SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ 624 bölüm

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Yazar

SBS

Kategori

News

Podcast web sitesi

www.sbs.com.au

Son bölüm

8 Tem 2026

Nereden dinlenir?

Uygulamada podcast'ler Replaio Radio Çok yakında

Podcast'ler çok yakında uygulamaya geliyor. Şimdi yükle ve podcast'lere yepyeni bir bakışı ilk gören sen ol

Google Play'den indir Ücretsiz yükle Android 5 Mn+ indirme · 4,8 puan iOS yakında

Bölümler

སིཌ་ནིའི་སྒོ་རྒྱག་དམ་བསྒྲགས་བདུན་ཕྲག་བཞི་རིང་ཕར་འགྱང་དང་གཞུང་གི་རོགས་རམ། 30.07.2021

སིཌ་ནིའི་ཁྱབ་ཁོངས་སུ་སླར་ཡང་བདུན་ཕྲག་བཞི་རིང་སྒོ་རྒྱག་དམ་བསྒྲགས་འཕར་རྒྱང་བཏང་ཡོད་པ་དང་། སྒྲིག་གཞི་གསར་པ་ཁག་ཅིག་ལག་བསྟར་བྱས་ཡོད་པ་རེད། དེ་བཞིན་དེ་རིང་ནས་བཟུང་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་མི་རྒན་པ་ལོ་ཚད་ལ་མ་བལྟོས་པར་ཚང་མས་ AstraZeneca སྨན་ཁབ་རྒྱག་ཆོག་པ་བཟོས་ཡོད་འདུག

རང་ཉིད་ཀྱི་ལག་རྩལ་དང་ཤེས་ཡོན་གནས་ཚད་དང་མཐུན་པའི་ལས་ཀ་འཚོལ་བ། 30.07.2021

ཉེ་ཆར་སྙན་ཐོ་ཞིག་ལས་ཨོ་སི་ཊོ་ལི་ཡའི་ནང་གཏན་འཇག་སྡོད་མི་ཡིན་པའི་གཞིས་སྤོ་བ་བཞི་ཆ་གཅིག་ཙམ་ཞིག་གིས་རང་ཉིད་ཀྱི་ཤེས་ཡོན་གནས་ཚད་དང་ལག་རྩལ་ལས་གནས་བབས་དམའ་བའི་ལས་རིགས་ཁག་ནང་ཞུགས་བཞིན་ཡོད་སྐོར་ཐོན་ཡོད་པས། དེས་མི་སྒེར་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་འདུག

ཁྱིམ་སྡོད་བཀའ་རྒྱ་སྐབས་ཀྱི་མྱོང་ཚོར། 23.07.2021

སིཌ་ནིའི་ནང་གནས་སྡོད་མཁན་བོད་མི་འགའ་ཞིག་གིས་ཐེངས་འདིའི་ཁྱིམ་སྡོད་བཀའ་རྒྱ་སྐབས་རང་ཉིད་སྒེར་གྱི་མྱོང་ཚོར་གླེང་བ།

ཅ་དངོས་སྔོན་ལ་ཉོས་ནས་དངུལ་རྗེས་སུ་སྤྲོད་རྒྱུའི་ཞབས་ཞུ་དེའི་རྒྱབ་ཀྱི་ཉེན་ཁ། 23.07.2021

'Buy now, pay later' ཞེས་པ་སྟེ་ཅ་དངོས་སྔོན་ལ་ཉོས་ནས་དངུལ་རྗེས་སུ་སྤྲོད་རྒྱུའི་འགྲོ་སྟངས་དེ་ཨོ་སི་ཊོ་ལི་ཡའི་ནང་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨-༢༠༡༩ བར་ཞབས་ཞུ་དེའི་འོག་ཨོ་སྒོར་ཁྲག་ཁྲི་ ༥་༦ ཙམ་གྱིས་ཅ་དངོས་ཉོ་ཚོང་བྱས་ཡོད་པ་རེད་འདུག འོན་ཀྱང་ཞབས་ཞུ་དེའི་བརྒྱུད་མི་འགའ་ཞིག་གིས་ཅ་དངོས་མང་པོ་ཉོས་ནས་མཐར་བུ་ལོན་ནང་ལྷུང་ནས་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་པའི་སེམས་ཁྲལ་ཡོད་འདུག

ཁྱིམ་སྡོད་བཀའ་རྒྱ་སྐབས་ཟས་རིགས་རེ་སྐུལ་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་པ། 21.07.2021

ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཁྱིམ་སྡོད་བཀའ་རྒྱ་སྐབས་ཛ་དྲག་ཟས་རིགས་ངལ་སེམས་རོགས་རམ་བྱེད་མཁན་སྟོང་ཕྲག་མང་པོས་ཉིན་ལྟར་དཀའ་ངལ་ཡོད་པའི་མི་རྣམས་ལ་ཟས་རིགས་དབོར་འདྲེན་རོགས་པ་བྱེད་བཞིན་ཡོད་འདུག ཉེའི་ཆར་གྱི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐབས་དགེ་རྩ་ཚོགས་པ་ཞིག་ལ་ཟས་རིགས་རོགས་རམ་ཞུ་མཁན་བརྒྱ་ཆ་ ༢༠༠ ལས་མང་བ་ཡར་འཕར་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོའི་མི་འབོར་ཞིབ་གཤེར་ནང་མཉམ་ཞུགས་བྱེད་ཚུལ། 16.07.2021

ལོ་ལྔ་རེའི་ནང་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ཀྱིས་མི་འབོར་ཞིབ་གཤེར་སྐབས་རང་ཉིད་ཀྱི་ལོ་དང་། རིག་གཞུང་། ཆོས་རིགས། རིགས་རྒྱུད། ཤེས་ཡོན་གནས་ཚད་བཅས་ཀྱི་སྐོར་དྲི་བར་ལན་འདེབས་གནང་དགོས་ཀྱི་ཡོད། འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཡི་བར་མི་གྲངས་ས་ཡ་ ༢༥ ལས་བསྡུ་རུབ་བྱས་པའི་གནས་ཚུལ་ལ་གཞིགས་ནས་གཞུང་དང་། ཚོང་ལས། ཚོགས་སྡེ་ཁག་ལ་འཛུགས་བསྐྲུན་ལས་གཞི་དང་ཞབས་ཞུའི་འཆར་གཞི་ཐད་ཐག་གཅོད་ཡང་དག་བྱེད་པར་ཕན་ཐོགས་ཡོད།

ཝི་ཊོ་རི་ཡའི་ནང་སླར་ཡང་ཁྱིམ་སྡོད་བཀའ་རྒྱ་གསལ་བསྒྲགས་བྱས་པ། 15.07.2021

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ནད་པ་གསར་པ་ ༦༥ ཐོན་ཡོད་པའི་གསལ་བསྒྲགས་དང་མངའ་སྡེའི་བློན་ཆེན་ལྕམ་ Gladys Berejiklian མཆོག་གིས། རེས་གཟའ་པ་སངས་ཉིན་ནད་པའི་གྲངས་ཚད་དེ་ལས་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་མེལ་སྦོན་ནང་དེ་རིང་མཚན་གུང་ནས་བཟུང་དམ་བསྒྲགས་བཀའ་རྒྱ་ལག་བསྟར་བྱ་རྒྱུ་ཡིན་འདུག

ཁྱིམ་སྡོད་བཀའ་རྒྱ་ཕར་འགྱང་དང་དཔལ་འབྱོར་རོགས་རམ། 14.07.2021

ཨོ་སི་ཊོ་ལི་ཡའི་ Federal གཞུང་དང་ནིའུ་སོ་ཐི་ཝལ་མངའ་སྡེ་གཉིས་མཉམ་འབྲེལ་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སིཌ་ནིང་ཁུལ་དུ་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་གྱོང་གུད་ཕོག་མཁན་མི་སྒེར་དང་ཚོང་ལས་ཁག་ལ་ཁྱོན་ཨོ་སྒོར་ཐེར་འབུམ་ ༥་༡ རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༧ པ་ནས་བཟུང་ཕྱི་མི་གཞིས་སྤོ་དང་མཐོང་མཆེན་ལག་ཁྱེར་དང་འབྲེལ་བའི་འགྱུར་བ། 09.07.2021

