VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 206 episodes

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Author

VOA

Category

News

Podcast website

www.voatibetan.com

Latest episode

Jun 4, 2024

Where to listen?

Podcasts in the app Replaio Radio Coming soon

Podcasts are coming to the app soon. Install now and be the first to see a whole new take on podcasts

Get it on Google Play Install for free Android 5M+ downloads · 4.8 rating iOS soon

Episodes

ནུབ་ཆིངས་སྒྲིག་འཛུགས། - ཟླ་བ་བདུན་པ། ༡༢, ༢༠༢༣ 11.07.2023

ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དང་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་སོགས་ཀྱིས་དེང་སྐབས་ནུབ་ཆིངས་ཀྱི་ལས་འགན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་རྒྱུ་ཡིན།།

ཨ་རིའི་ནོར་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་འདྲི། - ཟླ་བ་བདུན་པ། ༡༡, ༢༠༢༣ 10.07.2023

འདས་པའི་ཉིན་ཤས་རིང་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལཱེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་སྲིད་བློན་ལི་ཆང་སོགས་ལ་ཆུ་ཚོད་མང་པོར་གྲོས་མོལ་གནང་ཡོད་ཅིང་། ད་རེས་ཀྱི་འཚམས་འདྲི་འདིས་ཨ་རྒྱའི་འབྲེལ་བར་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་སྲིད་མིན་ཐད་ལྟ་ཚུལ་འདྲ་མིན་ཞིག་ཐོན་འདུག

ཞིས་ལ་འཕྲད་པའི་ཕུ་ཊིན་གྱི་ཉེ་ཁ། - ཟླ་བ་བདུན་པ། ༠༣, ༢༠༢༣ 03.07.2023

ལོ་ཤས་གོང་ནས་ཞིས་ཅིན་ཕིང་གིས་ཨུ་རུ་སུར་མཐུན་གྲོགས་བསྒྲིགས་ཏེ་ཨ་རིར་ཁ་གཏད་གཅག་རྒྱུའི་ཐབས་ཇུས་ཤིག་བཟུང་མོད། འོན་ཀྱང་ཡུན་རིང་གི་ཐབས་ཇུས་ཀྱི་དམིགས་ཡུལ་འདི་འགྲུབ་པར་ཕུ་ཊིན་གྱི་སྲིད་དབང་བརྟན་དགོས་ཤིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ཞིས་ཅིན་ཕིང་རྩིས་ནོར་ཐེབས་ཡོད་མེད་ཐད་གླེང་སློང་ཞུ་རྒྱུ་ཡིན།

ཕུ་ཊིན་གྱི་ནང་འཁོར་ཚོར་བློ་འཚབ། - ཟླ་བ་དྲུག་པ། ༣༠, ༢༠༢༣ 29.06.2023

ཉེ་དུས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པའི་གླས་དམག་གི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱས་ཡོད་ཅིང་། དེང་སྐབས་ཕུ་ཊིན་དང་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པའི་ནང་ཁུལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་བློ་འཚབ་བྱེད་ཡས་ཀྱི་གདན་དོན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་ནང་འཁྲུག - ཟླ་བ་དྲུག་པ། ༢༦, ༢༠༢༣ 26.06.2023

འདས་པའི་གཟའ་འཇུག་དེར་ཨུ་རུ་སུར་དྲག་པོའི་གྱེན་ལོག་དང་ནང་འཁྲུག་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་ཅིང་། ད་ལྟ་ཟང་ཟིང་གི་གནས་ཚུལ་མང་ཆེ་བ་ཞི་འཇམ་ཕྱིན་ཡོད་ཀྱང་ཨུ་རུ་སུའི་ནང་འཁྲུག་དང་ངོ་ལོག་གི་ཤུགས་རྐྱེན་ངོ་མ་དེ་ད་གཟོད་འགོ་ཚུགས་ཀྱི་ཡོད་པ་རེད། དེ་རིང་གི་ང་ཚོའི་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཅི་ཙམ་ཉེ་རུ་འགྲོ་རྒྱུ་ཡིན་ནམ། - ཟླ་བ་དྲུག་པ། ༢༣, ༢༠༢༣ 22.06.2023

