SBS
SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Where to listen?
Podcasts in the app Replaio Radio Coming soonPodcasts are coming to the app soon. Install now and be the first to see a whole new take on podcasts
Episodes
རང་ཉིད་ཀྱི་རྒན་བཅོལ་གསོག་དངུལ་ (Superfund) སྟངས་འཛིན་ཇི་ལྟར་བྱེད་དགོས་སམ། 14.08.2020 20:09
རྒན་བཅོལ་གསོག་དངུལ་ (Superfund) ཆེད་ལས་རྩིས་པ་སྐལ་བཟང་ཡོན་ཏན་ལགས་ཀྱིས། རྒན་བཅོལ་བཅུག་ཁྲ་ཅིག་ཏུ་བསྡུས་ན་དགེ་མཚན་ཆེ་བ་ཡོད་པ་དང་། རྒན་བཅོལ་བཅུག་ཁྲ་མི་འདྲ་བའི་བར་ཁྱད་པ་གང་ཡོད་མེད་འགྲེལ་བརྗོད།
ཝི་ཊོ་རི་ཡའི་ནང་ཉིན་གཅིག་ནང་མི་གྲངས་ ༡༩ འདས་གྲོངས། 12.08.2020 3:30
ཉེ་ཆར་རེས་གཟའ་ཟླ་བ་ཉིན་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཝི་ཊོ་རི་ཡའི་མངའ་སྡེའི་ནང་མི་གྲངས་ ༡༩ འདས་གྲོངས་སུ་ཕྱིན་པ་དེ། ད་བར་ཨོ་སི་ཊོ་ལི་ཡའི་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད།
ཡུལ་སྐོར་བ་དང་འབྲེལ་བའི་ཚོང་ལས་ཁག་ནང་ལས་ཀ་ཤོར་མཁན་མང་ཤོས་ཆགས་པ། 07.08.2020 3:37
ཨོ་སི་ཊོ་ལི་ཡའི་ Bureau of Statistics ལ་གཞིགས་ན་ཏོག་དབྱིབས་ནད་ཡམས་དང་། ཨོ་སི་ཊོ་ལི་ཡའི་ནང་མེ་སྐྱོན་ཚབ་ཆེན་ཤོར་བར་བརྟེན་ཡུལ་སྐོར་བ་དང་འབྲེལ་ཡོད་པའི་ཚོང་ལས་ཁག་ནང་ལས་ཀ་ཤོར་མཁན་མང་ཤོས་བྱུང་ཡོད་འདུག ལྷག་པར་དུ་ཝི་ཊོ་རི་ཡ་མངའ་སྡེའི་ནང་ཡུལ་སྐོར་བའི་ཚོང་ལས་མང་པོ་ཞིག་རྡིབ་ལ་ཉེ་བ་འགྱུར་ཡོད་འདུག
ལྷག་པ་ཆོས་སྒྲོན་ལགས་ཀྱིས་ཁ་རས་བཙེམས་ནས་དྲ་ལམ་ནས་འཚོང་བཞིན་པ། 07.08.2020 9:20
ཨོ་གླིང་མེལ་བྷོན་ནང་གནས་སྡོད་བྱེད་མཁན་ལྷག་པ་ཆོས་སྒྲོན་ལགས་ཀྱིས་རང་ཉིད་ཀྱི་ཚེམ་བཟོའི་ལག་རྩལ་བེད་སྤྱོད་ཀྱིས་ཁ་རས་བཙེམས་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཚོང་འགྲེམས་གནང་གི་ཡོད་འདུག
ཁུན་སི་ལན་ཌིའི་རིག་གཞུང་སྣ་མང་གི་ཚོགས་སྡེ་ཁག་གིས་ཏོག་དབྱིབས་ནད་སྐོར་བརྡ་ལན་གསལ་པོ་སྤྲད་དགོས་པའི་རེ་སྐུལ་ཞུས་འདུག 31.07.2020 3:48
ཁུན་སི་ལན་ཌི་མངའ་སྡེའི་རིག་གཞུང་སྣ་མང་ཚོགས་སྡེ་ཁག་གི་འགོ་ཁྲིད་རྣམས་ཀྱིས། མངའ་སྡེའི་གཞུང་ལ་སྐད་རིགས་མི་འདྲ་བའི་ནང་ཏོག་དབྱིབས་ནད་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག་ཁ་གསལ་པོ་འགྲེམ་སྤེལ་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད་འདུག
