SBS
SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Mindenképp látogasd meg a podcast oldalát, és támogasd a készítőjét: www.sbs.com.au
Hol hallgathatod?
Podcastok az alkalmazásban Replaio Radio HamarosanA podcastok hamarosan megérkeznek az alkalmazásba. Telepítsd most, és láss elsőként egy teljesen új megközelítést a podcastokhoz
Epizódok
ཨོ་གླིང་གི་འོས་བསྡུ་ལས་འགུལ་སྐབས་ཕྱི་རྒྱལ་རོགས་སྐྱོར་སྐོར་གནད་དོན་གཙོ་བོ་ཞིག་ཆགས་བཞིན་པ། 18.05.2022 4:59
ཉེ་ཆར་སོ་ལོ་མོན་ Solomon གླིང་ཕྲན་དང་རྒྱ་ནག་གཉིས་དབར་བདེ་འཇགས་གྲོས་མཐུན་ཞིག་བཞག་རྗེས་འདིར་ལོར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་སྐབས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་ཕྱོགས་དེ་གནད་དོན་གཙོ་བོ་ཞིག་ཆགས་བཞིན་ཡོད་འདུག
བོད་མི་ཁག་ཅིག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་དང་འབྲེལ་ནས་བསམ་ཚུལ་གླེང་བ། 15.05.2022 15:44
ཨོ་སི་ཊོ་ལི་ཡའི་མངའ་སྡེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་ལོ་ ༢༠༢༢ ལོའི་འོས་བསྡུ་ཆེན་མོ་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་། ཨོ་གླིང་ནང་ཡོད་པའི་བོད་མི་ཁག་ཅིག་ལ་སྤྱིར་འོས་བསྡུ་འདི་བོད་པའི་རྩ་དོན་དང་ལྷག་པར་དུ་ཨོ་གླིང་ནང་གནས་སྡོད་བྱས་ཡོད་པའི་བོད་མི་ཚོས་དོ་སྣང་སྤྲད་རྒྱུ་གལ་ཆེན་པོ་གང་འདྲ་ཆགས་ཡོད་མེད་སྐོར་བཅར་འདྲི་ཞུས་ཡོད།
ཨོ་སི་ཊོ་ལི་ཡ་མངའ་སྡེ་སྤྱི་མཐུན་སྲིད་གཞུང་གི་ ༢༠༢༢ ལོའི་འོས་བསྡུ་འགོ་འཛུགས། 11.05.2022 5:18
ཉེ་ཆར་ ༥ ཚེས་ ༩ རེས་གཟའ་ཟླ་བ་ཉིན་ཨོ་སི་ཊོ་ལི་ཡས་རྒྱལ་ཡོངས་འོས་བསྡུ་འགོ་འཛུགས་ཀྱིས། འོས་བསྡུའི་ས་ཚིགས་གྲངས་ ༥༠༠ ཙམ་སྒོ་ཕྱེས་ནས་མངའ་སྡེ་སྤྱི་མཐུན་སྲིད་གཞུང་གི་འོས་བསྡུ་ Federal Election དེ་དུས་ཚོད་དངོས་ལས་སྔོན་ནས་འགོ་འཛུགས་བྱས་ཡོད་པ་རེད།
རང་བྱུང་ཁམས་སུ་གོམ་བགྲོད་ཀྱི་ནུས་པ་དང་ཨོ་སི་ཊོ་ལིའི་ནང་ཤིང་ནག་ཁྲོད་གོམ་བགྲོད། 06.05.2022 6:02
ཨོ་སི་ཊོ་ལི་ཡའི་ནང་རང་བྱུང་ཁོར་ཡུག་གི་རྣམ་པ་སྣ་ཚོགས་དང་ས་ཆའི་ཁྱད་ཆོས་རྣམས་ལྟད་མོ་བལྟ་བར་ཤིང་ནག་ཁྲོད་ཏུ་གོམ་པ་རྒྱག་ནས་འགྲོ་རྒྱུ་ནི་ Bushwalking ( ཤིང་ཕྲན་ཚལ་དུ་གོམ་པ་རྒྱག་ནས་འགྲོ་བ་) ཐབས་ལམ་ཡག་ཤོས་ཤིག་ཆགས་ཡོད།
ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་གིས་འོས་བསྡུ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པ། 28.04.2022 5:54
ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་གིས་ཨོ་སི་ཊོ་ལིའི་བྱང་ཁུལ་མངའ་སྡེའི་ནང་འོས་བསྡུ་དྲིལ་བསྒྲགས་དང་ལས་འགུལ་སྤེལ་ནས་མངའ་སྡེ་དེའི་ནང་ལས་ཀའི་གོ་སྐབས་མང་དུ་བསྐྲུན་ནས་གཞོན་སྐྱེས་ཁྲིམས་འགལ་ནག་ཉེས་གསོག་མཁན་ཉུང་དུ་གཏང་རྒྱུ་དང་། གདོད་མའི་མི་རིགས་རྣམས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་སོགས་ཁས་ལེན་བྱེད་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་དུས་ཚོད་དངོས་གཞི་ལས་སྔོན་ནས་འགོ་འཛུགས་བྱ་རྒྱུ་རེད་འདུག 27.04.2022 5:47
སྤྱིར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུའི་དུས་ཚོད་དངོས་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་འཁེལ་གྱི་ཡོད་ཀྱང་། རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་ཀྱི་ཡོད་པས་རྐྱེན་གྱིས་ཨོ་སི་ཊོ་ལིའི་འོས་བསྡུ་ལྷན་ཁང་གིས་འོས་བསྡུ་དེ་ཉིན་གྲངས་འགའ་ཤས་སྔོན་ནས་འགོ་འཛུགས་བྱ་རྒྱུ་ཡིན་འདུག
ཨོ་གླིང་བོད་རིགས་ན་གཞོན་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས། 21.04.2022 5:21
ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་ན་གཞོན་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་མང་ཤོས་གནས་སྡོད་བྱེད་སའི་ནིའུ་སོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཌ་ནིང་ཁུལ་ Norther Beaches ལ་ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་ ༡༨ བར་ཉིན་གྲངས་བཞིའི་རིང་ཚོགས་ཡོད་པ་རེད།
རིག་གཞུང་དང་ཆོས་ལུགས་ཀྱི་སྨྱུང་གནས་ལས་འཕྲོད་བསྟེན་ལ་ཕན་ཐོགས། 14.04.2022 6:13
ཆོས་ལུགས་ཐོག་ནས་ཟས་བཅད་དང་ཡང་ན་སྨྱུང་གནས་ཀྱི་བྱེད་སྒོ་དེ་བཞིན་དད་མོས་མ་འདྲ་བ་མང་པོ་ཞིག་གིས་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།
Australia’s adult prison system explained - ཨོ་སི་ཊོ་ལི་ཡའི་ནང་ལོ་ཚད་ལོན་པའི་མི་རྣམས་ཀྱི་བཙོན་ཁང་གི་ལམ་ལུགས་འགྲེལ་བརྗོད། 08.04.2022 4:52
དག་སེལ་མཐུན་རྐྱེན་ Correctional facility ནི་མི་སུ་ཞིག་གིས་ཁྲིམས་འགལ་དང་ནག་ཉེས་བསགས་ནས་དུས་ཡུན་རྒྱས་བཅད་ཀྱིས་ཁྲིམས་ཆད་འཁུར་བཞིན་ཡོད་ཚེ་དག་སེལ་རོགས་རམ་དང་། དེ་བཞིན་བཙོན་ཁང་ཁག་གིས་བཙོན་པར་ཚད་བརྒལ་གྱི་སྡུག་རྩུབ་ལག་བསྟར་བྱེད་ཀྱི་ཡོད་མེད་ཞིབ་འཇུག - དག་སེལ་མཐུན་རྐྱེན་ Correctional facility ནི་མི་སུ་ཞིག་གིས་ཁྲིམས་འགལ་དང་ནག་ཉེས་བསགས་ནས་དུས་ཡུན་རྒྱས་བཅད་ཀྱིས་ཁྲིམས་ཆད་འཁུར་བཞིན་ཡོད་ཚེ་དག་སེལ་རོགས་རམ་དང་། དེ་...
ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཁབ་ཀྱི་ཛ་དྲག་ཞབས་ཞུ་ SES ནང་ཞུགས་སྟངས། 31.03.2022 11:25
ཨོ་སི་ཊོ་ལི་ཡའི་ནང་ཛ་དྲག་གི་གནས་ཚུལ་དཔེར་ན་ཆུ་ལོག་དང་། དྲག་ཆར། གཞན་ཡང་རང་བྱུང་གིས་གནོད་འཚེ་གོད་ཆག་སྐབས་སུ། དང་བླངས་ཞབས་ཞུ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད།
སིཌ་ནིང་བོད་མི་ཚོས་གོམ་བགྲོད་ལས་འགུལ་དང་རྒྱ་ནག་གཞུང་ཚབ་མདུན་ལ་ངོ་རྒོལ་སྐད་འབོད། 10.03.2022 8:22
དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་རྒྱ་ནག་གཞུང་གི་བཙན་འཛུལ་བཙན་གནོན་ལ་ཞི་བའི་ངོ་རྒོལ་ཡར་ལངས་གནང་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་ཉིན་མོ་ཞིག་ཡིན་པ་དང་། དེ་རིང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་མོ་འདི་སྲུང་བརྩི་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་ལ་ཡང་བོད་མི་ཚོས་གོམ་བགྲོད་ལས་འགུལ་དང་། ངོ་...
༧གོང་ས་མཆོག་གི་ལོ་གསར་གསུང་འཕྲིན་དང་ཨོ་གླིང་བོད་མི་ཚོས་ལོ་གསར་སྲུང་བརྩི། 03.03.2022 6:06
བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཕྱི་ལོ་ ༢༠༢༢ ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གསུངས་འཕྲིན་བསྩལ་གནང་མཛད་པ་དང་། བོད་གཞིས་བྱེས་གཉིས་ཀྱི་ལོ་གསར་དགའ་སྟོན་གནང་བཞིན་པར་ལྟར་འདི་གར་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་ཚོས་ཀྱང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་གི་ཡོད་པ་རེད།
ཨོ་གླིང་རྒྱལ་ས་ཁེན་བྷེ་ར་བོད་མི་ཚོས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་པ། 24.02.2022 11:05
ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་བོད་མི་ཚོས་རྒྱལ་སྤྱིའི་ཕ་སྐད་ཉིན་སྲུང་བརྩི་ཞུས་གནང་འདུག དེ་ཡང་ཕྱི་ལོ་ ༡༩༩༩ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཟླ་ ༢ ཚས་ ༢༡ ཉིན་ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ནས་བཟུང་ལོ་ལྟར་ཉིན་མོ་དེར་རྒྱལ་ཁབ་དང་མི་རིགས་སོ་སོས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཆེད་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།
ཨོ་གླིང་གི་གྲོང་ཁྱེར་ཝ་དགའ་ཝ་དགའི་ནང་བོད་པའི་ཟ་ཁང་གསར་པ། 04.02.2022 11:27
ཉེ་ཆར་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཌ་ནིང་ནས་བར་ཐག་སྤྱི་ལེ་ ༥༠༠ ཙམ་གྱི་མཚམས་སུ་ཡོད་པའི་ས་གནས་ཝ་དགའ་ཝ་དགའ་ Wagga Wagga ལ་བོད་པའི་གསར་ཟ་ཁང་ Tasty Tibetan Treats གསར་དུ་སྒོ་ཕྱེས་འདུག ཐེངས་འདིར་ཟ་ཁང་དེའི་བདག་པོ་སྦྱིན་པ་ལགས་དང་ཟ་ཁང་བཙུགས་པའི་བརྒྱུད་རིམ་དང་ཉམས་མྱོང་སྐོར་གླེང་མོལ་ཞུས་ཡོད།
དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིས་གནས་མཁར་གསར་ནས་བོད་མི་ཁག་ཅིག་གིས་སིཌ་ནིང་གྲོང་ཁྱེར་བར་གོམ་བགྲོད། 01.02.2022 8:09
རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་གི་ཉེ་འགྲམ་གནས་མཁར་གསར་ Newcastle ནས་བོད་མི་ཁག་ཅིག་གིས་གནས་མཁར་གསར་ནས་གྲོང་ཁྱེར་སིཌ་ནིང་ Sydney བར་སྤྱི་ལེ་ ༡༥༠ ལྷག་ཙམ་རིང་ངོ་རྒོལ་གོམ་བགྲོད་གནང་གི་ཡོད་པ་རེད། ད་ལྟ་གོམ་བགྲོད་གནང་བཞིན་པའི་ནང་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་དང་ཁ་པར་ཐོག་ནས་གླེང་མོལ་ཞུས་པ།
ནད་རླབས་གསུམ་པ་སྐབས་སིཌ་ནིང་ནང་བོད་མི་མང་པོ་ཞིག་ཏོག་དབྱིབས་ན་ཚ་འགོས་ཡོད་པའི་གནས་ཚུལ་ཐོན། 01.02.2022 10:16
ཉེ་བའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་འགོས་ཁྱབ་ཤུགས་ཆེ་ཕྱིན་ནས་གྲོང་ཁྱེར་སིཌ་ནིང་ཡོད་སའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཉིན་ལྟར་ནད་པ་གསར་པ་ཁྲི་ ༡ ཙམ་རེ་ཐོན་གྱི་ཡོད་པ་དང་། སིཌ་ནིང་གི་ཁུལ་དུ་བོད་པ་མང་ཤོས་གནས་སྡོད་བྱེད་ས་ཌི་ཝི་ Dee Why ལ་དེ་སྔོན་བོད་མི་མང་པོ་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པས་མ་ཚད། གཞན་ཡང་རི་སྔོན་པོ་ Blue Mountains དང་། ཁེམ་བྷེལ་ཊོན་ Campbelltown ས་གནས་ལའང་བོད་མི་...
ཨོ་སི་ཊོ་ལི་ཡིའི་ནང་ལུགས་རྙིང་ལོ་གསར་སྲུང་བརྩི་བྱེད་སྲོལ། 28.01.2022 6:37
ལུགས་རྙིང་ལོ་གསར་ནི་ཨོ་སི་ཊོ་ལི་ཡའི་རིག་གཞུང་གི་ཆ་ཤས་ཤིག་ཆགས་ཡོད། ལྷག་པར་དུ་སིཌ་ནིའི་ནང་ལོ་གསར་གྱི་དུས་སྟོན་དེ་ཨེ་ཤི་ཡའི་ཕྱི་ལོགས་སུ་ལོ་གསར་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད།
ཆག་ཡང་ཤོག་བྱང་ཡོད་མཁན་རྣམས་ལ་རིན་མེད་ཐོག་ RAT ཏོག་ནད་བརྟག་ཆས་གནང་རྒྱུ། 28.01.2022 6:00
འདས་པའི་རེས་གཟའ་ཟླ་བ་ནས་བཟུང་ཆག་ཡང་ཤོག་བྱང་ཡོད་མཁན་རྣམས་ལ་གཞུང་གི་ངོས་ན་མི་རེར་རིན་མེད་ཐོག་ RAT ཏོག་ནད་བརྟག་ཆས་བཅུ་རེ་གནང་འགོ་བཙུགས་ཡོད་པ་རེད། དེ་བཞིན་ནད་པ་ཇེ་མང་དང་བརྟག་བྱེད་ཡོ་ཆས་དཀོན་པའི་ཁྲོད་དུ་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་གཏོང་བར་སེམས་འཁུར་ཆེན་པོ་གནང་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡ་ནས་བཙན་བྱོལ་བོད་མིའི་དཔྱ་དངུལ་སྤྲོད་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག 19.01.2022 13:47
