང་པོ་འགྲོ་སོང་གཏང་འཆར་ཡོད་འདུག 02.10.2020 5:19
ཨོ་སི་ཊོ་ལི་ཡའི་གཞུང་གིས། རྒྱལ་ཁབ་སླར་གསོ་ཡོང་ཐབས་སུ་ཁོར་ཡུག་དང་གཅེས་ནོར་གྱི་གནས་རྩ་ཆེན་ཁག་སྲུང་སྐྱོབ་ཆེད་ཨོ་སྒོར་ས་ཡ་མང་པོ་ཞིག་འགྲོ་སོང་གཏང་འཆར་ཡོད་འདུག
སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་རེད་འདུག 30.09.2020 5:25
བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག
རྒྱ་གཞུང་གིས་བོད་ནང་ཤིང་ཅང་ལྟ་བུའི་ངལ་རྩོལ་ལས་གྲྭའི་སྲིད་བྱུས་ལག་ལྟར་བྱས་པ། 25.09.2020 2:52
རྒྱ་ནག་གཞུང་གིས་བོད་པའི་ཞིང་འབྲོག་ས་ཁུལ་ཁག་ནས་བོད་པ་ ༥༠༠༠༠༠ ལྷག་ཙམ་ཞིག་ཤིང་ཅང་ལྟ་བུའི་བཙན་ཤེད་ཀྱིས་ངལ་རྩོལ་ལས་གྲྭར་བསྡུ་སྐོང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག
གཉན་རིམས་ཀྱིས་རྐྱེན་པའི་འཕྲལ་སེལ་གཞིས་སྤོ་བ་རྣམས་ལ་ལས་ཀ་འཚོལ་བར་འགོག་རྐྱེན་སྣོན་མ་འཕྲད་བཞིན་ཡོད་འདུག 25.09.2020 9:44
ཨོ་སི་ཊོ་ལི་ཡའི་དངུལ་ཁང་ཨ་མ་ལ་གཞིགས་ན། ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པའི་འདི་ལོའི་ལོ་མཇུག་བར་ལས་མེད་པའི་བརྒྱ་ཆ་བཅུ་ཙམ་འཕར་ཉེན་ཡོད་འདུག་པས། ཨོ་སི་ཊོ་ལི་ཡའི་མི་སེར་ཙམ་མ་ཟད། ལྷག་པར་དུ་འཕྲལ་སེལ་གཞིས་སྤོ་བ་རྣམས་ལ་ལས་ཀ་འཚོལ་བར་སྔར་ལས་དཀའ་ལས་ཁག་བ་འགྱུར་ཉེན་ཡོད་འདུག
ཨོ་སི་ཊོ་ལི་ཤི་ཡའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་ཐུབ་བསྟན་དོན་གྲུབ་ལགས། 23.09.2020 15:32
ཨོ་སི་ཊོ་ལི་ཡ་དང་ལྷོ་ཤར་ཨེ་ཤེ་ཡ་ཁུལ་སོགས་ཀྱི་ཕྱི་ལོ་ ༢༠༢༡ དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་བཞེངས་མཁན་རྒན་ཐུབ་བསྟན་དོན་གྲུབ་ལགས་མཉམ་དུ། ཁོ་རང་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་དམིགས་ཡུལ་དང་། ལས་འཆར་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ།
ཨོ་སི་ཊོ་ནི་ཤི་ཡའི་སྤྱི་འཐུས་འོས་མི་ཁང་གསར་བསྟན་འཛིན་བློ་བཟང་ལགས་སུ་བཅར་འདྲི། 18.09.2020 17:21
མེལ་བྷོན་ནང་གནས་སྡོད་བོད་མི་ཁང་གསར་བསྟན་འཛིན་བློ་བཟང་ལགས་ཀྱིས། ཁོང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་ནས་ཐོབ་པ་ཡིན་ན་བོད་མིའི་འཐབ་རྩོད་དང་ཞུ་གཏུག ནུས་སྟོབ་གོང་འཕེལ། མི་མང་གི་བདེ་སྡུག་གསུམ་ཐོག་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་སོང་།
