SBS

SBS Tibetan - SBS བོད་སྐད་སྡེ་ཚན།

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Bezoek zeker de website van de podcast en steun de maker: www.sbs.com.au

Auteur

SBS

Categorie

News

Website van de podcast

www.sbs.com.au

Nieuwste aflevering

8 jul. 2026

Waar luisteren?

Podcasts in de app Replaio Radio Binnenkort beschikbaar

Podcasts komen binnenkort naar de app. Installeer nu en zie als eerste een compleet nieuwe kijk op podcasts

Download het op Google Play Gratis installeren Android bijna 10 mln downloads · beoordeling 4,8 iOS binnenkort

Afleveringen

ཨོ་སི་ཊོ་ལི་ཡའི་མི་སེར་ཆགས་པར་སྒུག་ཡུན་ཧ་ཅང་རིང་བར་སྐྱོན་བརྗོད། 28.05.2020

ཏོག་དབྱིབས་རིམ་ནད་ཁྱབ་གདལ་གྱི་རྐྱེན་པས་ཨོ་སི་ཊོ་ལི་ཡའི་མི་སེར་སྙན་ཞུའི་བརྒྱུད་རིམ་འགོར་ཡུན་རིང་དུ་ཕྱིན་ཡོད་པར་གཞིས་སྤོ་བའི་ཚོགས་སྡེ་ཁག་གིས་བློ་འཚབ་ཆེན་པོ་ཡོད་ལུགས་བརྗོད་ཡོད་འདུག

ལོ་འཁོར་གྱི་ཁྲལ་རྩིས་གནང་སྟངས་སྐོར་ཆེད་ལས་རྩིས་པའི་ལམ་སྟོན། 28.05.2020

རང་ཉིད་སྒེར་གྱི་ལོ་རེའི་ཡོང་འབབ་མང་ཉུང་ལ་མ་ལྟོས་པར་ཁྱེད་ལ་ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ཨང་རྟགས་ཡོད་ཚེ་ཁྲལ་རྩིས་དུས་ཐོག་ཏུ་གནང་བར་དགེ་མཚན་ཡོད་ཅེས་ཆེད་ལས་རྩིས་པ་སྐལ་བཟང་ཡོན་གཏན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

འཕྲལ་སེལ་ལས་བྱེད་པའི་ཐོབ་ཐང་ཆེད་ཁྲིམས་ཐག་གསར་པ་ཞིག་གཅོད་འདུག 22.05.2020

དབུས་གཞུང་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་པ་བཞིན། ཁྲིམས་ཁང་གིས་འཕྲལ་སེལ་ལས་བྱེད་པ་འགའ་ལ་གླ་ཡོད་དགོངས་ཞུའི་ཐོབ་ཐང་སྤྲོད་དགོས་པ་ཁྲིམས་ཐག་གཅོད་ཡོད་འདུག དེ་ནི་ཕུགས་རྒྱང་རིང་པོར་འཕྲལ་སེལ་ལས་བྱེད་པ་སྟོང་ཕྲག་མང་པོར་ཕན་པའི་ཁྲིམས་གཅོད་ཅིག་ཡིན་པར་བརྟེན་ལས་མིའི་སྐྱིད་སྡུག་གིས་དེར་དགའ་བསྲུ་ཞུས་ཡོད་པ་རེད་འདུག

ཁུན་སི་ལན་ཌི་མངའ་སྡེས་མུ་མཐུད་ས་མཚམས་སྒོ་རྒྱག་པར་ཁྲིམས་དོན་ལག་བསྟར། 22.05.2020

ཨོ་སི་ཊོ་ལི་ཡའི་ནང་སྲིད་བློན་ཆེན་སྐུ་ཞབས། Peter Dutton མཆོག་གི་རྒྱབ་སྐྱོར་འོག་ཁུན་སི་ལན་ཌི་མངའ་སྡེས་ས་མཚམས་མུ་མཐུད་སྒོ་རྒྱག་པར་ཁྲིམས་ཐོག་ནས་རྩོད་ལེན་གནང་འཆར་ཡོད་འདུག དེ་ཡང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་ཡོང་ཐབས་སུ་དབུས་གཞུང་གིས་མངའ་སྡེ་དང་ས་ཁུལ་སོ་སོའི་གཞུང་ལ་ཡུལ་སྐོར་བ་ཆེད་ས་མཚམས་སྒོ་ཕྱེས་བར་གནོན་ཤུགས་སྤྲོད་བཞིན་པ་རེད་འདུག

