VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 206 episodes

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Author

VOA

Category

News

Podcast website

www.voatibetan.com

Latest episode

Jun 4, 2024

Where to listen?

Podcasts in the app Replaio Radio Coming soon

Podcasts are coming to the app soon. Install now and be the first to see a whole new take on podcasts

Get it on Google Play Install for free Android 5M+ downloads · 4.8 rating iOS soon

Episodes

མ་ཡུན་དང་རྒྱ་ནག་གི་སྒེར་གྱི་ཚོང་ལས་ཁག་གི་ལས་དབང་། - ཟླ་བ་གསུམ་པ། ༢༨, ༢༠༢༣ 27.03.2023

ལོ་གཅིག་ལྷག་ཙམ་རིང་ཕྱི་རྒྱལ་དུ་གཡོལ་ནས་བསྡད་པའི་རྗེས་སུ་རྒྱ་ནག་གི་འབྱོར་ལྡན་པ་མ་ཡུན་རང་ཡུལ་དུ་ཕྱིར་ལོག་བྱས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་དུ་མ་ཡུན་གྱི་ལས་དབང་དང་རྒྱ་ནག་གི་སྒེར་གྱི་ཚོང་ལས་ཁག་གི་མདུན་ལམ་དེ་ངེས་གཏན་མེད་པ་ཞིག་ཏུ་གྱུར་འདུག

ཨ་རིའི་གཞུང་གིས་TikTok་འགོག་སྲིད་པའི་རྒྱུ་རྐྱེན། - ཟླ་བ་གསུམ་པ། ༢༤, ༢༠༢༣ 23.03.2023

ཨ་རིའི་གྲོས་ཚོགས་ཀྱིས་TikTok་ཟེར་བའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་གི་འགོ་ཁྲིད་ལ་འདྲི་རྩད་བྱས་ཏེ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པའི་བརྙན་འཐུང་བལྟ་ཡས་ཀྱི་མཉེན་ཆས་འདི་ཨ་རིའི་ནང་དུ་བེད་སྤྱོད་གཏང་མི་ཆོག་པ་བཟོ་སྲིད་ཅིང་། TikTok གི་ཉེན་ཁ་དང་དེ་མེད་པར་གཏོང་དགོས་པའི་རྒྱུ་རྐྱེན་སོགས་ལ་གླེང་སློང་ཞུ་རྒྱུ་ཡིན།།

དངུལ་ཁང་འགའ་ཞིག་མ་རྩ་བརྡིབས་དགོས་དོན་ཅི་རེད། - ཟླ་བ་གསུམ་པ། ༢༡, ༢༠༢༣ 20.03.2023

ཨ་རིའི་ནང་གི་དངུལ་ཁང་འགའ་ཞིག་ལ་དཀའ་ངལ་ཕྲད་པར་མ་ཟད། དཀའ་ངལ་དེས་ཨ་རིའི་དངུལ་རྩའི་ཁྲོམ་ར་དང་ཐ་ན་དཔལ་འབྱོར་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། དངུལ་ཁང་དེ་ཚོར་ཅིའི་ཕྱིར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་དམ། མི་ཚོས་དངུལ་ཁང་དུ་བཅོལ་བའི་དངུལ་སྒོར་ལ་སེམས་ཁྲལ་བྱ་དགོས་སམ།

རྒྱ་ནག་གི་བོད་དོན་འགོ་ཁྲིད་གསར་པ་ཝང་ཧུ་ཉིང་། - ཟླ་བ་གསུམ་པ། ༡༧, ༢༠༢༣ 16.03.2023

ཉེ་དུས་མཇུག་བསྒྲིལ་བའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཚོགས་ཆེན་ཐོག་ཝང་ཧུ་ཉིང་སྲིད་གྲོས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད་ཅིང་། ལོ་མང་རིང་ལས་གནས་དེར་གནས་པ་མི་འདི་རྒྱ་ནག་དམར་ཤོག་སྲིད་གཞུང་ནང་བོད་དང་འབྲེལ་བའི་ལས་དོན་གྱི་འགོ་ཁྲིད་གཙོ་བོ་འདི་ཆགས་ཀྱི་་པས། ལས་རིམ་ནང་ཝང་ཧུ་ཉིང་གི་སྐོར་ལ་གླེང་སློང་ཞུ་གི་ཡིན།