མེལ་བྷོན་ནང་ཁ་རས་ངེས་པར་དུ་གྱོན་དགོས་པར་བོད་མི་ཁག་གཅིག་གི་བསམ་ཚུལ། 31.07.2020 11:10
ཉེ་དུས་སུ་ཝི་ཊོ་རི་ཡའི་མངའ་སྡེ་ནང་ཏོག་དབྱིབས་ན་མཁན་ནད་པ་གསར་པ་ཇེ་མང་དུ་ཐོན་པར་བརྟེན་ཁ་རས་ངེས་པར་གྱོན་དགོས་པའི་ཁྲིམས་བཟོས་ཡོད་པ་དེར་གནས་སྡོད་བོད་མི་ཁག་གཅིག་གི་བསམ་ཚུལ་ཕྱོགས་བསྒྲིགས་བྱས་ཡོད།
ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་རག་ཐབས་བརྒྱུད་རིམ་དང་བེད་སྤྱོད། 29.07.2020 12:25
ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་ (Driver licence) རག་ཐབས་བརྒྱུད་རིམ་དང་། རྒྱལ་ཁབ་གཞན་གྱི་ལག་འཁྱེར་ཨོ་སི་ཊོ་ལི་ཡའི་ནང་ཕན་ཐོགས་གང་འདྲ་ཡོད་མེད་སོགས་ཀྱི་སྐོར་ཨོ་སི་ཊོ་ལི་ཡའི་ནང་ཞབས་ཞུའི་སྡེ་ཚན་འདྲ་མིན་ནང་སྐད་སྒྱུར་སོགས་ཀྱི་ཕྱག་ལས་གནང་མཁན་བློ་བཟང་ལུང་རྟོགས་ལགས་དང་བཅར་འདྲི་གླེང་མོལ་ཞུས་པ།
རྒྱང་བསྟེན་སྨན་བཅོས་ (Telehealth) བེད་སྤྱོད་ཇི་ལྟར་བྱེད་དགོས་སམ། 24.07.2020 9:26
ཉེ་དུས་སུ་ཏོག་དབྱིབས་གཉེན་རིམ་གྱི་རྐྱེན་པས་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་བེད་སྤྱོད་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ཨོ་སི་ཊོ་ལི་ཡའི་ཞབས་ཞུ་ལྷན་ཚོགས་ཀྱི་ཉམས་ཞིབ་ལྟར་ན་འདི་ལོའི་ཕྱི་ཟླ་ ༣ པ་ནས་ ༤ པའི་བར་ཞབས་ཞུ་དེ་བེད་སྤྱོད་ཐེངས་ས་ཡ་བཞི་དང་ཕྱེད་ཀ་ཙམ་འཕར་ཡོད་འདུག
གཞུང་གི་སྐྱོབ་གསོ་རོགས་དངུལ་སྤྲོད་ཕྱོགས་ལ་འགྱུར་ལྡོག 23.07.2020 4:46
ཨོ་སི་ཊོ་་ལི་ཡའི་གཞུང་གིས། JobKeeper དང་། JobSeeker ཞེས་པའི་སྐྱོབ་གསོ་གནང་ཕྱོགས་ལ་སྐྱར་ཞིབ་གནང་ཡོད་པ་དང་། སྐྱོབ་གསོ་རོགས་དངུལ་དེ་གཉིས་དུས་འགྱང་གནང་འཆར་ཡོད་ཀྱང་། རིམ་བཞིན་རོགས་དངུལ་སྤྲོད་འབབ་ཉུང་དུ་གཏང་འཆར་ཡོད་འདུག
སིཌ་ནི་ནང་བོད་མི་ཀརྨ་ལགས་ཀྱི་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་། 22.07.2020 14:44
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་ ACE Nurse School ཞེས་པའི་སྨན་གཡོག་སོགས་ཀྱི་སྦྱོང་བརྡར་སྤྲོད་སའི་སློབ་གྲྭ་ཞིག་གི་བདག་པོ་བོད་མི་ཀརྨ་ལགས་དང་མཉམ་དུ། ཁོང་གི་སྦྱོང་བརྡར་ལྟེ་གནས་ཁང་དེ་ནས་སྤྲོད་བཞིན་པའི་ལག་ཤེས་སྐོར་བཅར་འདྲི་གླེང་མོལ་ཞུས་པ།