ཨོ་སི་ཊོ་ལི་ཡའི་ནང་གསར་དུ་འབྱོར་བའི་བོད་མི་ཞིག་གི་འཚོ་བའི་གནས་སྟངས། 20.05.2020

རྒྱ་གར་ནས་གསར་དུ་འབྱོར་བའི་བོད་མི་ཀརྨ་བསྟན་འཕེལ་ལགས་དང་མཉམ་དུ། ཨོ་སི་ཊོ་ལི་ཡའི་ནང་གི་མི་ཚེའི་འཚོ་བ་གསར་པ་དང་། ལྷག་པར་དུ་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་དང་དམ་བསྒྲགས་འོག་ལ། གསར་དུ་འབྱོར་མཁན་བོད་མི་གཅིག་ལ་མཚོན་ན་ཨོ་སི་ཊོ་ལི་ཡའི་ནང་འཚོ་བའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་སྐོར་གླེང་མོལ།

ཨོ་སི་ཊོ་ལི་ཡའི་ནང་ལས་མེད་པའི་མི་བརྒྱ་ཆ་ ༦་༢ ཆགས་འདུག 15.05.2020

ཕྱི་ཟླ་ ༤ པའི་ནང་མི་ ༥༩༤༠༠༠ ལྷག་ཙམ་ལས་ཀ་ཤོར་བར་བརྟེན། ཨོ་སི་ཊོ་ལི་ཡའི་ལས་མེད་པའི་ཚད་གཞི་འཕར་ནས་བརྒྱ་ཆ་ ༦་༢ ཆགས་ཡོད་འདུག

རང་ཉིད་ཀྱི་ཕྲུ་གུར་ཁྱིམ་དུ་སློབ་སྦྱོང་བྱེད་པར་རོགས་སྐྱོར་གནང་ཚུལ། 15.05.2020

སྤྱིར་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་གིས་འདི་ལོའི་ཕྱི་ཟླ་ ༦ པའི་བར་སློབ་གྲྭ་ཡོངས་སྒོ་ཕྱེ་ཐུབ་པའི་རེ་བ་གནང་གི་ཡོད་ཀྱང་། ཕ་མ་མང་པོ་ཞིག་གིས་སོ་སོའི་ཕྲུ་གུའི་བདེ་སྲུང་ཕྱིར་མུ་མཐུད་ཁྱིམ་དུ་སློབ་འཁྲིད་བྱེད་བཞིན་ཡོད་འདུག སྟབས་ལེགས་པ་ཞིག་ལ་ཕ་མ་དེ་དག་ལ་དགོས་མཁོའི་མཐུན་རྐྱེན་རོགས་རམ་སྣ་ཚོགས་བསྐྲུན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་བློན་ཆེན་ལྷན་ཚོགས་ཀྱིས་དམ་བསྒྲགས་ཁག་ཅིག་ལྷོད་དུ་གཏང་རྒྱུའི་ཐག་གཅོད་གནང་བ། 08.05.2020

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་དམ་བསྒྲགས་ཇེ་ལྷོད་དུ་གཏང་བར་གོམ་པ་དང་པོ་དེ་ནི། ཚིག་ཇ་ཁང་། ཟ་ཁང་། ཚོང་ཁང་། སྤྱི་སྤྱོད་ས་གནས་སོགས་སྒོ་ཕྱེ་རྒྱུ་ཡིན་འདུག

