VOA

ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 23 episodes

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

Be sure to visit the podcast's website and support the creator: www.voatibetan.com

Author

VOA

Category

News

Podcast website

www.voatibetan.com

Latest episode

Nov 12, 2024

Where to listen?

Podcasts in the app Replaio Radio Coming soon

Podcasts are coming to the app soon. Install now and be the first to see a whole new take on podcasts

Get it on Google Play Install for free Android almost 10M downloads · 4.8 rating iOS soon

Episodes

བདམས་ཐོན་སྲིད་འཛིན་ཊམ་ཕོ་བྲང་དཀར་པོར་མགྲོན་འབོད་ཞུས་པ། - ཟླ་བ་བཅུ་གཅིག་པ། ༡༢, ༢༠༢༤ 12.11.2024

སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་རྒྱུན་སྲོལ་བཞིན་བདམས་ཐོན་སྲིད་འཛིན་ཌལ་ནལ་་ཊམ་ཕོ་བྲང་དཀར་པོར་མགྲོན་འབོད་ཞུས་ཡོད་ཀྱང་༢༠༢༠་ལོའི་སྲིད་འཛིན་གྱི་འོས་འདེམས་སྐབས་ཊམ་གྱིས་བྷ་ཌན་ཕོ་བྲང་དཀར་པོར་མགྲོན་འབོད་ཞུས་མེད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྲིད་འཛིན་གྱི་འོས་མི་ཧེ་རི་སི་དང་ཊྲམ་གཉིས་ཀྱིས་ཁ་ས་འོས་བསྡུའི་དྲིལ་བསྒྲཌ་ལས་འགུལ་ཤུགས་ཆེ་གནང་བ། - ཟླ་བ་བཅུ་གཅིག་པ། ༠༥, ༢༠༢༤ 05.11.2024

ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མི་ལྕམ་ཀམ་ལ་ཧེ་རི་སི་དང་། སྲིད་འཛིན་ཟུར་པ་ཌོ་ནཱལ་ཊྲམ་གཉིས་ཀྱིས་ལོ་རྒྱུས་ནང་ཡོངས་གྲཌ་ཆེན་པོ་ཆགས་སྲིད་པའི་འདི་ལོའི་འོས་བསྡུའི་སྔ་ཉིན་ཏེ། ཁ་ས་གཟའ་ཟླ་བའི་ཉིན་མི་མང་ཚོ་ནས་འོས་ཤོག་རག་རྒྱུར་ཁོང་རྣམ་གཉིས་ཀྱིས་དྲིལ་བསྒྲཌ་ཀྱི་ལས་འགུལ་ཚ་ཚ་འུར་འུར་གྱི་ཐོག་ནས་གནང་ཡོད་སྐོར།

ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་དེར་ཌམ་དང་ཀ་མ་ལ་གཉིས་ཕན་ཚུན་བསྙོན་འཛུགས་བྱེད་རེས། - ཟླ་བ་བཅུ་པ། ༣༡, ༢༠༢༤ 31.10.2024

ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱེད་པར་བདུན་ཕྲག་གཅིག་ལས་མེད་པའི་མཚམས་འདིར་སྲིད་འཛིན་ཟུར་པ་ཌམ་དང་སྲིད་འཛིན་སྐུ་གཞོན་ཀ་མ་ལ་གཉིས་ཕན་ཚུན་བསྙོན་འཛུགས་ཅན་གྱི་གཏམ་བཤད་བྱས་ཏེ་འོས་བསྡུའི་དྲིལ་བསྒྲགས་ཀྱི་མཐའ་མའི་ཚོགས་འཛོམས་བྱེད་ཀྱི་ཡོད་པའི་སྐོར་རྣམ་རྒྱལ་ཤཱཤྟྲིས་སྙན་སྒྲོན་ཞུ་ཡི་རེད།

ཨ་རིའི་གདོད་མའི་མི་རིགས་ཚོས་འོས་བསྡུའི་ཁ་ཕྱོགས་བསྒྱུར་སྲིད་ནའང། ཕྱོགས་གང་ལ་བསྐྱོད་དམ། - ཟླ་བ་བཅུ་པ། ༠༩, ༢༠༢༤ 09.10.2024

གདོད་མའི་མི་རིགས་ཚོས་ སྲིད་དོན་ཚོགས་པ་གང་གི་འོས་མིར་འོས་མང་བ་འཕེན་བ་ཡིན་ཚེ་ དེ་དག་གིས་མཐའ་མའི་འོས་ཐོབ་ཤོར་ལ་ཁྱད་པར་བཟོ་སྲིད་པ།

ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར། - ཟླ་བ་དགུ་པ། ༡༢, ༢༠༢༤ 11.09.2024

ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རེས་གཟའ་མིག་དམར་ཉིན་བསྒྲགས་གཏམ་སྤེལ་བའི་ནང་ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་ཉེའི་སྐབས་འདིར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ཐད་ལ་རྒྱབ་སྐྱོར་ཐད་བོད་དོན་ལས་འགུལ་བ་ཚོས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་གསལ་སྟོན་བྱས་འདུག

སྲིད་འཛིན་བྷ་ཌན་གྱིས་མང་གཙོ་ཚོགས་ཁོངས་ལ་ཁོང་སྲིད་འཛིན་འོས་མི་ཐད་གླེང་སློང་མཚམས་འཇོག་བྱེད་དགོས་གསུངས། - ཟླ་བ་བདུན་པ། ༠༩, ༢༠༢༤ 09.07.2024

རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འཕྲིན་ཡིག་ཞིག་གནང་ནས་ཁོང་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་རྒྱུར་ཆོད་སེམས་བརྟན་པོ་ཡིན་པས་དེའི་སྐོར་གླེང་སློང་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་འདུག

སྲིད་འཛིན་བྷཱཡེ་ཌེན་མཆོག་འགྲན་བསྡུར་མུ་མཐུད་བཞུགས་རྒྱུ་ཡིན་པ། - ཟླ་བ་བདུན་པ། ༠༥, ༢༠༢༤ 04.07.2024

སྲིད་འཛིན་བྷཱཡེ་ཌེན་མཆོག་དང་སྲིད་འཛིན་ཟུར་པ་ཌོ་ནཱལ་ཊྲམ་གཉིས་ཀྱིས་ཉེ་དུས་གནང་བའི་བགྲོ་གླེང་གི་སར་སྐུ་ཞབས་བྷཱཡེ་ཌེན་གྱི་བཀའ་ལན་དེ་དག་ཡག་པོ་བྱུང་མེད་རུང་། ཁོང་སྲིད་འཛིན་གྱི་འོས་བསྡུའི་འགྲན་བསྡུར་ནང་མུ་མཐུད་བཞུགས་རྒྱུའི་གསལ་བསྒྲགས་གནང་ཡོད་སྐོར།

བྷ་ཌན་དང་ཊོམ་གཉིས་ཀྱི་བགྲོ་གླེང་ལ་ཨ་རི་བ་མང་ཆེ་བས་ལྟ་རྩིས་ཡོད་པ། - ཟླ་བ་དྲུག་པ། ༢༧, ༢༠༢༤ 27.06.2024

སྲིད་འཛིན་ཇཱོ་བྷ་ཌན་དང་སྲིད་འཛིན་ཟུར་པ་ཌལ་ནལ་ཊོམ་གཉིས་ཀྱིས་རེས་གཟའ་ཕུར་བུའི་དགོང་དྲོ་བགྲོ་གླེང་ཐེངས་དང་པོ་གནང་སྐབས་ཨ་རི་བ་མང་ཆེ་བས་ལྟ་རྩིས་ཡོད་པ་དང་བགྲོ་གླེང་དེ་ནི་སྲིད་འཛིན་འོས་མི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ལས་དོན་ཐད་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར།

ཨ་རིའི་སྲིད་འཛིན་འོས་མི་རྣམ་པས་ཕྱི་འབྲེལ་སྲིད་ཇུས་ཐོག་ལངས་ཕྱོགས་ཇི་འདྲ་འཛིན་སྲིད་མིན། - ཟླ་བ་དྲུག་པ། ༢༦, ༢༠༢༤ 26.06.2024

ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་འོས་མིར་གཏན་འཁེལ་བྱུང་ངེས་ཡིན་པ་སྐུ་ཞབས་བྷ་ཌན་དང་སྐུ་ཞབས་ཁྲམ་གཉིས་ཀྱིས་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་ཇི་འདྲ་འཛིན་སྲིད་པའི་སྐོར་དཔྱད་གཏམ་སྤེལ་བ་ཁག་གི་སྙིང་བསྡུས་ཤིག་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་ལཱ་ཀྲིན་ཨ་མི་རི་ཀ་བའི་འོས་ཤོག་ཐོབ་ཐབས་བྱེད་པ། - ཟླ་བ་བཞི་པ། ༡༦, ༢༠༢༤ 15.04.2024