དེ་རིང་སྲིད་འཛིན་བྷ་ཌན་ནས་རྒྱ་གར་གྱི་སྲིད་བློན་མོ་དྷིར་དགའ་བསུའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཀྱི་ཡོད་ཅིང་། དེང་སྐབས་རྒྱལ་སྤྱིའི་ཁོར་ཡུག་ནང་དུ་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་འདི་དམ་ཟབ་ཅི་ཙམ་འགྲོ་ཐུབ་མིན་ཐད་མི་ཚོས་དོ་སྣང་བྱེད་ཀྱི་ཡོད་།།

སྲིད་འཛིན་བྷཡེ་ཌན་གྱིས་རྒྱ་གར་གྱི་སྲིད་བློན་མོ་རྡི་ཡི་འཚམས་གཟིགས་ལ་གནད་འགག་ཆེན་པོ་གཟིགས་ཀྱི་ཡོད་པ། - ཟླ་བ་དྲུག་པ། ༢༢, ༢༠༢༣ 21.06.2023

༄༅། །ཨ་རིའི་ནང་ཕེབས་འབྱོར་ཟིན་པའི་རྒྱ་གར་གྱི་སྲིད་བློན་ན་རེན་ཌ་མོ་རྡི་མཆོག་གི་ཨ་རིར་རྒྱལ་དོན་འཚམས་གཟིགས་དེ་ཆགས་ཀྱི་ཡོད་པས་དེའི་གནད་འགག་དང་མཇུག་འབྲས་ཇི་བྱུང་སོགས་ཀྱི་ཐོག་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཆབ་སྲིད་བསྐྱར་ཞིབ་པས་བསམ་ཚུལ་འདོན་སྤེལ་བྱས་པ་དེ་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

དཀའ་ངལ་འཕྲད་བཞིན་པའི་རྒྱ་ནག་གི་དཔལ་འབྱོར། - ཟླ་བ་དྲུག་པ། ༢༡, ༢༠༢༣ 20.06.2023

ད་ལོའི་མགོ་སྟོད་དུ་དཔལ་འབྱོར་ཉམས་ཞིབ་པ་མང་པོས་ནད་ཡམས་བཀག་སྡོམ་མཇུག་སྒྲིལ་བའི་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་མདུན་སྐྱོད་ཆེན་པོ་བྱེད་ཐུབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་མང་པོ་ཞིག་འཕྲད་བཞིན་ཡོད་པས་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ཡུཀ་རེན་གྱི་དམག་འཁྲུག་ཨུ་རུ་སུར་ཁྱབ་གདལ། - ཟླ་བ་དྲུག་པ། ༠༨, ༢༠༢༣ 08.06.2023

འདས་པའི་ལོ་གཅིག་ལྷག་ལ་ཨུ་རུ་སུའི་མི་དམངས་ཀྱི་ངོས་ནས་བཤད་ན་ཡུཀ་རེན་གྱི་དམག་འཁྲུག་དེ་རང་གི་ཉིན་རེའི་འཚོ་བར་ཐད་ཀར་འབྲེལ་བ་མེད་པ་ཞིག་ཏུ་སྣང་། ད་ལྟ་དམག་འཁྲུག་དེ་རིམ་བཞིན་ཨུ་རུ་སུའི་རྒྱལ་ནང་དུ་ཁྱབ་ཀྱི་ཡོད་ཅིང་། དེ་རིང་གི་ང་ཚོའི་སྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།

རྒྱ་གར་གྱི་མེ་འཁོར་ཇི་ཙམ་ཡིད་བརྟོན་རུང་བ་ཡིན་པའི་སྐོར་གླེང་བ། - ཟླ་བ་དྲུག་པ། ༠༨, ༢༠༢༣ 07.06.2023

༄༅། །རྒྱ་གར་གྱི་མངའ་སྡེ་ཨོ་ཌི་ཤར་མེ་འཁོར་གྱི་རྡུང་ག་འཚབ་ཆེན་པོ་བྱུང་རྗེས་རྒྱ་གར་གྱི་མེ་འཁོར་ཇི་ཙམ་བརྟན་ཚུགས་དང་ཡིད་བརྟོན་རུང་བ་ཡིན་པའི་སྐོར་ལ་འཕྲུལ་རིག་མཁས་པ་ཚོས་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་། །ད་ལམ་དོན་རྐྱེན་དེར་ཞིབ་དཔྱོད་འགོ་འཛུགས་བྱས་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།