ཁྱེད་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་ཁྲལ་རྩིས་གྲ་སྒྲིག་དང་སྙན་ཞུ་རྒྱག་ཚུལ། 08.05.2020

གལ་ཏེ་ཁྱེད་ལ་ཕྱི་ལོ་ ༢༠༡༩-༧-༡ ནས་ ༢༠༢༠-༦-༣༠ བར་ཡོང་འབབ་གང་རུང་ཞིག་བྱུང་ཡོད་ཚེ་འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ནང་ཚུལ་ལ་ཁྲལ་རྩིས་སྙན་ཞུ་འབུལ་དགོས། གཤམ་ལ་ཁྱེད་ཀྱིས་འདི་ལོའི་ཁྲལ་རྩིས་རྩོད་ལེན་ཇི་ལྟར་གནང་ཚུལ་སྐོར་འགྲེལ་བརྗོད་གནང་ཡོད།

ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་ Australia Tibet Council སྐོར་བཅར་འདྲི། 08.05.2020

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་ Australia Tibet Council ཨོ་སི་ཊོ་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ལོ་རྒྱུས་དང་། ལས་དོན་སྐོར། ཚོགས་པ་དེའི་འགན་འཛིན་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལ་བཅར་འདྲི།

ཨོ་སི་ཊོ་ལི་ཡའི་ནང་བོད་མི་ཏོག་དབྱིབས་ནད་དུག་འགོས་པ་གཅིག་ཀྱང་མི་འདུག 29.04.2020

སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག་ལ་ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་རྣམས་ཀྱི་གནས་སྟངས་དང་། དོན་གཅོད་གསར་པའི་སྐོར། དེ་བཞིན་གཞིས་སྤོ་ཡོང་མཁན་བོད་མི་རྣམས་ཀྱི་གནས་སྟངས་བཅས་ཀྱི་སྐོར་བཅར་འདྲི་ཞུས་པ།

The cultural diversity of Australia’s Anzacs - ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་ཚོགས་ཀྱི་དམག་དཔུང་། 24.04.2020

Each year on the 25th of April we mark Anzac Day when we remember those who served and died in armed conflict. Anzac Day has become a symbol of Australia’s national identity. Anzacs means the soldiers of the Australian and New Zealand Army Corps and included many Indigenous and multicultural servicemen and women. - ལོ་ལྟར་ཕྱི་ཟླ་ ༤ པའི་ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ། Anzac Day ཞེས་རྒྱལ་ཁ...

གཟའ་མཇུག་བོད་ཡིག་འཛིན་གྲྭ་མུ་མཐུད་དྲ་ཐོག་བརྒྱུད་ཁྲིད་བཞིན་འདུག 20.04.2020

ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཚོར་སྲོལ་རྒྱུན་ལྟར་སློབ་གྲྭར་བསྐྱོད་མི་དགོས་པར། རང་ཁྱིམ་དུ་བསྡད་ནས་དྲ་ཐོག་བརྒྱུད་སློབ་ཁྲིད་གནང་འགོ་ཚུགས་ཡོད་པ་ཡིན། དེ་མཚུངས་སི་ནིའི་རིག་གནས་སྐྱེད་ཚལ་ཁང་གི་གཟའ་མཇུག་བོད་ཡིག་འཛིན་གྲྭ་ཡང་མུ་མཐུད་དྲ་ཐོག་ནས་སློབ་འཁྲིད་གནང་བཞིན་པའི་སྐོར། རིག་གནས་སྐྱེད་ཚལ་ཁང་གི་སློབ་སྤྱི་རྒན་བློ་བཟང་ལུང་རིག་ལགས་སུ་བཅར་འདྲི...