རྒྱ་ནག་གི་སྲིད་བློན་གསར་པས་དཔལ་འབྱོར་སླར་གསོ་བྱེད་ཐུབ་བམ། - ཟླ་བ་གསུམ་པ། ༡༥, ༢༠༢༣ 14.03.2023

ཁ་སང་མཇུག་བསྒྲིལ་བའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ལི་ཆང་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་ཅིང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པས་སྲིད་བློན་གསར་པས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ནི་དེ་སྔའི་སྲིད་བློན་ཚོ་ལས་ཇི་ཆེ་བ་ཡོད་པ་རེད།

བཅོས་རིག་དུས་རབས་སུ་བོད་ཀྱི་སྐད་ཡིག་ལ་འཕྲད་པའི་དཀའ་ངལ་དང་གོ་སྐབས། - ཟླ་བ་གསུམ་པ། ༡༠, ༢༠༢༣ 09.03.2023

༄༅།། བཅོས་རིག་སྟེ ChatGPT བེད་སྤྱོད་གཏང་འགོ་ཚུགས་པ་དེས་ང་ཚོར་སྐད་ཡིག་གི་འཇིག་རྟེན་གསར་པ་ཞིག་སྒོ་ཕྱེ་པ་ལྟར་དུ་གྱུར། བཅོས་རིག་གི་དུས་རབས་འདིར་བོད་ཀྱི་སྐད་ཡིག་ལ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གསར་པ་འཕྲད་བཞིན་ཡོད།

རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་གོམ་པ་ཕྱི་བཤོལ་གྱི་འགྱུར་བཅོས། - ཟླ་བ་གསུམ་པ། ༠༧, ༢༠༢༣ 06.03.2023

རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཏེ། ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་གཉིས་པེ་ཅིང་དུ་འཚོགས་བཞིན་ཡོད་ཅིང་། ད་རེས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞིར་བསྒྱུར་བཅོས་གཏང་རྒྱུའི་གྲོས་འཆར་ཁག་ཅིག་བཏོན་ཡོད་པ་དང་བཅོས་འགྱུར་དེ་དག་ནི་གོམ་པ་ཕྱི་བཤོལ་བྱས་པ་ཞིག་ཡིན་འདུག

ཕུ་ཊིན་གྱི་རྒྱ་རྙི་རུ་ཚུད་པའི་ཞིས་ཅིན་ཕིང་། - ཟླ་བ་གསུམ་པ། ༠༣, ༢༠༢༣ 02.03.2023

ཡུཀ་རིན་དམག་འཁྲུག་མ་ལངས་གོང་ཞིས་ཅིན་ཕིང་གིས་ཨུ་རུ་སུ་དང་མུ་མཐའ་མེད་པའི་མཛའ་གྲོགས་ཀྱི་འབྲེལ་བ་ཞིག་ཏུ་འགྱུར་ཆོག་ཅེས་གསལ་བསྒྲགས་སྤེལ། ཞིས་ཅིན་ཕིང་གིས་དེང་སྐབས་ཉིན་ལྟར་དམག་འཁྲུག་གི་ཕམ་ཉེས་འབྱུང་བཞིན་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་མུ་མཐུད་དུ་རྒྱབ་སྐྱོར་མ་བྱས་ཐབས་མེད་ཀྱི་རྒྱ་རྙི་ཞིག་ཏུ་ཚུད་ཡོད་།

བཅོས་རིག་སྟེ། ChatGPT དང་བོད་དོན། - ཟླ་བ་གསུམ་པ། ༠༡, ༢༠༢༣ 28.02.2023

བཅོས་རིག་ChatGPT ཟེར་བ་འདིའི་ནང་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་སྐོར་འཚོལ་ཞིབ་བྱས་པའི་སྐབས་སུ་བཅོས་རིག་འདིས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཐོག་ཏུ་ལན་འདེབས་བྱེད་ཀྱི་འདུག་ཅིང་། དེང་སྐབས་ ChatGPT ལ་ཆབ་སྲིད་ཀྱི་ལྟ་བ་ཅི་འདྲ་ཞིག་དགོས་མིན་ཐད་བགྲོ་གླེང་མང་པོ་ཡོང་གི་ཡོད་།