ལྷོ་ཀོ་རི་ཡར་ཚོགས་པའི་མན་ཇུའི་རྒྱལ་ཁབ་སླར་གསོའི་ཚོགས་འདུ། - ཟླ་བ་དྲུག་པ། ༠༦, ༢༠༢༣ 05.06.2023

སྤྱི་ཟླ་༦་པའི་ཚེ་༢་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་མན་ཇུའི་རྒྱལ་ཁབ་སླར་གསོའི་བརྗོད་གཞིའི་ཐོག་ཏུ་འབྲེལ་ཡོད་མི་སྣ་བརྒྱ་ཕྲག་འགའི་ལྷན་ཚོགས་ཤིག་བསྐོངས་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ཚོགས་འདུ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།

དྲུག་བཞིའི་དྲན་ཐོ། - ཟླ་བ་དྲུག་པ། ༠༤, ༢༠༢༣ 04.06.2023

རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་༣༤་ཕྱིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ངོས་རང་བོད་པ་ཞིག་གི་ངོས་ནས་སྐབས་དེའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དེ་གང་འདྲ་ཞིག་མཐོང་བའི་མྱོང་ཚོར་ཁག་ཅིག་ཞུ་རྒྱུ་ཡིན།

ཝ་ཤིང་ཊོན་དུ་བཅའ་སྡོད་གཞུང་ཚབ་པ་ཤུགས་རྐྱེན་ཆེ་ཤོས། - ཟླ་བ་དྲུག་པ། ༠༢, ༢༠༢༣ 01.06.2023

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ལ་གཞུང་ཚབ་ཆེན་མོ་ཞེས་འབོད་ཆོག་གི་མེད་ཅིང་། ལྕམ་ཤའོ་མེ་ ཆིན་ནི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་རྒྱལ་གྱི་སྐུ་ཚབ་བརྒྱ་ཕྲག་ཡོད་པ་དེ་དག་གི་གྲས་ནས་ཤུགས་རྐྱེན་ཆེས་ཤོས་དེར་ངོས་འཛིན་ཞུ་བཞིན་འདུག

རན་ཤའོ་ཧན་ནས་འཇིགས་མེད་རྣམ་རྒྱལ། - ཟླ་བ་ལྔ་པ། ༣༡, ༢༠༢༣ 30.05.2023

འདས་པའི་ལོ་མང་རིང་གསང་བའི་ཐོག་ནས་དྲྭ་ལམ་དུ་རྩོམ་བྲིས་ཏེ་རྒྱ་ནག་མི་དམངས་ཀྱི་བློ་སྒོ་འབྱེད་མཁན་རན་ཤའོ་ཧན་ལ་ཉེ་དུས་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་རན་ཤའོ་ཧན་ཟེར་ན་དེ་སུ་ཡིན་དང་བོད་པ་དྲྭ་ལམ་རྩོམ་འབྲི་བ་འཇིགས་མེད་རྣམ་རྒྱལ་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན།

ཨུ་རུ་སུའི་དམག་དཔུང་ནང་ཁུལ་དུ་འཁྲུག་རྩོད། - ཟླ་བ་ལྔ་པ། ༢༦, ༢༠༢༣ 25.05.2023

གཟའ་འཁོར་སྔོན་མར་ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་ལེན་ཐུབ་ཙམ་བྱུང་མོད། འོན་ཀྱང་རྒྱལ་ཁ་དེས་ཨུ་རུ་སུའི་དམག་གི་སྟོབས་ཤུགས་མཚོན་རྒྱུའི་ཚབ་ཏུ་ཨུ་རུ་སུའི་དམག་དཔུང་གི་ནང་ཁུལ་དུ་འཁྲུག་རྩོད་ཧ་ཅང་རྣོ་ངར་ལྡན་པ་ཞིག་འབྱུང་གི་ཡོད་པ་ཕྱི་ལ་མངོན་འདུག