Your rights and obligations when working from home - ཁྱིམ་དུ་སྡོད་ནས་ཕྱག་ལས་གནང་མཁན་ཚོའི་ཐོབ་ཐང་དང་འོས་འགན། 17.04.2020

Many Australians, along with workers from 88% of organisations around the globe, have had to adjust to the sudden change of working from home. Experts say it is in both the employer and employee’s vested interest to maintain a safe work environment. - ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཚོང་ལས་དང་ཚོགས་པ་ཁག་བརྒྱ་ཆ་ ༨༨ ཙམ་གྱི་ལས་མི་རྣམས་ཁྱིམ་དུ་སྡོད་ནས་ཕྱག་ལས་གནང་དགོས་པ་ཆགས་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་དུ་ལ...

བོད་ཀྱི་གསོ་བ་རིག་པས་ཏོག་དབྱིབས་ནད་ཡམས་འགོག་སྲུང་བྱ་ཚུལ། 16.04.2020

བོད་ཀྱི་གསོ་བ་རིག་པས་ཏོག་དབྱིབས་རིམས་ནད་འགྲེལ་བརྗོད་གནང་ཚུལ་དང་། འགོག་སྲུང་ཕྱིར་བོད་སྨན་དང་རིན་ཆེན་རིལ་བུ་གང་བཞེས་དགོས་པ། བོད་སྨན་མངག་ཉོ་བྱེད་ཚུལ་སོགས་ཀྱི་སྐོར་ཨེམ་རྗེ་བསྟན་འཛིན་ངག་སྒྲོན་ལགས་དང་གླེང་མོལ།

Preparing for the flu season amid COVID-19 - ཏོག་དབྱིབས་ནད་ཡམས་ཁྱབ་བཞིན་པའི་ཁྲོད་དུ་རིམས་ཆམ་ནད་འགོག་ཆེད་གྲ་སྒྲིག། 10.04.2020

Winter is coming. Medical professionals are bracing for the worst-case scenario of a potentially overloaded public health system by patients infected by both influenza and coronavirus. We can protect ourselves and the community by removing the influenza factor with a vaccine. - ནམ་དུས་འགྱུར་བར་བརྟེན་ཨོ་སི་ཏྲོ་ལི་ཡའི་སྨན་ཁང་ནང་ཏོག་དབྱིབས་ནད་རིམས་ཀྱི་ནད་པ་ཙམ་མ་ཟད། རིམས་ཆམ་ཕོག་མཁན་ཇེ་མང་འགྲོ་བའི་རྐྱེ...

རྒན་གསོ་ཁང་གི་ལས་བྱེད་རྣམས་ཀྱི་བདེ་སྲུང་དང་ཐོབ་ཐང་། 10.04.2020

ཨོ་སི་ཊོ་ལི་ཡའི་ནང་རྒན་གསོ་ཁང་གི་ལས་བྱེད་རྣམས་ཀྱི་ཏོག་དབྱིབས་ནད་འགོག་སྲུང་ཆེད་ཉེན་གཟབ་གནང་ཚུལ་དང། ལས་གནས་སུ་རང་ཉིད་ལ་རོགས་སྐྱོར་ཐོབ་ཐང་གང་ཡོད་མིན་སོགས་སྐོར་གྲོང་ཁྱེར་ཨེ་ཊི་ལེ་ཊི་ནས་ཡིན་པའི་རྒན་གསོ་ཁང་ནང་སྨན་ཞབས་པའི་ཕྱགས་ལས་གནང་མཁན་བསྟན་འཛིན་ཆོས་སྐྱིད་ལགས་སུ་བཅར་འདྲི་ཞུས་ཡོད།

ཕྱག་ལས་མུ་མཐུད་གནང་མཁན་གྱི་ཕ་མ་ཚོར་རིན་མེད་ཐོག་ཕྲུ་གུ་བལྟ་སྐྱོང་གནང་འཆར་འདུག 03.04.2020