ཨ་རྒྱ་གཉིས་ཀྱི་བཅོས་རིག་གི་འགྲན་རྩོད། - ཟླ་བ་གཉིས་པ། ༢༤, ༢༠༢༣ 23.02.2023

ཨ་མི་རི་ཀར་བཅོས་རིག་སྟེ། ChatGPT བཀོལ་སྤྱོད་གཏོང་འགོ་ཚུགས་པའི་རྗེས་སུ་ཟླ་བ་རྗེས་མར་རྒྱ་ནག་གིས་ཀྱང་དེ་དང་འདྲ་བའི་བཅོས་རིག་གསར་པ་ཞིག་ཡོངས་ཁྱབ་ཏུ་བེད་སྤྱོད་ གཏང་ཡས་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པས་ཨ་རྒྱའི་བཅོས་རིག་གི་འགྲན་རྩོད་དེ་སྔར་ལས་རྣོ་ངར་ཆེ་རུ་ཕྱིན་འདུག

ChatGPT གི་ནུས་པ་དང་སྐྱོན་ཆ། - ཟླ་བ་གཉིས་པ། ༢༡, ༢༠༢༣ 20.02.2023

ChatGPTཟེར་བའི་མི་བཟོས་རིག་ནུས་སམ། ཡང་ན་བཅོས་རིག་ཏུ་འབོད་པ་འདི་ཡོངས་ཁྱབ་ཏུ་བཀོལ་སྤྱོད་གཏོང་འགོ་ཚུགས་ཡོད་ཅིང་། འདི་ནི་འཕྲུལ་རིག་ལག་རྩལ་གྱི་གསར་བརྗེ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ནས་མི་ཚོས་བགྲོ་གླེང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། བསྐྱར་ཞིབ་ལེ་ཚན་ནང་དུ་ལག་རྩལ་གསར་པ་དེའི་སྐོར་ངོ་སྤྲོད་ཁག་ཅིག་ཞུ་རྒྱུ་ཡིན

སྟོབས་ཆེན་རྒྱལ་ཁབ་ཚོའི་སྒང་ཕུག་གི་འཐབ་འཁྲུག - ཟླ་བ་གཉིས་པ། ༡༤, ༢༠༢༣ 13.02.2023

འདས་པའི་གཟའ་མཇུག་དེར་ཨ་རིའི་གནམ་དམག་གིས་བྱང་ཨ་རིའི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་སྒང་ཕུག་གམ། འཕུར་གྲུ་གསུམ་ལ་འཕུར་མདེལ་བརྒྱབ་ནས་གཏོར་ཡོད་ཅིང་། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་ཡུལ་འདིའི་མཚོ་རྒྱུད་དུ་འཕུར་ལྡིང་བྱེད་བཞིན་པའི་སྒང་ཕུག་གཅིག་གཏོར་རྒྱུ་ཡིན་ཞེས་བསྒྲགས།

ཨ་རྒྱའི་སྒང་ཕུག་དོན་རྐྱེན་ལས་མཐོང་ཐུབ་པའི་འགལ་ཟླ་ཁག - ཟླ་བ་གཉིས་པ། ༠༧, ༢༠༢༣ 06.02.2023

རྒྱ་ནག་གི་གསང་ཉུལ་སྒང་ཕུག་ཅིག་ཨ་རིའི་མཁའ་དབྱིངས་སུ་བསླེབས་ནས་ཉིན་ཤས་ཕྱིན་པའི་རྗེས་སུ་ཨ་རིའི་གནམ་དམག་གིས་འཕུར་མདེལ་བརྒྱབ་ནས་གཏོར་ཡོད་ཅིང་། འདི་ནི་རྒྱ་ནག་གི་གསང་ཉུལ་སྒང་ཕུག་ཅིག་ཨ་རིའི་མཁའ་དབྱིངས་སུ་བཏང་བའི་རྩོད་གཞི་ཁོ་ན་མིན་པར་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་སྣ་མང་ཞིག་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་ཤོག་དཀར་ལས་འགུལ་བ་ཚོར་དྲག་གནོན། - ཟླ་བ་དང་པོ། ༣༡, ༢༠༢༣ 30.01.2023

ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་གཞུང་ལ་ངོ་རྒོལ་གྱི་ཤོག་དཀར་ལས་འགུལ་ཞིག་ལངས་ཏེ་ཟླ་བ་༢་ལྷག་ཕྱིན་ཡོད་ཅིང་། དེང་སྐབས་རྒྱ་ནག་གཞུང་གིས་ཤོག་དཀར་ལས་འགུལ་ལ་ཞུགས་པའི་ངོ་རྒོལ་བ་རྣམས་རེ་རེ་བཞིན་འཛིན་བཟུང་བྱེད་བཞིན་ཡོད་འདུག