༄༅།། འདི་ལོ་ནི་ཨ་རིའི་སྲིད་འཛིན་འོས་འདེམས་བྱེད་པའི་ལོ་ཞིག་ཡིན་པར་བརྟེན་ནས་སྲིད་དོན་ཚོགས་པ་གཉིས་ཀས་ལཱ་ཀྲིན་ཨ་མི་རི་ཀ་བ་རྣམས་ཀྱི་འོས་ཤོག་ཐོབ་ཐབས་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཁྲམ་དང་བྷ་ཌན་གཉིས་དབར་འགྲན་རྩོད་བསྐྱར་མ་བྱེེད་སྲིད་པའི་སྔོན་ལ་སྤྱི་མཐུན་ཚོགས་པ་ཆིག་བསྒྲིལ་བྱ་རྒྱུར་དཀའ་ངལ་འཕྲད་པ། - ཟླ་བ་གཉིས་པ། ༢༧, ༢༠༢༤ 27.02.2024

ད་ལོའི་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པའི་ལས་ཐོག་སྲིད་འཛིན་འཇོ་བྷ་ཌན་གྱི་ཁ་གཏད་ལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་ཆགས་སྲིད་ན་ཡང་སྐུ་ཞབས་ཁྲམ་ནས་རང་གི་ཚོགས་པའི་ནང་ཆིག་བསྒྲིལ་དམ་གཟབ་གནང་ཐབས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཊོམ་ལ་ངོ་རྒོལ་བྱེད་མཁན་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོར་རྒྱབ་སྐྱོར་ཐོབ་མིན་གྱི་ཐེ་ཚོམ། - ཟླ་བ་གཉིས་པ། ༢༦, ༢༠༢༤ 26.02.2024

ཨ་རིའི་མངའ་སྡེ་ལྷོ་ཁེ་རོ་ལི་ཎའི་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་འདེམས་ནང་ལྕམ་ཎི་ཀི་ཧེ་ལི་ལས་སྲིད་ཟུར་ཊོམ་ལ་འོས་ཤོག་མང་བ་ཐོབ་ཡོད་པ་དེས་ཊོམ་ལ་རྒྱབ་སྐྱོར་མི་ཞུ་མཁན་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོར་དེ་སྔ་བཞིན་ཚོགས་པའི་ནང་རྒྱབ་སྐྱོར་དང་ཆེ་མཐོང་ཐོབ་མིན་ཐད་ཐེ་ཚོམ་ཡོང་གི་ཡོད་པའི་སྐོར།

སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུའི་ནང་ཊོམ་ལ་སླར་ཡང་རྒྱལ་ཁ་ཐོབ་པ། - ཟླ་བ་གཉིས་པ། ༢༦, ༢༠༢༤ 26.02.2024

ཨ་རིའི་མངའ་སྡེ་ South Carolina ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་སྔོན་འགྲོའི་འོས་བསྡུ་བྱེད་སྐབས་སྲིད་འཛིན་ཟུར་པ་ཌལ་ནལ་ཊོམ་ལ་སླར་ཡང་རྒྱལ་ཁ་ཐོབ་ཡོད་པར་བརྟེན་ནས་ཁོང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཆགས་རྒྱུར་ཐག་ཉེ་རུ་ཕྱིན་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཨ་རིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་ལ་མ་ལྟོས་པར་ཐའེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ། - ཟླ་བ་གཉིས་པ། ༢༣, ༢༠༢༤ 22.02.2024

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་རྒྱ་ནག་གནད་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་མཡེག་གྷལགྷར་གྱིས་ཨ་མི་རི་ཀའི་རྒྱལ་ཡོངས་འོས་བསྡུའི་ནང་ཆབ་སྲིད་ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་མིན་ལ་མ་བལྟོས་པར་ཐའེ་ཝན་ལ་རྒྱབ་སྐྱོར་དེ་སྲ་བརྟན་འགྱུར་མེད་ཐོག་གནས་ཀྱི་ཡོད་པའི་སྐོར་

བྷ་ཡེ་ཌེན་དང་ཊྲམ་གཉིས་ཀས་རྒྱ་ནག་ལ་གནོད་རྒྱུའི་དབྱེ་ཞིབ།  - ཟླ་བ་གཉིས་པ། ༡༣, ༢༠༢༤ 12.02.2024

