SBS
SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Where to listen?
Podcasts in the app Replaio Radio Coming soonPodcasts are coming to the app soon. Install now and be the first to see a whole new take on podcasts
Episodes
མེ་སྐྱོན་སྐབས་རང་ཉིད་ཀྱི་བདེ་འཇགས་དང་ས་ཁང་སྲུང་སྐྱོབ་ཆེད་གྲ་སྒྲིགས་ཇི་ལྟར་བྱེད་དགོས་སམ། 18.12.2020 7:05
མེ་སྐྱོན་ཤོར་སྐབས་རང་ཉིད་ཀྱི་ཚེ་སྲོག་དང་ས་ཁང་ལ་ཉེན་ཁ་ཆུང་བ་ཡོང་ཆེད་གྲ་སྒྲིག་སྔ་ས་ནས་བྱེད་དགོས་པ་ཡིན། ཆེད་མཁས་པ་རྣམས་ཀྱིས་མེ་སྐྱོན་གྱི་ཉེན་ཁ་ཆེ་སར་གནས་སྡོད་མཁན་མི་ཚང་མས་མེ་སྐྱོན་ཛ་དྲག་བྱུང་ཚེ་འཆར་གཞི་ཞིག་སྔ་ས་ནས་གྲ་སྒྲིགས་གནང་དགོས་པའི་ལམ་སྟོན་གནང་འདུག
སིཌ་ནིའི་བྱང་ཕྱོགས་མཚོ་མཐའི་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་ ༢༨ ཐོན་ཡོད་པས་དམ་སྒྲགས་བྱེད་བཞིན་པ། 18.12.2020 3:34
སིཌ་ནིའི་བྱང་ཕྱོགས་མཚོ་མཐའི་ཁུལ་དུ་ཏོག་དབྱིབས་ནད་པ་ཇེ་མང་ཐོན་བཞིན་ཡོད་པར་བརྟེན་ས་ཁུལ་དེར་གནས་སྡོད་མི་མང་ཡོངས་ལ་དགོས་ངེས་ཅན་གྱི་ལས་དོན་ཡོད་ན་མ་གཏོགས་ཉིན་གསུམ་རིང་རང་ཉིད་ཀྱི་ཁྱིམ་ནས་ཕྱིར་བསྐྱོད་མ་གནང་རོགས་ཞེས་གསལ་བསྒྲགས་གནང་ཡོད་འདུག
ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པར་ཁོང་གི་དོན་གཅོད་གསར་པའི་ལས་འཁུར་སྐོར་བཅར་འདྲི། 16.12.2020 11:37
ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚམས་ལགས་དང་། བོད་མི་སྒྲིག་འཛུགས་ནས་ཉེ་ཆར་ཁོང་ཉིད་ཐའེ་ཝན་སྐུ་ཚབ་དོན་གཅོད་བསྐོ་བཞག་གནང་གཏན་འཁེལ་ཡོད་པ་དེའི་སྐོར་བཅར་གླེང་མོལ་ཞུས་པ།
དང་བླངས་མེ་གསོད་བ་ཐོ་འགོད་བྱེད་སྟངས། 11.12.2020 6:30
མེ་གསོད་མཁན་རྣམས་ལ་ཉིན་ལྟར་ལས་ཀའི་སྐབས་སྟབས་མི་ལེགས་པའི་རྐྱེན་ངན་འཕྲད་སྲིད་པ་ཡིན་ཡང་། ཨོ་སི་ཊོ་ལི་ཡའི་ནང་མེ་སྐྱོན་ལས་སྲུང་སྐྱོབ་ཆེད་དུ་དང་བླངས་བའི་མེ་གསོད་མཁན་རྣམས་ལ་བརྟེན་ནས་ཡོད། དེར་བརྟེན་མེ་གསོད་མཁན་ཆེད་ཐོ་འགོད་ཇི་ལྟར་བྱེད་དགོས་སམ།
ཨོ་སི་ཊོ་ལི་ཡའི་དབྱར་དུས་སུ་ཚ་རླབས་ཀྱི་རྐྱེན་པའི་ལུས་པགས་ལ་གནོད་སྐྱོན། 11.12.2020 7:23