ནད་ཡམས་ཀྱི་འགྲོ་སོང་དང་རྒྱ་ནག་གི་ས་གནས་གཞུང་ཁག་གི་ནོར་སྲིད་དཀའ་ངལ། - ཟླ་བ་དང་པོ། ༢༩, ༢༠༢༣ 28.01.2023

རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ལ་བྱུང་སོང་ཁ་མ་མཚུངས་པའི་དཀའ་ངལ་ཕྲད་ནས་ལོ་འགའ་ཞིག་ཕྱིན་ཡོད་ཅིང་། ད་དུང་དེའི་ཁར་འདས་པའི་ལོ་གསུམ་གྱི་རིང་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་དམིགས་བསལ་གྱི་འགྲོ་སོང་ཆེན་པོ་བཏང་དགོས་བྱུང་སྟེ་རྒྱ་ནག་གི་ས་གནས་ཁག་ལ་ནོར་སྲིད་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

རྒྱ་མིའི་མི་འབོར་གྱི་ཉུང་དུ་འགྲོ་བཞིན་པས་བོད་ལ་ཤུགས་རྐྱེན་། - ཟླ་བ་དང་པོ། ༢༥, ༢༠༢༣ 25.01.2023

རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་གི་ཡོད་པ་འདིས་རྒྱ་ནག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ཐེབ་རྒྱུའི་སྐོར་ལ་མི་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད་ དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་རྒྱ་མིའི་མི་འབོར་ཉུང་དུ་འགྲོ་བཞིན་པ་འདིས་བོད་ལ་ཤུགས་རྐྱེན་གང་ཐེབས་སྲིད་པའི་སྐོར་ལ་གླེང་སློང་ཞུ་གི་ཡིན་

བྲོས་བྱོལ་དུ་འགྲོ་བཞིན་པའི་རྒྱ་ནག་གི་ཚོང་པ། - ཟླ་བ་དང་པོ། ༢༢, ༢༠༢༣ 21.01.2023

འདས་པའི་ལོ་གཉིས་ཡས་མས་ཤིག་གི་རིང་བྲོས་ཟེར་བའི་ཚིག་འདི་རྒྱ་ནག་གི་ཁེ་ལས་པ་ཚོས་བཀོལ་སྤྱོད་བཏང་བའི་མིང་ཚིག་གལ་འགངས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པར་མ་ཟད། ཐ་ན་དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མིང་ཚིག་འདི་བཀོལ་སྤྱོད་བྱེད་མི་ཆོག་པ་ཞིག་ཏུ་གྱུར་འདུག

ཉི་ཧོང་གིས་དམག་སྟོབས་རྒྱ་སྐྱེད་གཏོང་དགོས་པའི་རྒྱུ་རྐྱེན། - ཟླ་བ་དང་པོ། ༡༧, ༢༠༢༣ 16.01.2023

ཉེ་དུས་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་ཨ་རི་གཙོས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ཏེ་རྒྱལ་ཁབ་དེ་དག་ལ་དམག་དོན་གྱི་འབྲེལ་བ་སྔར་ལས་དམ་ཟབ་གཏང་རྒྱུའི་གྲོས་མཐུན་ཁག་ཅིག་བཞག་ཡོད་པ་མ་ཟད། རྒྱལ་ནང་དུ་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་ཧ་ལམ་ལྡབ་གཅིག་ཙམ་སྤར་ཡོད་།

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་བམ། - ཟླ་བ་དང་པོ། ༡༤, ༢༠༢༣ 13.01.2023

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པ་ནི་དེང་སྐབས་རྒྱལ་སྤྱིར་འཕྲད་བཞིན་པའི་ཉེན་ཁ་ཆེ་ཤོས་དེ་ཡིན་ཞིང་། གལ་ཏེ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་དམག་འཁྲུག་དེ་གང་འདྲ་ཞིག་ཏུ་འགྱུར་སྲིད་མིན་ཐད། ཉེ་དུས་ཉམས་ཞིབ་པ་ཁག་ཅིག་གིས་ཚོད་ལྟའི་དམག་ཐབ་ཞིག་བྱས་འདུག

ལོ་གསར་པའི་འཛམ་གླིང་གི་ཉེན་ཁ་ཆེ་ཤོས་ཀྱི་གནད་དོན་ཁག - ཟླ་བ་དང་པོ། ༠༦, ༢༠༢༣ 05.01.2023