ཏོག་དབྱིབས་ནད་རིམ་རྒྱ་ཁྱབ་བྱུང་བཞིན་དུ་མུ་མཐུད་ཕྱག་ལས་གནང་དགོས་མཁན་གྱི་ཕ་མ་ཚོར་གཞུང་གི་རིན་མེད་ཐོག་ཕྲུ་གུ་བལྟ་སྐྱོང་གི་མཐུན་སྦྱོར་གནང་འཆར་ཡོད་འདུག དེ་ཡང་། ཨོ་སི་ཊོ་ལི་ཡའི་དབུས་གཞུང་གིས་རྒྱལ་ཡོངས་སུ་བུ་བཅོལ་ཁང་སྟོང་ཁྲག་ ༡༣ ཙམ་ཞིག་སྒོ་མ་བརྒྱབ་པར་མུ་མཐུད་ཕྲུ་གུ་བལྟ་སྐྱོང་གནང་ཚེ་དཔལ་འབྱོར་བརྒྱབ་སྐྱོར་གནང་འཆར་ཡོད་འདུག

སློབ་མ་ཁག་ཅིག་གི་དྲ་ཐོག་ནས་སློབ་ཁྲིད་གནང་བའི་དགེ་སྐྱོན་སྐོར་གླེང་བ། 03.04.2020

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱིས་རྐྱེན་པའི་སློབ་གྲྭ་དང་མཐོ་སློབ་ཁག་མང་པོ་ཞིག་གནས་སྐབས་རིང་སྒོ་བརྒྱབ་དགོས་བྱུང་ཡོད་པར་བརྟེན། དགེ་རྒན་གྱི་སློབ་ཁྲིད་གནང་ཕྱོགས་དང་། སློབ་ཕྲུག་དང་དགེ་རྒན་བར་འབྲེལ་མཐུད་གནང་སྟངས་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་འདུག ཨོ་སི་ཊོ་ལི་ཡའི་ནང་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁག་ཅིག་གིས་རང་ཉིད་ཀྱི་ཁྱིམ་ནས་དྲ་ཐོག་ཏུ་སློབ་ཁྲིད་གནང་བའི་ཉམས་མྱོང་དང་། དགེ་སྐྱོན་...

ཏོག་དབྱིབས་ནད་ཡམས་རྒྱ་ཁྱབ་བྱུང་བར་བརྟེན་ཚོང་ལས་དང་ཁང་གླར་གནོན་ཤུགས། 27.03.2020

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་རྒྱ་ཁབ་བྱུང་བར་བརྟེན་སྡོད་ཁང་གི་གླ་ཆར་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་བཞིན་འདུག སྡོད་ཁང་གླ་མཁན་རྣམས་ལ་ཉེ་བའི་དུས་སུ་ལས་ཀ་ཤོར་བའི་རྐྱེན་གྱིས་ཁང་གླ་དུས་ཐོག་ཏུ་སྤྲོད་ཐུབ་མིན་སེམས་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་འདུག

ནད་རིམས་རྒྱ་ཁྱབ་སྐབས་ཚོང་ལས་ཆུང་ཁག་གི་ཉེན་སྲུང་། 27.03.2020

ཨོ་སི་ཊོ་ལོ་ཡའི་ནང་ཏོག་དབྱིབས་ནད་རིམས་རྒྱ་ཁྱབ་བྱུང་བའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་བརྡབ་གསིག་ཤུགས་ཆེན་བྱུང་ཡོད། དེར་བརྟེན་དབུས་དང་ས་གནས་ཀྱི་གཞུང་དང། དངུལ་ཁང་སོགས་ཀྱིས་ཚོང་ལས་ཆུང་ཁག་སྲུང་སྐྱོབ་ཆེད་ཛ་དྲག་གི་ཐབས་ལམ་སྟོན་བཞིན་ཡོད་འདུག

ཏོག་དབྱིབས་ནད་ཡམས་དང་རྒས་གསོ་ཁང་གི་སྨན་ཞབས་པའི་ཉིན་རེའི་འཚོ་བ་དང་བྱེད་སྒོ། 27.03.2020