སྤྱིར་འདི་ལོའི་དབྱར་དུས་སུ་ཆར་ཆུ་གང་འཚམ་ཞིག་འབབ་རྒྱུའི་སྔོན་བརྡ་བཏང་ཡོད་ཀྱང་། གནམ་གཤིས་སྔོན་བརྡ་ལས་ཁུངས་ལ་གཞིགས་ན། འདི་ལོར་ཚ་རླབས་ཀྱང་རྒྱུན་རིང་གནས་ཀྱི་ཡོད་འདུག དེར་བརྟེན་ཆེད་མཁས་པ་ཚོས་མི་ཚང་མར་ཉི་མའི་ཚ་དྲོད་དང་འབྲེལ་བའི་འཕྲོད་བསྟེན་དཀའ་ངལ་མི་ཡོང་བའི་ཆེད་སྔོན་འགོག་བྱེད་དགོས་པའི་ལམ་སྟོན་གནང་འདུག
འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སིཌ་ནི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད། 10.12.2020 3:43
༧གོང་ས་མཆོག་ལ་ནོ་བྷེ་ཞི་བདེའི་གཟེངས་རྟགས་འབུམ་བཞེས་མཛད་ནས་ལོ་ངོ་ ༣༡ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སིཌ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་སོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་གི་སྐྱབས་བཅོལ་བ་ཚོས་རེ་བཟང་ཕུགས་བཅོལ་བྱེད་པ། 05.12.2020 4:21
སྙན་མཐོ་གསར་པ་ཞིག་ལ་ལྟར་ན་སི་རི་ཡཱ་དང་། ཨི་རག ཨ་ཕི་གྷ་ནི་སི་ཐན་སོགས་ནས་ཡིན་པའི་སྐྱབས་བཅོལ་བ་རྣམས་ཨོ་སི་ཊོ་ལི་ཡའི་ནང་གཞིས་ལེགས་པར་ཆགས་ཡོད་པ་ཐོན་ཡོད་འདུག རྟོགས་ཞིབ་འདིའི་ཁྲོད་དུ་བཅར་འདྲི་བྱེད་པའི་སྐྱབས་བཅོལ་བ་རྣམས་ལས་མི་གྲངས་བཞི་ཆ་གསུམ་ཙམ་གྱིས་ཁོང་ཚོའི་འཚོ་བ་གསར་པ་སྐྱིད་པོའི་ངང་སྐྱེལ་བཞིན་ཡོད་པ་འགྲེལ་བརྗོད་བྱས་འདུག
རྒྱ་གཞུང་གིས་ Twitter ཐོག་ཨོ་གླིང་གི་དམག་མིའི་པར་རྫུན་མ་ཞིག་འགྲེམ་སྤེལ་བྱས་པར་སྲིད་བློན་མཆོག་གིས་སྐྱོན་བརྗོད་བྱས་པ། 01.12.2020 4:31
ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས། Scott Morrison མཆོག་གིས།རྒྱ་ནག་གཞུང་གིས་ Twitter ཐོག་ཨོ་གླིང་གི་དམག་མི་ཞིག་གིས་ཨ་ཕི་གྷ་ནི་སི་སི་ཐན་གྱི་ཕྲུ་གུ་གསོད་བཞིན་པའི་པར་རྫུན་མ་དེ་འདྲ་ཞིག་འགྲེམ་སྤེལ་བྱས་ཡོད་པ་འདི་ནི། ཕོག་ཐུག་ཅན་དང་། ཞེ་ལོག་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
ཟུར་བཀག་སྐབས་དུས་ཆེན་སྲུང་བརྩི་གནང་འཆར། 27.11.2020 7:06