ཏོག་ནད་ཀྱིས་ཨོ་སི་ཊོ་ལི་ཡའི་ཕྱི་མི་གཞིས་སྤོའི་ལས་གཞིར་གནོད་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་གྱིས། ཕྱི་ལོ་ ༢༠༢༡-༢༠༢༢ བར་གཞིས་སྤོའི་ལས་གཞི་བརྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱ་རྒྱུ་དམིགས་འབེན་བཟུང་ཡོད་པ་རེད། ལོ་རེའི་གཞིས་སྤོའི་ལས་གཞི་དང་འབྲེལ་བའི་འགྱུར་བ་འགའ་ཞིག་བཏང་ཟིན་ཡང་གཞན་འགའ་ཞིག་འབྱུང་འགྱུར་གྱི་ཟླ་བ་ནང་ལག་བསྟར་བྱ་རྒྱུ་ཡིན་འདུག

སིཌ་ནི་ཁྱབ་ཁོངས་སུ་ཁྱིམ་སྡོད་བཀག་རྒྱ་བདུན་ཕྲག་གཅིག་ཕར་འགྱང་བྱས་པ། 08.07.2021

ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཌེལ་ཊ་ཞེས་པ་དེ་ཁྱབ་པར་གདོང་ལེན་ཆེད་སིཌ་ནིའི་ཁྱབ་ཁོངས་སུ་སྒོ་རྒྱག་དམ་བསྒྲགས་བདུན་ཕྲག་གཅིག་རིང་ཕར་འགྱང་བྱས་ཡོད་པ་རེད། ཁྱིམ་སྡོད་བཀའ་རྒྱ་དེ་རི་སྔོན་པོ་དང། ཤེལ་ཧཱ་སྦོར། ཝོ་ལུང་ཀོང་། དེ་བཞིན་སེན་ཊེལ་ཁོ་སུ་བཅས་སུ་ཕྱི་ཚེས་ ༡༦ བར་ཕར་འགྱང་བྱས་ཡོད་འདུག

ཨོ་གླིང་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི། 07.07.2021

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོར་འཛམ་གླིང་གི་ས་ཕྱོགས་གང་སར་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པར་ལྟར། ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་གནས་སོ་སོར་བོད་མི་སོགས་ཀྱིས་བྱེད་སྒོ་འདྲ་མིན་གྱི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

ཨོ་གླིང་ནང་ངོ་བོ་འགྱུར་བའི་ཏོག་ནད་ཌེལ་ཊ་ཁྱབ་པར་ན་གཞོན་རྣམས་ལ་འགོག་ཁབ་རྒྱག་དགོས་པའི་རེ་སྐུལ། 02.07.2021

ཨོ་སི་ཊོ་ལི་ཡའི་ནང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཌེལ་ཊ་ཞེས་པ་དེ་ཁྱབ་བཞིན་པས། ཕྲུ་གུ་ལོ་ཆུང་རྣམས་ལ་ཏོག་དབྱིབས་ནད་འགོག་སྨན་ཁབ་གང་མགྱོགས་རྒྱག་དགོས་པའི་རེ་སྐུལ་གནང་བཞིན་ཡོད་པ་རེད།

NAIDOC གཟའ་འཁོར། ཁྱེད་ཀྱི་ཉེ་འགྲམ་དུ་གདོད་མའི་མི་རིགས་ཀྱི་གནས་རྩ་ཆེན་ཁག 02.07.2021

NAIDOC གཟའ་འཁོར་ནི་ཨོ་སི་ཊོ་ལི་ཡའི་ལོ་མཐོའི་ནང་གནད་འགག་ཅན་གྱི་དུས་སྟོན་ཞིག་ཡིན། ལོ་ལྟར་ཕྱི་ཟླ་ ༧ པའི་ནང་ཨེ་བྷོ་རི་ཇེ་ནལ་དང་ཊོ་རི་སོ་ཊོ་མཚོ་གླིང་པའི་མི་རིགས་རྣམས་ཀྱི་ལོ་རྒྱུས་དང་། རིག་གཞུང་། བྱེད་རྗེས་སོགས་ངོས་འཛིན་དང་སྲུང་བརྩི་བྱེད་ཀྱི་ཡོད།

མུ་མཐུད་ཁྱིམ་སྡོད་བཀག་རྒྱ་དང་ངོ་བོ་འགྱུར་བའི་ཏོག་ནད་ཁྱབ་སྲིད་པའི་སེམས་འཚབ། 30.06.2021

ཁུན་སི་ལན་ཌི་དང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེ་དེ་བཞིན་བྱང་ཁུལ་མངའ་སྡེ་བཅས་ཀྱི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་འགར་ཐོན་རྗེས། མངའ་སྡེ་དེ་གསུམ་ཀའི་ནང་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་དང་། དེ་དང་ཆབས་ཅིག་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་མི་གྲངས་ ༦༧༠༠༠ ཙམ་ལ་བརྟག་དཔྱད་བྱས་སྐབས་ས་གནས་སུ་ནད་པ་གསར་པ་ ༡༩ ཐོན་ཡོད་པ་རེད།