འབྱོར་ལྡན་རྒྱལ་ཁབ་བདུན་དང་རྒྱ་ནག - ཟླ་བ་ལྔ་པ། ༢༤, ༢༠༢༣ 23.05.2023

འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་དེ་ཉི་ཧོང་དུ་མཇུག་སྒྲིལ་བའི་སྐབས་སུ་དམངས་གཙོའི་མཐུན་གྲོགས་ རྒྱལ་ཁབ་བདུན་པོས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་རྒྱུ་ནི་ཐེངས་འདིའི་ལྷན་ཚོགས་དེའི་ཐག་གཅོད་ གཙོ་བོ་ཞིག་ཏུ་གྱུར་འདུག

བུ་ལོན་དང་བུན་ཚད་ཀྱི་ཆབ་སྲིད། - ཟླ་བ་ལྔ་པ། ༡༢, ༢༠༢༣ 11.05.2023

ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་དང་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཟུང་གིས་ཨ་རིའི་དབུས་གཞུང་གིས་བུ་ལོན་བསྐྱི་ཕྱོགས་དང་བུ་ལོན་ཚད་མང་ཤོས་ཅི་ཙམ་ལེན་ཆོག་མིན་ཐད་རྩོད་གླེང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་རིང་གི་ང་ཚོས་བུན་ལོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་སྐོར་གླེང་སློང་ཞུ་རྒྱུ་ཡིན།

པདྨ་ཚེ་བརྟན་དང་གློག་བརྙན་ཁྱི་རྒན། - ཟླ་བ་ལྔ་པ། ༠༩, ༢༠༢༣ 08.05.2023

བོད་ནང་གི་གློང་བརྙན་ཁྲབ་འཁྲིད་པ་པདྨ་ཚེ་བརྟན་གློ་བུར་དུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག པདྨ་ཚེ་བརྟན་ནི་དེང་དུས་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་བ་ཧ་ཅང་དམིགས་བསལ་ཅན་ཞིག་ཡིན་ཞིང་། དེ་རིང་ང་ཚོའི་ལེ་ཚན་ནང་ཁོང་གི་གློག་བརྙན་སྒྱུ་རྩལ་དང་གོ་དོན་སོགས་ཀྱི་མཐོང་ཚུལ་འགའ་སྙན་སྒྲོན་ཞུ་ཡི་ཡིན།།

རྒྱ་གར་གྱིས་རྒྱ་ནག་ལྟར་དཔལ་འབྱོར་མཆོང་སྐྱོད་བྱེད་ཐུབ་བམ། - ཟླ་བ་ལྔ་པ། ༠༥, ༢༠༢༣ 04.05.2023

ཟླ་བ་འདིར་རྒྱ་གར་གི་མི་འབོར་རྒྱ་ནག་ལས་མང་དུ་ཕྱིན་ཏེ་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར། རིང་མིན་རྒྱ་གར་གྱིས་དེ་སྔ་རྒྱ་ནག་གིས་བསྒྲུབས་པ་ལྟར་མི་འབོར་བེད་སྤྱོད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཞིག་གཏང་ཐུབ་མིན་ཐད་དེང་སྐབས་མི་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་།

བཅོས་རིག་གསར་གཏོད་པའི་ཉེན་བརྡ། - ཟླ་བ་ལྔ་པ། ༠༣, ༢༠༢༣ 02.05.2023

བཅོས་རིག་གམ། མི་བཟོས་རིག་ནུས་ཀྱི་ནུས་པ་མྱུར་དུ་ཆེ་རུ་ཕྱིན་ཡོད་པར་མ་ཟད། བཟོ་ཚོང་ལས་ཁུངས་ཕན་ཚུན་དང་རྒྱལ་ཁབ་ཁག་བཅོས་རིག་གི་ལག་རྩལ་ཐད་འགྲན་རྩོད་ཆེན་པོ་ཞིག་ཚུགས་ཡོད་ཅིང་། ད་ལྟའི་བཅོས་རིག་ལག་རྩལ་འདི་ཐོག་མར་གསར་གཏོད་བྱེད་མཁན་གྱིས་མི་བཟོས་རིག་ནུས་འདི་ཉེན་ཁའི་དུས་སུ་བསླེབས་ཡོད་པའི་ཉེན་བརྡ་བཏང་འདུག