ཕྱི་ལོ་ ༢༠༢༠ ལོར་ནང་མི་ལྷན་འཛོམས་དང་། ཆོས་རིག་གི་དུས་སྟོན་ཁག་སྲུང་བརྩི་བྱེད་པར་ས་གནས་སོ་སོའི་འགྲུལ་བཞུད་དམ་བསྒྲགས་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་དང་མཐུན་པ་ཞིག་བྱེད་དགོས་པར་བརྟེན། ད་ཆ་དམ་བསྒྲགས་ལྷོད་ཡང་འགྲོ་བཞིན་ཡོད་པས་མི་མང་དག་ཅིག་གིས་སོ་སོའི་ནང་མི་སྤུན་མཆེད་དང་ལྷན་འཛོམས་ཡོང་བར་རེ་སྒུག་བྱེད་བཞིན་པ་དང་། ཡང་མི་འགའ་ཤས་ཀྱིས་ཐབས་ལམ་ གསར་པའི་བརྒྱུད་དུས་ཆེན་སྲུང་བརྩི་གནང་འཆར་ཡོད་འདུག
ཨོ་གླིང་གནས་སྡོད་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ Grammy རོལ་དབྱངས་གཟེངས་རྟགས་འོས་མིར་འདེམས་པ། 27.11.2020 5:50
གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས། ལོ་ངོ་ ༣༥ རིང་རོལ་དབྱངས་ཀྱི་སྒྱུ་རྩལ་ཁྲོད་བོད་པའི་རིག་གཞུང་དང་ལོ་རྒྱུས་རྒྱལ་སྤྱིའི་ནང་སྤེལ་ཐབས་སུ་འབད་བརྩོན་གནང་ཡོད་པ་དང་། འདི་ལོར་ཁོང་གི་གླུ་གཞས་འཁོར་སྡེར་ ‘བར་དོ་ལས་གླུ་གཞས་’ ཞེས་པ་དེ་ Grammy རོལ་དབྱངས་གཟེངས་རྟགས་འོས་མིར་འདེམས་སྒྲུགས་གནང་བར་ཁོང་ཉིད་དགའ་སྤོབས་ཚད་མེད་བྱུང་སོང་ཞེས་གསུངས་སོ།
རང་ཉིད་ཀྱི་ངོ་རྟགས་ལག་ཁྱེར་ཐོག་ལོ་བཅུ་ལྷག་ཆུང་བ་འཁོད་ཡོད་པ། 20.11.2020 4:34
ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་གིས་ཐོག་མར་རྒྱ་གར་དུ་སྐྱབས་བཅོལ་ཞུས་སྐབས་རང་ཉིད་ཀྱི་ལོ་བཅག་དགོས་བྱུང་བར་བརྟེན། ད་ཆ་ཨོ་སི་ཊོ་ལི་ཡའི་ནང་སྐྱེས་ལོ་སྐྱེས་ཚེས་བསྒྱུར་བར་དཔང་རྟགས་ཡིག་ཆ་སྟོན་རྒྱུ་མེད་པས་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད་འདུག
སྟབས་བདེའི་ལས་ཀ་བཀོད་སྒྲིག་གནང་ཕྱོགས། 20.11.2020 9:02
ཏོག་དབྱིབས་གཉེན་རིམས་ཀྱིས་རྐྱེན་པའི་ཚོང་ལས་ཁག་གི་ལས་ཀ་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱས་པའི་ཐོག་བཀོད་སྒྲིག་གསར་པ་གནང་དགོས་པ་ཆགས་ཡོད་འདུག ད་ཆ་ལས་མི་རྣམས་སྟབས་བདེའི་ལས་ཀ་གནང་ཕྱོགས་ཀྱི་ལམ་སྲོལ་དེ་མ་འོངས་པར་མུ་མཐུད་འཆར་ཡོད་པས། ལས་གནས་ཚོས་ལས་བྱེད་པའི་བདེ་འཇགས་དང་མཉམ་ཞུགས་ལྷུག་པོ་ཡོང་ཆེད་སྟངས་འཛིན་ཇི་ལྟར་བྱེད་དགོས་པའི་འཆར་གཞི་སྒྲིག་བཞིན་པ་ཡིན་འདུག