༢༠༢༤ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེའི་མཐའ་མའི་འོས་མི་གཉིས་པོ་ནི་ལས་ཐོག་སྲིད་འཛིན་བྷ་ཡེ་ཌེན་དང་སྲིད་འཛིན་ཟུར་པ་ཊྲམ་ཆགས་སྲིད་པའི་གནས་སྟངས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་མི་བདེ་བར་འགྱུར་ནས་ལྟ་བཞིན་པ་དང་། བྷ་ཡེ་ཌེན་དང་ཊྲམ་གཉིས་ཀ་རྒྱ་ནག་ལ་གནོད་རྒྱུའི་དབྱེ་ཞིབ་མང་པོ་ཐོན་བཞིན་པ་ཁག་ཕྱོགས་བསྡུས་

སྲིད་ཟུར་ཏྲམ་གྱི་གཏམ་བཤད་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་ཡོང་གི་ཡོད་པ། - ཟླ་བ་གཉིས་པ། ༡༣, ༢༠༢༤ 12.02.2024

སྲིད་འཛིན་ཟུར་པ་ཏྲམ་གྱིས་འོས་བསྡུའི་ལས་འགུལ་གྱི་གཏམ་བཤད་ནང་། ནུབ་བྱང་རྒྱ་མཚོ་བྱང་མའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་བྱ་སྤྱོད་ཁག་ལ་གཞིགས་ཏེ་དྲག་པོའི་ལས་འཆར་ཐོག་འགྲོ་གྲོན་མང་དུ་མ་གཏང་བ་ཡིན་ན། ཨ་རིས་སྲུང་སྐྱོབ་བྱ་རྒྱུ་མིན་པའི་སྐོར་གྱི་བཀའ་མོལ་དེར་ནུབ་ཕྱོགས་ཡུལ་ཁག་དང་ཕོ་བྲང་དཀར་པོ་ནས་སྐྱོན་བརྗོད།

སྲིད་འཛིན་ཟུར་པ་ནས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་སྲིད་པ། - ཟླ་བ་གཉིས་པ། ༠༦, ༢༠༢༤ 05.02.2024

༄༅།། ཌོ་ཎལ་ཁྲོམ་ནི་སྲིད་འཛིན་ལས་ཡུན་གཅིག་གི་རྗེས་འོས་བསྡུའི་ནང་ཕམ་ཉེས་བྱུང་པའི་སྲིད་འཛིན་ཞིག་ཡིན་པ་དང་། དེ་རྗེས་ཁྲིམས་འགལ་གྱི་ནག་ཉེས་རིམ་པ་ཞིག་གདོང་ལེན་བྱེད་དགོས་བྱུང་བའི་སྲིད་འཛིན་ཟུར་པ་ཞིག་ཆགས་ཀྱི་ཡོད། ད་ཆ་བསྐྱར་དུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་སྲིད་པའི་མཚམས་སུ་སླེབས་ཡོད་པའི་སྐོར།

སྲིད་འཛིན་བྷ་ཌན་གྱི་འོས་བསྡུའི་རུ་ཁག་ལ་ཨ་རབ་མི་བརྒྱུད་ཀྱི་ཨ་རི་བས་རྒྱབ་སྐྱོར་ཕྱིར་འཐེན་གྱི་ཉེན་འཚབ། - ཟླ་བ་གཉིས་པ། ༠༢, ༢༠༢༤ 01.02.2024

ཨ་རིའི་ཡུལ་མིའི་ཁྲོད་ནས་ཨ་རབ་ཀྱི་མི་བརྒྱུད་དང་དེ་བཞིན་ཁ་ཆེ་བ་ཚོས་བྷ་ཌན་གྱིས་ཨིསི་རལ་ལ་འཛིན་པའི་སྲིད་ཇུས་ལས་པེ་ལེསེ་ཀྲན་གྱི་མི་མང་ལ་དཀའ་སྡུག་ཚབས་ཆེ་བཟོས་སོང་ཞེས་བརྗོད་ནས་ད་ཆ་སྐུ་ཞབས་བྷ་ཌན་ལ་འོས་ཤོག་འཕེན་རྒྱུ་མིན་ལུགས་བརྗོད་བཞིན་པ་འདིས་ད་ལོའི་འོས་བསྡུའི་སྐབས་སུ་བྷ་ཌན་ལ་དཀའ་ངལ་འཕྲད་སྲིད་པའི་སྐོར།