དྲ་ལམ་ཚོང་ལས་མཉམ་འབྲེལ་ནང་ཞུགས་མཁན་བོད་མི། 16.07.2020 10:30
ཨ་རིའི་ཚོང་ར་ལས་དྲ་ལམ་ཉམ་འབྲེལ་ནང་མཉམ་ཞུགས་གནང་མཁན་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་ཆོས་ཉིད་ལགས་དང་། དྲ་ལམ་ཚོང་ར་དེའི་སྐོར་བཅར་འདྲི་གླེང་མོལ་ཞུས་པ།
དྲ་ཐོག་དངུལ་ཁང་ལས་དོན་ནི་རྒན་གོག་ཚོར་སྟབས་བདེ་དང་བདེ་འཇགས་ཆེ་བ་ཡོད་པ་རེད། 15.07.2020 6:28
དྲ་ཐོག་དངུལ་ཁང་ལས་དོན་ནི་རྒན་གོག་ཚོར་སྟབས་བདེ་དང་བདེ་འཇགས་ཆེ་བ་ཡོད་ཀྱང་ཨོ་སི་ཊོ་ལི་ཡའི་ནང་རྒན་ཁོག་བརྒྱ་ཆ་ ༧༥ ཙམ་གྱིས་དྲ་ཐོག་དངུལ་ཁང་ལས་དོན་དེ་བདེ་འཇགས་དང་ཉེན་སྲུང་གང་འདྲ་ཡོད་མེད་སེམས་ཁྲལ་བྱེད་བཞིན་ཡོད། དམིགས་བསལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་སྐབས་ཁྱིམ་ནང་བསྡད་ནས་དྲ་ཐོག་དངུལ་ཁང་ལས་དོན་བྱེད་པ་ནི་རིན་ཐང་ལྡན་པ་ཞིག་དང་། གློག་ཆས་ཀྱི་ལམ་ནས་དངུལ་འབོར་སྟངས་འཛིན་དེ་ནི་གཏན་དུ་གལ་ཆེ་ཤོས་དེ་ཆགས་ཡོད།
ཨོ་སི་ཊོ་ལི་ཡའི་ནང་བོད་པའི་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཟབ་སྦྱོང་། 10.07.2020 7:57
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་བོད་པའི་གཞོན་སྐྱེས་ཁག་ཅིག་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཆེད་དུ་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་འདུག ཟབ་སྦྱོང་དེའི་སྐོར་ཞིབ་ཕྲ་གནས་ཚུལ་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་གི་སློབ་སྤྱི་བློ་བཟང་ལུང་རིག་ལགས་སུ་བཅར་འདྲི་ཞུས་པ།
མ་འོངས་པར་ཏོག་དབྱིབས་ན་ཚ་ལྟ་བུའི་ནད་ཡམས་མང་པོ་ཞིག་སེམས་ཅན་ནས་མི་ལ་འགོས་སྲིད་པའི་སྔོན་དཔག 08.07.2020 4:19
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་གི་ནང་གལ་སྲིད་འཛམ་གླིང་གི་སྲིད་གཞུང་ཁག་གིས་སྔོན་འགོག་ལག་བསྟར་མ་གནང་ཚེ། མ་འོངས་པར་ཏོག་དབྱིབས་ན་ཚ་ལྟ་བུའི་ནད་ཡམས་མང་པོ་ཞིག་སེམས་ཅན་ནས་མི་ལ་འགོས་སྲིད་པའི་ཉེན་བརྡ་བཏང་འདུག
ཨོ་སི་ཊོ་ལི་ཡའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི། 06.07.2020 7:46