ཝི་ཊོ་རི་ཡས་མི་མང་གི་སྡོད་ཁང་ཆེད་དུ་མ་དངུལ་ཨོ་སྒོར་ཐེར་འབུམ་ ༥་༣ འགྲོ་གྲོན་གཏང་འཆར་ཡོད་འདུག 18.11.2020 4:23
ཝི་ཊོ་རི་ཡ་མངའ་སྡེ་གཞུང་གིས་མི་མང་གི་སྡོད་ཁང་ཆེད་དུ་མ་དངུལ་ཨོ་སྒོར་ཐེར་འབུམ་ ༥་༣ འགྲོ་གྲོན་གཏང་འཆར་ཡོད་སྐོར་གསལ་བསྒྲགས་གནང་འདུག་པ་དང་། མ་དངུལ་དེས་མི་མང་གི་སྡོད་ཁང་གྲངས་ ༡༢༠༠༠ ཙམ་འཛུགས་སྐྲུན་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་འདུག
ཨོ་གླིང་གཞུང་གིས་ལས་འཚོལ་བར་རོགས་དངུལ་སྤྲད་པའི་དུས་ཡུན་རིང་དུ་བཏང་བ། 12.11.2020 5:15
ཨོ་སི་ཊོ་ལི་ཡའི་གཞུང་གིས་ལས་འཚོལ་བ་རྣམས་ལ་ཏོག་དབྱིབས་གཉེན་རིམས་ཀྱི་གནས་སྐབས་སུ་རོགས་དངུལ་སྣོན་མ་ཨོ་སྒོར་ ༢༥༠ སྤྲད་གནང་གི་ཡོད་པ་དེ་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་བར་མུ་མཐུད་སྤྲད་རྒྱུ་ཡིན་ནའང་། རོགས་དངུལ་མང་ཉུང་གི་ཚད་འགྱུར་བ་གཏང་འཆར་ཡོད་འདུག
མཐུན་རྐྱེན་གསར་པ་བསྐྲུན་ནས་གདོད་མའི་མི་རིགས་ཀྱི་སྐད་ཡིག་ཉར་ཚགས་བྱེད་ཐབས། 09.11.2020 4:49
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་སའི་གདིང་ཆ་ཞིག་གི་བརྒྱུད། ས་སྐྱེས་རྡོ་སྐྱེས་མི་རིགས་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་རྒྱུན་འཛིན་གནང་ཐབས་སུ་མེལ་སྦོན་གཙུག་ལག་སློབ་གཉེར་ཁང་གིས་དྲ་ཐོག་གི་ལས་འཆར་ཞིག་གི་བརྒྱུད། གདོད་མའི་མི་རིགས་ཀྱི་སྐད་མི་འདྲ་བ་ཁག་སྦྱང་རྒྱུ་ཡོད་པ་དེ་བསྐྱར་གཅོས་ཀྱིས་ཡར་རྒྱས་གཏང་འཆར་ཡོད་འདུག
རྒྱ་ནག་གིས་ཨོ་གླིང་ནས་ཨོ་སྒོར་ཐེར་འབུམ་དྲུག་ཙམ་གྱི་ཚོང་དངོས་ཕྱིར་འདྲེན་བཀག་སྡོམ་བྱ་རྒྱུ་ཡིན་འདུག 06.11.2020 3:52
རྒྱ་ནག་གཞུང་གི་སྟངས་འཛིན་བྱེད་པའི་གསར་ཤོག་ཞིག་གི་ནང་དེ་རིང་ནས་བཟུང་ཨོ་སི་ཊོ་ལི་ཡའི་ཚོང་ལས་རིགས་བདུན་ལས་རྒྱ་ནག་ལ་ཚོང་དངོས་ཕྱིར་འདྲེན་བཀག་སྡོམ་བྱ་རྒྱུ་ངེས་བརྟེན་ཡིན་པའི་སྐོར་བཀོད་ཡོད་འདུག། དེ་ཡང་།རྒུན་ཆང་དང་། ཟངས། ནས་འབྲུ། གདུང་ཤིང་སོགས་ཀྱི་ཚོང་ལས་ལ་ཤུགས་རྐྱེན་འབྱུང་གི་ཡོད་འདུག