ཨོ་སི་ཊོ་ལི་ཡའི་གཞུང་གིས་མི་སེར་རྒྱུགས་སྤྲོད་བསྐྱར་བཅོས་བྱས་པ། 18.09.2020 5:48
ལོ་བཅུ་ལྷག་རྗེས་ཨོ་སི་ཊོ་ལི་ཡའི་མི་སེར་རྒྱུགས་སྤྲོད་བསྐྱར་བཅོས་ཀྱིས། ཨོ་སི་ཊོ་ལི་ཡའི་མི་སེར་ཆགས་འདོད་པ་ཡོངས་ཀྱིས་སྨྲ་བརྗོད་རང་དབང་དང་། ཐོབ་ཐང་འདྲ་མཉམ་སོགས་མང་གཙོའི་ལམ་ལུགས་སྐོར་ཤེས་རྟོགས་ལེགས་པོ་དགོས་ཡོད་པ་ཡིན་འདུག
ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ཚོང་ལས་ཆུང་ཁག་ལ་ཤུགས་རྐྱེན་དང་གྱོང་གུད། 16.09.2020 2:37
ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འདི་ལོ་ཕྱི་ཟླ་ ༣ པ་ནས་ ༦ པ་བར་ཨོ་སི་ཊོ་ལི་ཡའི་ཚོང་ལས་ཆུང་ཁག་བརྒྱ་ཆ་ ༥༦ ཙམ་ལ་གྱོང་གུད་ཕོག་ཡོད་པ་དང་། ནེའུ་ཛི་ལན་ཌི་དང་བསྡུར་ན་བརྒྱ་ཆ་ ༧༦ དང་དབྱིན་ཡུལ་བསྡུར་ན་བརྒྱ་ཆ་ ༥༢ ཆགས་ཡོད་འདུག
ཨོ་སི་ཊོ་ལི་ཡ་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལེགས་བཅོས་ལག་བསྟར་དགོས་པའི་འབོད་སྐུལ། 11.09.2020 2:48
ཕྱི་ཟླ་ ༩ ཚེས་ ༧ ཉིན་ནི་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སེམས་ཅན་འཇིག་ཉེན་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་བྱས་ཡོད་ཅིང་། ཉིན་དེར་ཨོ་སི་ཊོ་ལི་ཡའི་ནང་ལས་རིགས་འདྲ་མིན་གྱི་མི་མང་མང་པོ་ཞིག་སྲུང་བརྩི་ཉིན་མོར་མཉམ་ཞུགས་དང་། ཨོ་སི་ཊོ་ལི་ཡ་གཞུང་ལ་འཇིགས་ཉེན་ཡོད་པའི་སྐྱེ་དངོས་སེམས་ཅན་སྲུང་སྐྱོབ་ཐད་ཁྲིམས་ལུགས་ལེགས་བཅོས་དང་ཛ་དྲག་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་འདུག
རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཨོ་སི་ཊོ་ནི་ཤི་ཡ་ཁུལ་གྱི་སྤྱི་འཐུས་འོས་མིར་ལང་བ། 09.09.2020 14:48
ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་སྡོད་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཁོང་ཉིད་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡ་ཁུལ་གྱི་སྐབས་བཅུ་བདུན་པའི་བོད་མིི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུ་ཡིན་སྐོར་གསལ་བསྒྲགས་འགྲེལ་བརྗོད་གནང་སོང་།