བཀག་ཉར་ཁང་དུ་ཡོད་པའི་སྐྱབས་བཅོལ་བ་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ། 23.06.2021

སྐྱབས་བཅོལ་བའི་ཉིན་མོ་ཞེས་པའི་བདུན་ཕྲག་འདིའི་ནང་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་དུ་རོགས་རམ་དང་འཐབ་རྩོད་བྱེད་མཁན་ཚོས་རྒྱལ་ཡོངས་རང་བཞིན་གྱིས་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་དམིགས་བསལ་ངོ་སྤྲོད་དང་ཁོང་ཚོར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་གནང་གི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་བཀག་ཉར་བྱས་པའི་མི་རྣམས་ཀློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ། 18.06.2021

ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གསར་པ་ཞིག་གིས་ཨོ་སོ་ཊོ་ལི་ཡའི་ Federal གཞུང་འཛིན་ཚོགས་པ་ལ་ཛ་དྲག་ཐོག་ནས་བཀག་ཉར་ཁང་དུ་ཡོད་པའི་མི་གྲངས་ཉུང་དུ་གཏོང་དགོས་པས་མ་ཚད་ Christmas གླིང་ཕྲན་ཐོག་ཡོད་པའི་སྐྱབས་བཅོལ་བ་བཀག་ཉར་ཁང་དེ་སྒོ་རྒྱག་དགོས་པའི་འབོད་སྐུལ་གནང་འདུག

གནས་མཁར་གསར་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུས་པ། 15.06.2021

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༥ ཉིན་ནེའུ་སོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཌ་ནིང་གི་ཉེ་འགྲམ་གནས་མཁར་གསར་རུ་བོད་མི་ཚོས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་དུས་ཆེན་སྲུང་བརྩི་ཟབ་རྒྱས་གནང་ཡོད་པ་རེད།

ཚད་ལྡན་སྐད་སྒྱུར་བ་མ་རག་ནས་དཀའ་ངལ་མང་པོ་འཕྲད་ཀྱི་འདུག 10.06.2021

ཨོ་སི་ཊོ་ལི་ཡའི་ནང་བོད་མི་གནས་སྡོད་བྱེད་སའི་ས་གནས་མང་པོ་ཞིག་ལ་སྐད་སྒྱུར་བ་ཚད་ལྡན་དང་དུས་ཐོག་ཏུ་མ་རག་པའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད།

རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དམ་འབུལ་ཆེད་རྒྱ་གར་ལ་བསྐྱོད་ཐུབ་མི་འདུག 08.06.2021

ཨོ་སི་ཊོ་ལི་ཤི་ཡ་ཁུལ་གྱི་འདེམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དམ་འབུལ་ཆེད་རྒྱ་གར་ལ་བསྐྱོད་རྒྱུར་ཨོ་གླིང་ནང་སྲིད་ལས་ཁུངས་ནས་ཆོག་མཆན་རག་མེད་སྐོར་འགྲེལ་བརྗོད་གནང་སོང་།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཚང་མའི་ནང་ཁང་པའི་རིན་གོང་འཕར་བཞིན་པ། 04.06.2021

ཨོ་སི་ཊོ་ལི་ཡའི་རྒྱལ་སའི་གྲོང་ཁྱེར་ཚང་མའི་ནང་ཁང་པའི་རིན་གོང་བརྒྱ་ཆ་ ༡ ལྷག་འཕར་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་ ༡༡ ནང་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་འདུག

སྐུ་ཚབ་དོན་གཅོད་ཀྱིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བ། 03.06.2021

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག ཉེ་ཆར་ཨོ་གླིང་གྲོས་ཚོགས་ཚོགས་ཁང་དུ་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། འདེམས་ཐོན་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས། ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་ཚོགས་མི་བཅས་མཉམ་ཞུགས་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་གསུམ་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༡༡ མཉམ་ཞུགས་གནང་...