གྲོང་སྡེ་ཝ་སྒའི་ནང་བོད་པའི་མོག་མོག་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག 06.11.2020 13:02
སྦྱིན་པ་རྒྱ་མཚོ་ལགས་ཀྱིས། ས་མཐའ་ཁུལ་གྱི་གྲོང་སྡེ་ཝ་སྒ་ཝ་སྒར་བོད་པའི་སྐོར་གོ་རྟོགས་ཡོད་མཁན་མི་མང་ཉུང་ཤས་ཤིག་ཡིན་ཡང་བོད་པའི་མོག་མོག་ལ་དགའ་པོ་གནང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་མ་ཐོན་པར་ཉིན་གྲངས་ ༤ ཕྱིན་ཡོད། 04.11.2020 4:03
དེ་སྔོན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་མང་ཤོས་ཐོན་ས་ཝི་ཊོ་རི་ཡ་མངའ་སྡེའི་ནང་། འདས་པའི་ཉིན་གྲངས་ ༤ ཡི་ནང་ནད་པ་གསར་པ་དང་། ཏོག་དབྱིབས་ན་ཚའི་རྐྱེན་པས་འཆི་སྐྱོན་གང་ཡང་བྱུང་མེད་པ་རེད།
Tibetan: The Uluru Statement from the Heart 04.11.2020 4:28
ཕྱི་ལོ་ ༢༠༡༧ ལོར་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷི་རི་ཇི་ནར་དང་། ཊོ་རི་སིཊ་མཚོ་གླིང་པའི་མི་རིགས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་རྒྱལ་ཡོངས་གདོད་མའི་རྩ་ཁྲིམས་ལྷན་ཚོགས་སྐབས་‘ཨུ་ལུ་རུ་སེམས་ཀྱི་བསྒྲགས་གཏམ།’ཞེས་པ་དེ་གྲོས་མཐུན་བཞག་ཡོད་པ་རེད། བསྒྲགས་གཏམ་དེའི་ནང་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་ནང་གདོད་མའི་མི་རིགས་ལ་བརྩི་འཇོག་བྱེད་པའི་སྒོ་ནས་གནད་དོན་གསུམ་གྱི་ཐོག་རྩ་ཁྲིམས་ལ་སྒྱུར་བཅོས་གཏང་དགོས་པ་ནི། བསམ་ཚུལ་དང་། གྲོ...
ཁུན་སི་ལན་ཌིས་སིཌ་ནི་དང་ཝི་ཊོ་རི་ཡར་ས་མཚམས་སྒོ་མ་ཕྱེས་པས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོགས་སྡེ་ཁག་སེམས་འཚབ་གནང་བཞིན་ཡོད་འདུག 31.10.2020 4:55
ཁུན་སི་ལན་ཌི་མངའ་སྡེས་ཕྱི་ཟླ་ ༡༡ པའི་ཚེས་ ༣ ནས་བཟུང་ནིའུ་སོཌ་ཝལ་གྱི་ས་མཐའ་ཁུལ་ཁག་ལ་ས་མཚམས་སྒོ་ཕྱེས་ཀྱི་ཡོད་ཀྱང་། སི་ནིའི་ས་ཁུལ་དང་སྦི་ཌོ་རི་ཡའི་མངའ་སྡེར་མུ་མཐུད་ས་མཚམས་སྒོ་ཕྱེས་མེད་པས། ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་ཚོགས་སྡེ་ཁག་གིས་ས་གནས་སོ་སོའི་ཚོང་ལས་རྣམས་སླར་གསོ་ཡོང་མི་ཐུབ་པའི་སེམས་འཚབ་གནང་བཞིན་ཡོད་འདུག
ལུས་སེམས་བདེ་ཐང་ཅན་རྣམས་ཀྱི་གོམས་གཤིས་བཟང་པོ། 30.10.2020 7:42