ཁྱེད་ཀྱིས་ཉེན་ཁ་མེད་པའི་སྒོ་ནས་སྨན་སྤྱོད་ཀྱི་ཡོད་དམ། 04.09.2020 4:09
ཉེ་ཆར་འཕྲོད་བསྟེན་ལས་འགུལ་གསར་པ་ཞིག་གི་བརྒྱུད་རིག་གཞུང་དང་སྐད་རིགས་སྣ་མང་གི་ཚོགས་སྡེ་ཁང་ནང་ཉེན་ཁ་མེད་པའི་སྒོ་ནས་སྨན་སྤྱོད་ཚུལ་སྐོར་གོ་རྟོགས་སྤེལ་བཞིན་ཡོད་འདུག འཕྲོད་བསྟེན་ལས་འགུལ་བ་ཚོས་སྤྱི་ཚོགས་ནང་སྨན་སྤྱོད་སྟངས་ཀྱི་དཀའ་ངལ་ཞིག་ཡོད་པ་གསལ་ཁ་འདོན་ཡོད་འདུག
ཏོག་དབྱིབས་གཉན་རིམས་སྐབས་སུ་རང་ཉིད་ཀྱི་རྒན་བཅོལ་མ་དངུལ་སྔོན་འདོན་གནང་ཕྱོགས། 04.09.2020 8:56
ཏོག་དབྱིབས་གཉན་རིམས་ཀྱིས་དཔལ་འབྱོར་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པས་རྐྱེན་གྱིས་ཨོ་སི་ཊོ་ལི་ཡའི་མི་མང་ས་ཡ་གསུམ་ལྷག་ཙམ་གྱིས་རང་ཉིད་ཀྱི་རྒན་བཅོལ་མ་དངུལ་ལ་བརྟེན་དགོས་པ་འགྱུར་ཡོད་འདུག མཁས་པའི་ལམ་སྟོན་ལ་གཞིགས་ན། རང་ཉིད་ཀྱི་རྒན་བཅོལ་མ་དངུལ་སྔ་འདོན་མ་གནང་གོང་ལ་དེ་ནི་ཐབས་ལམ་ཡག་ཤོས་ཤིག་ཡིན་མིན་བསྐྱར་ཞིབ་གནང་དགོས་སྐོར་ལམ་སྟོན་གནང་ཡོད།
གདོང་འདུས་སྐྱིད་འཛོམས་ལགས་ ༢༠༢༡ ལོའི་སྤྱི་འཐུས་འོས་མིར་ལང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་གསུངས་སོང་། 02.09.2020 10:20
ཨོ་སི་ཊོ་ལི་ཡ་དང་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་། ཁོ་མོ་ཕྱི་ལོ་ ༢༠༢༡ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལང་རྒྱུའི་འཆར་གཞི་ཡོད་མེད་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ།
ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་རྒྱལ་དང་ཚོང་འབྲེལ་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག 28.08.2020 4:22
ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་སྲིད་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་གི་འོག རྒྱལ་ཁབ་ཀྱི་རང་དབང་སྲུང་ཆེད་ཕྱིའི་རྒྱལ་ཁབ་ཀྱི་གཞུང་དང་། མངའ་སྡེའི་གཞུང་། ས་གནས་ཀྱི་འཛིན་སྐྱོང་། མཐོ་སློབ་སོགས་ཀྱི་བར་ཡོད་བཞིན་པའི་ཚོང་འབྲེལ་ཁག་ལ་སྐྱར་ཞིབ་གནང་འཆར་ཡོད་འདུག
ཟང་ཟིང་ཆེ་བའི་དུས་སྐབས་སུ་དངུལ་རྩིས་འཆར་གཞི་གནང་ཕྱོགས་སྐོར་ལམ་སྟོན། 28.08.2020 7:57