དེང་སང་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཅུང་ཛ་དྲག་ཆགས་ཡོད་པར་བརྟེན། རྒས་གསོ་ཁང་ནང་ཕྱག་ལས་གནང་བཞིན་པའི་རིག་འཛིན་བསྟན་དགའ་ལགས་དང་མཉམ་དུ། རྒས་གསོ་ཁང་ནང་བྱེད་སྒོ་རྣམ་གཞག་ལ་འགྱུར་བ་ག་རེ་ཕྱིན་ཡོད་མེད་དང་། ཁོང་གི་ཉིན་རེའི་འཚོ་བར་འགྱུར་བ་དང་དཀའ་ངལ་ག་རེ་འཕྲད་བཞིན་ཡོད་མེད་སྐོར་གླེང་མོལ་ཞུས་པ།

ཛ་དྲག་སྡེ་ཚན་གྱི་སྨན་ཞབས་སྒྲོལ་མེ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་གནས་སྟངས་སྐོར་རྒྱས་བཤད། 20.03.2020

ཨོ་སི་ཊོ་ལི་ཡའི་ནང་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་པར་གནོན་ཤུགས་དང་། ཏོག་དབྱིབས་ནད་དུག་ཡོད་མེད་བརྟག་དཔྱད་གནང་སྟངས་བརྒྱུད་རིམ། དབུས་གཞུང་དང་མངའ་སྡེ་གཞུང་གི་ལམ་སྟོན་གང་གནང་བར་ལག་ལྟར་དགོས་པ་སོགས་སྐོར་ཛ་དྲག་སྡེ་ཚན་གྱི་སྨན་ཞབས་སྒྲོལ་མེ་ལགས་ཀྱིས་འགྲེལ་བརྗོད་གནང་བ།

ཁྱེད་ཀྱིས་རང་ཉིད་ཀྱི་བུ་ཕྲུག་ལ་དངུལ་གཡར་དགོས་སམ། 13.03.2020

ཕ་མ་ཡོངས་ཀྱིས་རང་ཉིད་ཀྱི་མི་ཚེ་གང་བུ་ཕྲུག་གསོ་སྐྱོང་ཆེད་གཏང་ཡོད་པར་བརྟེན་རང་བཞིན་གྱི་བུ་ཕྲུག་ལ་དངུལ་དགོས་མཁོ་བྱུང་སྐབས་དངུལ་གཡར་འདོད་ཡོད། འོན་ཀྱང། མཁས་པ་འགའ་ཤས་ཀྱིས་ཕ་མ་ཚོར་རང་ཉིད་ཀྱི་རྒན་གསོ་ཆེད་གསོག་འཇོག་བྱས་པའི་དངུལ་བེད་སྤྱོད་གཏང་བར་ཉེན་གཟབ་གནང་དགོས་པའི་ནན་སྐུལ་གནང་འདུག

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཏོག་དབྱིབས་ནད་འགོག་ཆེད་ཨོ་སྒོར་ཐེར་འབུམ་ ༢་༤ འགྲོ་གྲོན་གཏོང་འཆར་ཡོད་འདུག 13.03.2020

ཨོ་སི་ཊོ་ལི་ཡའི་གཞུང་གིས་ཨི་ཊ་ལི་ནས་འགྲིམ་འགྲུལ་མི་ཆོག་པའི་བཀག་རྒྱ་གཏང་གནང་ཡོད་པ་དང་། སྲིད་བློན་མོ་རི་སོན་མཆོག་གིས། རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་ཆེད་ཨོ་སྒོར་ཐེར་འབུམ་ ༢་༤ འགྲོ་གྲོན་གཏོང་འཆར་ཡོད་སྐོར་གསལ་བསྒྲགས་གནང་ཡོད་འདུག

Luister naar de podcast SBS Tibetan - SBS བོད་སྐད་སྡེ་ཚན། in Replaio

Radio en podcasts in één app - gratis en zonder account. Installeer vandaag nog en mis de lancering niet

Download het op Google Play

Replaio is geen uitgever van podcasts; namen van shows, covers en audio zijn eigendom van hun makers en worden verspreid via openbare RSS-feeds