ཏོག་དབྱིབས་གཉེན་རིམས་སྐབས་སུ་མི་མང་པོ་ཞིག་ལུས་སེམས་མི་བདེ་བ་གྱུར་ཡོད་ཀྱང་མི་འགའ་ཞིག་ལུས་སེམས་བདེ་ཐངས་ངང་གནས་ཡོད་པ་ཡིན་འདུག དེ་ཡང་མི་དེ་དག་གིས་གོམས་གཤིས་བཟང་པོར་བརྟེན་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་ལ་ཕན་ནུས་ཐོན་ཡོད་པ་ཡིན་འདུག
ཨོ་གླིང་བོད་ཀྱི་ན་གཞོན་མཐུན་ཚོགས། 28.10.2020 12:05
ཨོ་གླིང་བོད་ཀྱི་ན་གཞོན་མཐུན་ཚོགས་ Ausralia Tibetan Youth Association སྐོར་ཨོ་གླིང་བོད་ཀྱི་ན་གཞོན་མཐུན་ཚོགས་ཀྱི་འགན་འཁུར་བ་མགོན་པོ་བཀྲིས་ལགས་དང་བཅར་འདྲི་གླེང་མོལ་ཞུས་པ།
ཏོག་དབྱིབས་གཉེན་རིམས་སྐབས་ས་ཁང་གི་ཁྲོམ་རར་ཤུགས་རྐྱེན། 23.10.2020 8:16
ཏོག་དབྱིབས་གཉེན་རིམས་ཀྱི་རྐྱེན་པའི་ས་ཁང་གི་ཁྲོམ་རར་འགྱུར་ལྡོག་ཆེན་པོ་འགྲོ་ཡོད་པས། རྒན་གསོ་ཞུ་མཁན་མི་མང་དག་ཅིག་གིས་རང་ཉིད་རྒན་གསོ་ཞུ་རྗེས་སྡོད་ཁང་འཆར་སྒྲིགས་གནང་ཕྱོགས་ལ་ཡང་འགྱུར་བ་འགྲོ་ཡོད་འདུག ཏོག་དབྱིབས་ནད་ཡམས་ཡོད་བཞིན་པ་དང་ཡང་དེ་རྗེས་སུ་ས་ཁང་གི་ཁྲོམ་རའི་གནས་སྟངས་ཇི་ལྟར་ཞིག་ཡོང་ངམ།
ཨོ་གླིང་དང་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་འཐུས་འོས་མི་དགོ་ཚང་ནི་རྒན་ལགས་དང་གླེང་མོལ། 23.10.2020 11:55
རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་འོས་མིར་ལངས་མཁན་དགོ་ཚང་ནི་རྒན་ལགས་སུ་ཁོང་གི་འབོད་སྒྲ་ “སྲིད་བྱུས་གཅིག་དང་ལས་འགན་གཉིས་ཡོད།” ཅེས་པའི་སྐོར་བཅར་འདྲི།
ཏོག་དབྱིབས་ནད་དུག་གི་དཀའ་ངལ་འོག་ཕྱི་ལོ་ ༢༠༢༠ ལོའི་སློབ་ཕྲུག་གི་ལོ་འཇུག་ཡིག་རྒྱུགས་འགོ་འཛུགས། 21.10.2020 5:31
འཛམ་གླིང་གི་ས་ཕྱོགས་གང་སར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཤུགས་ཆེ་སྤྲད་བཞིན་པའི་དུས་སྐབས་འདིར། ཨོ་སི་ཊོ་ལི་ཡའི་ནེའུ་སོ་ཐི་ཝལ་མངའ་སྡེའི་ཁྱོན་དུ། ཏོག་དབྱིབས་ནད་དུག་སྔོན་འགོག་དམ་དྲག་དཀའ་ངལ་འོག ཕྱི་ལོ་ ༢༠༢༠ ལོའི་ལོ་འཇུག་ཡིག་རྒྱུགས་འགོ་འཛུགས་གནང་ཡོད་པ་རེད།
Similar podcasts
Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.