ཤུའི་ཀྲི་ཡུང་དང་བོད། - ཟླ་བ་བཞི་པ། ༡༨, ༢༠༢༣ 17.04.2023

གཟའ་འཁོར་སྔོན་མ་རྒྱ་ནག་གཞུང་གི་ཁྲིམས་ཁང་ཞིག་གིས་ཁྲིམས་རྩོད་པ་གྲགས་ཅན་ཤུའི་ཀྲི་ཡུང་ལ་རྒྱ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་བྱས་ནས་ལོ་བཅུ་བཞི་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། སྐུ་ཞབས་ཤུའི་ཀྲི་ཡུང་ནི་ཡུན་རིང་ནས་བོད་པའི་ཐོབ་ཐང་ལ་དོ་སྣང་གནང་མཁན་ཞིག་ཡིན་།

མེཀ་རོན་གྱིས་རྒྱ་ནག་ལ་འཆང་བའི་རྨི་ལམ་། - ཟླ་བ་བཞི་པ། ༡༡, ༢༠༢༣ 10.04.2023

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཕེབས་ཏེ་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱུང་ཞིང་། ཁོང་གིས་ཡུ་རོབ་ཀྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཨ་རིའི་རྗེས་སུ་འབྲངས་པ་ཞིག་མ་ཡིན་པར་རང་བཙན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་ཞེས་བཤད་པ་དེར་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེན་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རི་དང་ཐེ་ཝན་གྱི་འབྲེལ་བའི་ལམ་སྲོལ་གསར་པ། - ཟླ་བ་བཞི་པ། ༠༦, ༢༠༢༣ 06.04.2023

གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་མཇལ་འཕྲད་བྱུང་ཡོད་ཅིང་། ཉེ་དུས་ཤིག་ནས་ཨ་རི་དང་ཐེ་ཝན་གྱི་མཐོ་རིམ་དབུ་ཁྲིད་ཁག་མཇལ་འཕྲད་གནང་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་དེ་དག་གི་འབྲེལ་བའི་ལམ་སྲོལ་གསར་པ་ཞིག་ཏུའང་འགྱུར་བཞིན་ཡོད་འདུག

ཨུ་རུ་སུའི་དམག་དོན་དྲྭ་ལམ་རྩོམ་འབྲི་བ་དེ་ཚོ་སུ་རེད། - ཟླ་བ་བཞི་པ། ༠༤, ༢༠༢༣ 03.04.2023

རེས་གཟའ་ཉི་མའི་ཉིན་ཨུ་རུ་སུའི་དམག་དོན་དྲྭ་ལམ་དུ་རྩོམ་ཡིག་འབྲི་མཁན་སྐད་སྒྲགས་ཅན་ཞིག་ལྐོག་གསོད་བྱས་ཡོད་ཅིང་། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་། ཨུ་རུ་སུའི་རྒྱལ་ནང་དུ་དམག་འཁྲུག་གི་སྐོར་ལ་དྲྭ་ལམ་དུ་གནས་ཚུལ་སྤེལ་མཁན་ཁག་ཅིག་བྱུང་ཡོད་པ་དེ་དག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་

ཚེ་དབྱིན་ཝེན་དང་མ་དབྱིན་ཇུག་གི་འཚམས་འདྲི། - ཟླ་བ་གསུམ་པ། ༣༡, ༢༠༢༣ 30.03.2023

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀར་ཕེབས་ཏེ་དེ་འཚམས་འདྲི་གནང་འགོ་ཚུགས་འདུག དེ་བཞིན་ཉིན་ཤས་གོང་ནས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ཀྱང་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཚེ་དང་མ་གཉིས་ཀྱི་འཚམས་འདྲི་འདིས་ད་ལྟའི་ཐེ་ཝན་གྱི་གནས་སྟངས་མ་འདྲ་བ་གཉིས་མཚོན་ཐུབ།

Listen to the བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། podcast in Replaio

Radio and podcasts in one app - free, with no sign-up. Install today and do not miss the launch

Get it on Google Play

Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.