རྒྱ་ནག་གིས་ཨ་རིའི་སྲིད་འཛིན་འོས་མི་སུ་གནོད་ཚབས་ཆུང་བ་ཡོང་རྒྱུའི་ཐད་དོ་སྣང་བྱེད་བཞིན་པ། - ཟླ་བ་དང་པོ། ༣༡, ༢༠༢༤ 30.01.2024

༄༅།། རྒྱ་ནག་གིས་ཨ་རིའི་སྲིད་འཛིན་འོས་མིར་འགྱུར་སྲིད་པའི་འོས་མི་གཉིས་ནས་སུ་ཞིག་རྒྱ་ནག་ལ་གནོད་ཚབས་ཆུང་བ་ཆགས་རྒྱུའི་ཐད་དོ་སྣང་ཆེན་་པོ་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཎི་ཀི་ཧེ་ལེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་མུ་མཐུད་ཞུགས་འཆར་ཡོད་པ། - ཟླ་བ་དང་པོ། ༣༡, ༢༠༢༤ 30.01.2024

ཨ་རིའི་སྤྱི་མཐུན་ཚོགས་པའི་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་ལྕམ་ཎི་ཀི་ཧེ་ལེ་ཡིས་རེས་གཟའ་ཉི་མ་ཉིན་རང་གི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཚོར་དྲང་བདེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་དང་འབྲེལ་རང་ཉིད་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་མུ་མཐུད་ནས་མཉམ་ཞུགས་གནང་རྒྱུ་ཡིན་ཞེས་གསུངས་པའི་གནས་ཚུལ་ཞིག

ཊོམ་དང་ཧད་ལི་ཡའི་འོས་སྡུའི་འགྲན་སྡུར། - ཟླ་བ་དང་པོ། ༢༣, ༢༠༢༤ 22.01.2024

༄༅། །རེས་གཟའ་མིག་དམར་ཉིན་ཨ་རིའི་མངའ་སྡེ་ནིའུ་ཧམ་ཤ་ཡར་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་་མིའི་འོས་བསྡུའི་འགྲན་སྡུར་ནང་སྲིད་འཛིན་ཟུར་པ་ཊོམ་དང་ཡང་ན་ཁ་གཏད་ལྕམ་ཧེ་ལེ་སུར་རྒྱལ་ཁ་ཐོབ་ཀྱང་དེས་གང་ཞིག་མཚོན་གྱི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིསསྙན་སྒྲོན་ཞུ་ཡི་རེད།

སྲིད་འཛིན་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཚོགས་འཛོམས་དང་པོ། - ཟླ་བ་དྲུག་པ། ༢༢, ༢༠༢༠ 21.06.2020

༄༅། །རེས་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨོཀ་ལ་ཧ་མ་མངའ་སྡེའི་གྲོང་ཁྱེར་ཏུལ་སའི་ནང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འདུ་འཛོམས་ཆེན་མོ་ཞིག་ལ་གསུང་བཤད་གནང་སྐབས་དེང་སང་ཨ་རིའི་ནང་ངོ་རྒོལ་བྱེད་མཁན་ཚོར་སྐྱོན་བརྗོད་དང་ཏོག་དབྱིབས་ནད་ཡམས་ཁྱབ་འཕེལ་འགོག་ཐབས་ལ་ཁོང་གིས་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་ཡོད་ཅེས་གསུངས་འདུག

སྲིད་འཛིན་ཊན་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པས་སྐྱོན་བརྗོད། - ཟླ་བ་དྲུག་པ། ༡༨, ༢༠༢༠ 18.06.2020

༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་ཇཱོན་བྷོ་ཊོན་གྱིས་རང་གི་དྲན་ཐོ་བཀོད་པའི་དཔེ་དེབ་ཅིག་གཟའ་འཁོར་རྗེས་མར་འགྲེམ་སྤེལ་བྱ་འཆར་ཡོད་ཅིང་། དཔེ་དེབ་དེར་སྲིད་འཛིན་ཊམ་ལ་སྐྱོན་བརྗོད་ཁག་ཅིག་བྱས་ཡོད་པར་མ་ཟད། སྲིད་འཛིན་ཊམ་གྱིས་སྐྱོན་བརྗོད་དེ་རྣམས་རྫུན་གཏམ་རེད་ཅེས་དགག་པ་བརྒྱབ་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

Listen to the ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ། - ཨ་རིའི་རླུང་འཕྲིན་ཁང་། podcast in Replaio

Radio and podcasts in one app - free, with no sign-up. Install today and do not miss the launch

Get it on Google Play

Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.