ཕྱི་ལོ་ ༢༠༢༠ ཟླ་ ༧ པའི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ཕེབས་པར། འཛམ་གླིང་གི་ས་ཕྱོགས་གང་སར་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པར་ལྟར། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་གཙོ་བོར་བོད་མི་རྣམས་ཀྱིས་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་རེད།
བོད་པའི་ཁྱད་ཆོས་ལྡན་པའི་ཨོ་གླིང་རི་སྔོན་པོར་ (Mountain-Ama Cafe) ཨ་མའི་འཚིག་ཇ་ཁང་། 01.07.2020 10:45
བོད་པ་གཉིས་ཀྱིས་གསར་དུ་བཙུགས་པའི་ཨོ་གླིང་རི་སྔོན་པོར་ཨ་མའི་འཚིག་ཇ་ཁང་ Mountain-Ama Cafe ངོ་སྤྲོད་དང་ཉམས་མྱོངས་རྒྱུས་ལོན་བྱས་པ།
སྤྱི་ཚོགས་ཞབས་ཞུ་དང་སྐད་སྒྱུར་གྱི་ཕྱག་ལས་གནང་མཁན་ཡེ་ཤེས་ཆོས་བཟང་ལ་བཅར་འདྲི། 26.06.2020 7:00
SSI རྒྱལ་སྤྱིའི་གཞིས་སྤོའི་ཞབས་ཞུ་ཚོགས་པའི་ནང་སྐད་སྒྱུར་དང་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མཁན་ཡེ་ཤེས་ཆོས་བཟང་ལགས་དང་ཁོང་གི་ཕྱག་ལས་སྐོར་བཅར་འདྲི་ཞུས་པ།
ཉིན་གཅིག་ནང་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་མཐོ་ཤོས་དེ་སླེབས་ཡོད། 24.06.2020 5:41
ཉེ་ཆར་ཕྱི་ཚེས་ ༢༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དུས་ཡུན་ཆུ་ཚོད་ ༢༤ ནང་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་པ་གསར་པ་གྲངས་ ༡༨༣༠༠༠ ཐོན་ཡོད་པ་དེ་ནི། ཉིན་གཅིག་ནང་ནད་པ་གསར་པ་ཐོན་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་སྐོར་གསལ་བསྒྲགས་བྱས་འདུག
ཨོ་སི་ཊོ་ལི་ཡའི་ནང་ཁྲག་ནད་ Sickle Cell Disease ན་མཁན་ཇེ་མང་དུ་འགྲོ་བ། 19.06.2020 3:26
མཁས་པ་ཚོས་ཉེ་ཆར་ཨོ་སི་ཊོ་ལི་ཡའི་ནང་ཁྲག་ནད་ Sickle Cell Disease ཞེས་པ་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན་མི་རིགས་སྣ་ཚོགས་ཀྱི་སྤྱི་ཚོགས་ཁག་ནང་སྔ་ས་ནས་ཁྲག་བརྟག་དཔྱད་གནང་དགོས་པར་ནན་སྐུལ་ཞུས་ཡོད་འདུག
རང་ཉིད་ཀྱི་རྒན་བཅོལ་མ་དངུལ་སྟོན་ཕྱོགས་སྐོར་བཅར་འདྲི། 19.06.2020 17:15
རང་ཉིད་ཀྱི་རྒན་བཅོལ་ (Super) ལས་དངུལ་སྟོན་ཕྱིར་ཆ་རྐྱེན་གང་ཚང་དགོས་པ་དང་། སྙན་ཞུ་རྒྱག་ཚུལ། བསླུ་ཁྲིད་འོག་མི་ཚུད་པའི་ཆེད་ཉེན་གཟབ་གནང་ཕྱོགས་སྐོར་ཆེད་ལས་རྩིས་པར་བཅར་འདྲི་ཞུས་ཡོད།
དགེ་རྩ་ཚོགས་པ་ཁག་ལ་ཞལ་འདེབས་གནང་མཁན་ཇེ་ཉུང་དུ་ཕྱིན་པ། 13.06.2020 4:04