ལོ་གསར་པ་ཤར་བའི་དུས་སུ་འཛམ་གླིང་གི་དཔྱད་ཞིབ་པ་ཚོས་ལོ་གསར་པ་འདིའི་ནང་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ཞི་བདེ་སོགས་ལ་ཉེན་ཁ་བཟོ་སྲིད་པའི་གནད་དོན་གཙོ་བོ་ཅི་ཡིན་སྔོན་དཔག་བྱེད་སྲོལ་ཡོད།

རྒྱ་ནག་གི་མི་རབས་གསར་པར་སྐྱར་དུ་གདེང་འཇོག་ - ཟླ་བ་བཅུ་གཉིས། ༠༢, ༢༠༢༢ 01.12.2022

དེང་སྐབས་རྒྱ་ནག་ནང་བྱུང་བཞིན་པའི་ངོ་རྒོལ་གྱི་ལས་འགུལ་འདིའི་ནང་སྣེ་ཁྲིད་བྱེད་མཁན་མང་ཆེ་བ་ནི་རྒྱ་ནག་གི་མི་རབས་གསར་པའི་གཞོན་སྐྱེས་ཚོ་ཡིན་ཅིང་ དེའི་སྔོན་ལ་མི་རབས་གསར་པ་དེ་ཚོ་ནི་ཡང་ནང་རྒྱ་མིའི་མི་རིགས་རིང་ལུགས་ཀྱི་ངར་རྒྱས་ཅན་དང་ཡང་ན་རང་གི་ཁེ་ཕན་ཆུང་ཆུང་མཁོ་ན་མ་ཏོག་བསམ་རྒྱུ་མེད་པར་ངོས་འཛིན་བྱས་ཡོད་པ་རེད་

ཤོག་དཀར་གསར་བརྗེ། - ཟླ་བ་བཅུ་གཅིག་པ། ༢༩, ༢༠༢༢ 28.11.2022

འདས་པའི་ཉིན་གཉིས་རིང་རྒྱ་ནག་གི་ས་ཁུལ་བཅུ་ཕྲག་འགའ་ཞིག་ཏུ་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་མ་ཟད། ད་དུང་ཡང་ངོ་རྒོལ་ལས་འགུལ་དེ་ཚོ་ཞི་འཇམ་འགྲོ་རྒྱུའི་རྟགས་མཚན་མེད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

རྒྱ་ནག་ལ་ངོ་རྒོལ་གྱི་རླུང་འཚུབ་ལྡང་བའི་མཚན་མོ། - ཟླ་བ་བཅུ་གཅིག་པ། ༢༨, ༢༠༢༢ 27.11.2022

རྒྱ་ནག་ལ་ཡུན་རིང་ཆབ་སྲིད་ཀྱི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་བྱུང་བ་ཧ་ཅང་མཐོང་ཐོས་དཀོན་མོད། མདང་དགོང་ཧྲང་ཧེ་དང་པེ་ཅིང་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་དུ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་བྱུང་འདུག དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ཁ་ཊར་ལ་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་ཇི་ལྟར་ཐོབ་མིན། - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༢ 21.11.2022

ཁ་སང་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་འཛམ་གླིང་གསེར་བུམ་ཁ་ཊར་རྒྱལ་ཁབ་ཏུ་འགོ་ཚུགས་ཡོད་ཅིང་། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཆུང་ཆུང་དེར་འཛམ་གླིང་གི་རྩེད་འགྲན་ཆེ་ཤོས་ འདིའི་མགྲོན་བདག་ཇི་ལྟར་ཐོབ་མིན་ཐད་དེང་སྐབས་མི་མང་པོས་དོ་སྣང་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།

བྷ་ཌན་དང་ཞིས་ཅིན་ཕིང་གི་ལྷན་འཛོམ། - ཟླ་བ་བཅུ་གཅིག་པ། ༡༥, ༢༠༢༢ 14.11.2022

གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ངོ་ཐུག་སྟེ་མཇལ་འཕྲད་ཐེངས་དང་པོ་དེ་བྱུང་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལེ་ཚན་ལ་ཆེས་མཐོའི་ལྷན་འཛོམ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

Listen to the བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། podcast in Replaio

Radio and podcasts in one app - free, with no sign-up. Install today and do not miss the launch

Get it on Google Play

Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.