ཏྲེ་ཧོར་དགེ་བཤེས་བསོད་ནམས་དར་རྒྱས་ཀྱིས་ད་བར་བོད་ཕྱི་ནང་གཉིས་ལ་སྒྲོ་ལོ་ས་ཡ་ ༣ ལྷག་ཙམ་རོགས་རམ་གནང་ཡོད་འདུག 02.06.2021

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཡོད་པའི་སྒྲོལ་དཀར་ཆོས་ཚོགས་ཀྱི་དབུ་འཛིན་སེར་བྱེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་དར་རྒྱས་མཆོག་གིས། བོད་ཕྱི་ནང་གཉིས་ཀྱི་སློབ་ཕྲུག་དང་ནད་པ་ཉམས་ཐག་མང་པོ་ཞིག་ལ་དུས་ཡུན་ལོ་ངོ་ ༢༠ ཙམ་གྱི་རིང་སློབ་ཡོན་སོགས་ཁྱོན་ཨོ་སྒོར་ས་ཡ་ ༣ ལྷག་ཙམ་གྱི་ཞལ་འདེབས་གནང་ཡོད་འདུག

རྒྱལ་ཡོངས་འདུམ་སྒྲིག་གཟའ་འཁོར་ (National Reconciliation Week) ནང་མཉམ་ཞུགས་བྱེད་ཚུལ། 28.05.2021

རྒྱལ་ཡོངས་འདུམ་སྒྲིག་གཟའ་འཁོར་ནི་ཨོ་སི་ཊོ་ལི་ཡའི་མི་མང་ཡོངས་ལ་ང་ཚོའི་རྒྱལ་རབ་ལོ་རྒྱུས་དང་། རིག་གཞུང་། མཛད་བྱེད་སོགས་སྐོར་ཤེས་རྟོགས་བྱེད་པའི་ཐོག་ཨེབ་ཨོ་རི་ཇིནལ་དང་ཊོ་རི་སིཊ་མཚོ་གླིང་པའི་མི་རིགས་མཉམ་དུ་འདུམ་སྒྲིག་དང་མཐུན་འབྲེལ་ཡོང་ཐབས་སུ་ཞབས་འདེགས་བསྒྲུབ་པའི་དུས་ཤིག་ཡིན།

ཏོག་དབྱིབས་ནད་ཡམས་སྐབས་བུད་མེད་རྣམས་ཀྱི་འགན་འཁུར་ལྗིད་དུ་འགྲོ་ཡོད་པ། 28.05.2021

སྙན་མཐོ་གསར་པ་ཞིག་ལ་ལྟར་ན་ཏོག་དབྱིབས་ནད་ཡམས་སྐབས་ཨོ་སི་ཊོ་ལི་ཡའི་བུད་མེད་རྣམས་ལ་འགན་འཁུར་ཇེ་ཆེར་འགྲོ་ཡོད་པ་ཐོན་འདུག རྟོག་ཞིབ་དེའི་ནང་མཉམ་ཞུགས་མཁན་བུད་མེད་བརྒྱ་ཆ་༧༦ ཙམ་ཞིག་གིས་ནད་ཡམས་སྐབས་ཁོང་རྣམས་པའི་ལས་ཀའི་འགན་འཁུར་སྔར་ལས་ལྗིད་དུ་འགྲོ་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།

མེལ་བྷོན་དུ་ཏོག་དབྱིབས་ནད་པ་གསར་པ་དགུ་ཐོན་པ། 26.05.2021

ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཝི་ཊོ་རི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཏོག་དབྱིབས་ནད་པ་གསར་པ་དགུ་ཐོན་ཡོད་པ་དང་། མངའ་སྡེ་གཞུང་གིས་ཕྱི་ཟླ་ ༥ ཚེས་ ༢༥ ནས་བཟུང་ཁ་རས་གྱོན་དགོས་པ་དང་། ཁང་པ་ཕྱི་ནང་གི་འདུ་འཛོམས་ཚད་བཀག་སོགས་སླར་ཡང་བཀག་བསྡོམས་བྱ་རྒྱུ་འགོ་འཛུགས་བྱས་ཡོད་འདུག

SBS Tibetan - SBS བོད་སྐད་སྡེ་ཚན། podcast'ini Replaio'da dinle

Radyo ve podcast'ler tek uygulamada - ücretsiz, kayıt gerektirmez. Bugün yükle ve lansmanı kaçırma

Google Play'den indir

Replaio bir podcast yayıncısı değildir; program adları, kapak görselleri ve ses içerikleri yazarlarına aittir ve herkese açık RSS beslemeleri aracılığıyla dağıtılır