རྒྱལ་སྤྱིའི་ནང་དུ་ཏོག་དབྱིབས་ནད་ཀྱི་རྐྱེན་པས་དཀའ་ངལ་འཕྲད་མཁན་མང་དག་ཅིག་ལ་དགེ་རྩ་ཚོགས་པ་ཁག་གིས་འགན་ཁུར་བླངས་ནས་རོགས་སྐྱོར་ཚད་ལས་འདས་པ་གནང་ཡོད་ཀྱང་། ད་ཆ་དཔལ་འབྱོར་ཉམས་རྒུད་དང་ཡོང་འབབ་ཉུང་དུ་སོང་བར་བརྟེན་དགེ་རྩ་ཚོགས་པ་ཁག་ལ་ཞལ་འདེབས་གནང་མཁན་ཇེ་ཉུང་དུ་སོང་བའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་འདུག
འབྲེལ་མཐུད་མཐོང་མཆན་ཐོག་ཡོད་པ་རྣམས་ཀྱི་མྱོང་ཚོར། 12.06.2020 7:37
ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པའི་ཨོ་སི་ཊོ་ལི་ཡའི་ནང་ Bridging Visa སྟེ། འབྲེལ་མཐུད་མཐོང་མཆན་ལག་ཁྱེར་ཡོད་མཁན་མི་གྲངས་ ༩༧༠༠༠ ཙམ་གྱི་འཚོ་བར་རྡབ་གསིག་ཕྱིན་ཡོད་པ་མ་ཟད་ཁོང་རྣམས་ལ་གཞུང་གི་ཛ་དྲག་རོགས་སྐྱོར་བླངས་བའི་ཐོབ་ཐང་ཡང་མེད་པ་རེད་འདུག
མཁན་ཟུར་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་བ། 10.06.2020 7:21
ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་བཞུགས་རྒྱུད་སྨད་མཁན་ཟུར་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་ Order of Australia Medal ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་གནང་ཡོད་པ་རེད།
ད་ལྟའི་གཟའ་འཇུག་གུང་སེང་སྐབས་མུ་མཐུད་ཉེན་གཟབ་གནང་བར་རེ་སྐུལ། 05.06.2020 4:49
NSW ནིའུ་སོཐི་ཝལ་ནང་ཉེ་བའི་ཉིན་བརྒྱད་རིང་སྤྱི་ཚོགས་ནང་ཕན་ཚུལ་འགོས་ནས་ཏོག་དབྱིབས་ནད་ཕོག་པའི་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་པས། འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་མང་ཚོགས་ལ་གཟའ་འཇུག་གུང་སེང་སྐབས་མུ་མཐུད་ཉེན་གཟབ་གནང་རོགས་ཞེས་རེ་སྐུལ་གནང་འདུག
ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེནཊ་བར་གང་མགྱོགས་འགྲུལ་བསྐྱོད་ཆོག་པ་བཟོ་འཆར་ཡོད་འདུག 05.06.2020 4:10
ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེནཊ་འགོ་འཁྲིད་རྣམས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་བར་གང་མགྱོགས་འགྲུལ་བསྐྱོད་ཆོག་པ་བཟོ་འཆར་ཡོད་འདུག་ཀྱང་མཐའ་མའི་ཐག་གཅོད་དེ་ནི་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་ལམ་སྟོན་ལ་རག་ལས་ཡོད་འདུག
Similar podcasts
Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.