ཨོ་སི་ཊོ་ལི་ཤིས་ཡ་ནས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ དང་ ༢༠༢༡ ནས་ ༢༠༢༢ བར་གཉིས་དང་བསྡུར་ནས་ཨོ་སི་ཊོ་ལི་ཡའི་ནས་བཙན་བྱོལ་བོད་མིའི་དེབ་ལྗང་ཁུའི་དཔྱ་དངུལ་སྤྲོད་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཚོང་ཁང་ནང་ཅ་དངོས་སྟོང་པ་དང་ལས་བྱེད་མི་འདང་བའི་དཀའ་ངལ། 14.01.2022 5:54
ཚོང་ཁང་ཁག་གི་ནང་ཤ་དང་ཤིང་ཏོག ཚལ་རིགས་སོགས་གཤམ་རྒྱུ་མེད་པས་ཟས་རིགས་ཚོང་མཁན་རྣམས་ཀྱིས་གཞུང་ལ་དཀའ་ངལ་དེ་སེལ་བར་རོགས་རམ་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ཡིག་ཐོག་ཁ་ཆེམས་ཀྱི་གལ་གནད། 14.01.2022 6:55
ཉམས་ཞིབ་ལ་ལྟར་ན་ཨོ་སི་ཊོ་་ལི་ཡའི་མི་མང་དག་ཅིག་གིས་ཡིག་ཐོག་ཁ་ཆེམས་བཞག་རྒྱུ་གནད་འགག་ཆེན་པོ་རྩིས་ཀྱི་མེད་སྐོར་ཐོན་ཡོད། འོན་ཀྱང་ཆེད་མཁས་པ་ཚོས་ཁྱེད་ཀྱི་ལོ་ཚད་དང་། དཔལ་འབྱོར་གནས་སྟངས། མི་རིགས་སོགས་ལ་མ་ལྟོས་པར་མ་འོངས་པའི་ཆེད་དུ་ཁ་ཆེམས་གྲ་སྒྲིག་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་ཡོད།
ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་མཇུག་སྒྲིལ་བ། 12.01.2022 11:44
ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་དེ་ཉེ་ཆར་མཇུག་སྒྲིལ་ཡོད་པ་དང་། ཚོགས་འདུ་དེའི་ཐོག་གྲོས་ཆོད་ཁག་ཅིག་སྤྱི་མོས་གཏན་འབེབས་དང་། སྐལ་བཟང་ཚེ་རིང་ལགས་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་མགུར་འབུམ་རྒྱལ་ལགས་དྲུང་ཆེར་བདམས་ཐོན་བྱུང་འདུག
ཏོག་ནད་ཀྱིས་རྐྱེན་པའི་ལས་བྱེད་འདང་ངེས་མེད་པས་རྒན་གསོ་ཁང་ནང་འཐུས་ཤོར་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག 07.01.2022 5:58
རྒན་རྒོན་བལྟ་སྐྱོང་ཐད་ལས་འགུལ་བ་ཚོས་རྒན་གསོ་ཁང་ཁག་གི་ནང་ལས་བྱེད་པ་མང་དག་ཅིག་ཏོག་ནད་ན་བཞིན་ཡོད་པས་ལས་ཀར་ཡོང་མི་ཐུབ་པས། ལས་བྱེད་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པར་སེམས་འཁུར་གནང་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ། 07.01.2022 6:26
ཨོ་སི་ཊོ་ལི་ཡའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་པ་ལས། གཙོ་བོ་ནི་ El Niño དང་ La Niña ཞེས་པ་གཉིས་ལ་བརྟེན་ཡོད་པ་རེད།
ཨོ་མེ་ཁོ་རོན་ན་ཚ་དེ་ཌལ་ཊ་ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་འདུག 24.12.2021 3:59
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron དེ་ཏོག་དབྱིབས་ནད་ཡམས་གཞན་ཌལ་ཊ་ Delta ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག
Hasonló podcastok
A Replaio nem podcastkiadó; a műsorok nevei, borítóképei és hanganyagai a szerzőiket illetik, és nyilvános RSS-csatornákon keresztül terjednek.