ཉེ་ཆར་གནས་ཚུལ་རྟོགས་ཞིབ་གནང་བར་གཞིགས་ན། ཏོག་དབྱིབས་གཉན་རིམས་སྐབས་འཕྲལ་སེལ་གྱི་གཞིས་སྤོ་བ་ཧ་ཅང་མང་པོ་ཞིག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། རྟོགས་ཞིབ་དེའི་ནང་མཉམ་ཞུགས་གནང་མཁན་གཞིས་སྤོ་བ་བརྒྱ་ཆ་༨༧ ཙམ་ཞིག་གིས་ཁོང་ཚོར་བདུན་ཕྲག་རེའི་འགྲོ་གྲོན་འདངས་ངེས་མེད་པ་དང་། ཡང་མི་བརྒྱ་ཆ་ ༤༣ ཙམ་ཞིག་གིས་ཁོང་ཚོར་ཟ་མ་རྒྱུན་ལྡན་ལྟར་བཟའ་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་འདུག
ཏོག་དབྱིབས་གཉེན་རིམས་སྐབས་རྒན་རྒོན་ལྟ་སྐྱོང་ཁང་ཁག་གི་གནས་སྟངས། 21.08.2020 9:07
སྦི་ཊོ་རི་ཡའི་རྒན་རྒོན་ལྟ་སྐྱོང་ཁང་ཁག་གི་ནང་ཏོག་དབྱིབས་ནད་དུག་གི་རྐྱེན་རྒན་རྒོན་བརྒྱ་ལྷག་ཅིག་གི་ཚེ་སྲོག་ཤོར་ཡོད་འདུག་པས། ཉམས་མྱོང་འདིའི་བརྒྱུད་རྒན་རྒོན་དེ་དག་གི་ནང་མི་སྤུན་མཆེད་རྣམས་ལ་མ་འོངས་པར་རྒན་གསོ་ཁང་ཇི་ལྟར་གདམ་དགོས་མིན་གྱི་སློབ་གསོ་ལེགས་པོ་ཐེབས་ཡོད་འདུག
ཨོ་གླིང་ནང་ནད་ཡམས་སྐབས་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་གྱི་གནས་ཚུལ་ཇེ་མང་དུ་ཕྱིན་པ། 21.08.2020 4:30
ཉེ་ཆར་ཨོ་སི་ཊོ་ལི་ཡའི་འགྲན་བསྡུར་དང་ཉེར་སྤྱོད་བརྟག་ཞིབ་ལྷན་ཚོགས་ (ACCC) ཀྱིས་ཏོག་དབྱིབས་ནད་ཡམས་སྐབས་མི་མང་པོ་ཞིག་མགོ་སྐོར་དང་བསླུ་བྲིད་འོག་ཚུད་བཞིན་ཡོད་པའི་ཉེན་བརྡ་བཏང་གནང་འདུག་པ་དང་། འདི་ལོ་བསླུ་བྲིད་པ་ཚོས་མི་གཞན་གྱི་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་གྱིས་གཞུང་གི་ནད་ཡམས་སྐབས་གནང་བའི་དཔལ་འབྱོར་རོགས་དངུལ་དང་རྒན་བཅོལ་གསོག་དངུལ་གཡོ་ལེན་བྱེད་བཞིན་ཡོད་འདུག
ཏོག་དབྱིབས་ནད་ཡམས་སྐབས་སུ་བཟའ་ཟླའི་མཐོང་ཆེན་ལག་ཁྱེར་གྱི་བརྒྱུད་རིམ། 14.08.2020 6:17
རྒྱལ་སྤྱིའི་འགྲུལ་བཞུད་དམ་དྲག་གི་རྐྱེན་པས་བཟའ་ཟླའི་མཐོང་ཆེན་ལག་ཁྱེར་གྱི་སྙན་ཞུའི་བརྒྱུད་རིམ་འགོར་ཡུན་སྔར་ལས་རིང་བ་ཆགས་ཡོད་འདུག ཨོ་སི་ཊོ་ལི་ཡའི་གཞིས་སྤོའི་སྟེ་གནས་ཁང་གི་གནས་ཚུལ་གཞིགས་ན། ལོ་སྔོན་མའི་ནང་བཟའ་ཟླའི་མཐོང་མཆེན་ལག་ཁྱེར་སྙན་ཞུ་འབུལ་མི་ཕྱེད་ཀ་ཙམ་ལ་མ་གཏོགས་མཐོང་མཆེན་ལག་ཁྱེར་རག་མེད་པ་རེད་འདུག
Similar podcasts
Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.