SBS
SBS Tibetan - SBS བོད་སྐད་སྡེ་ཚན།
Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།
Mindenképp látogasd meg a podcast oldalát, és támogasd a készítőjét: www.sbs.com.au
Hol hallgathatod?
Podcastok az alkalmazásban Replaio Radio HamarosanA podcastok hamarosan megérkeznek az alkalmazásba. Telepítsd most, és láss elsőként egy teljesen új megközelítést a podcastokhoz
Epizódok
ནང་ལ་སྡོད་ནས་ལས་ཀ་བྱེད་ཆོག་པའི་ཁེ་དབང་། 13.01.2024 3:29
དེ་སྔོན་ཏོག་དབྱིབས་ན་ཚ་ཁྱབ་རྗེས་སྦྱིན་བདག་དང་ལས་མི་དབར་འབྲེལ་བ་དང་ལས་ཀ་བྱེད་སར་ལས་ཀ་དྲ་སྙོམས་ཀྱི་ཁྲིམས་ལུགས་འགྱུར་བ་ཕྱིན་ཡོད། ཚོགས་སྡེ་ཁག་གིས་ལས་མི་ཚང་མ་ཕྱིར་ལས་ཀ་བྱེད་སར་དངོས་སུ་བཅར་ཐབས་དང་མཚམས་རེར་བཙན་ཤེད་གཏོང་གི་ཡོད་ཀྱང་། ཆེད་མཁས་པ་ཚོས་སྟབས་བདེའི་ཐབས་ལམ་སྤྱད་ནས་ལས་ཀ་བཀོད་སྒྲིག་བྱེད་དགོས་པའི་གནས་སྟངས་མུ་མཐུད་གནས་ཡོད་པའི་ཉེན་བརྡ་གཏོང་གི་ཡོད།
དམིགས་བསལ་སྐུ་མགྲོན་གྱིས་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་བ། 31.12.2023 10:09
ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་རིང་ཨོ་སི་ཊོ་ལི་ཡའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱུན་ལས་སྐབས་གཉིས་པས་གོ་སྒྲིག་འོག གྲོང་ཁྱེར་སིཌ་ནིང་ལ་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་དང་པོ་སྲུང་བརྩི་གནང་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ས་གནས་རང་ལ་སྐྱེས་པའི་སྔོ་ཚལ་ཤིང་ཐོག་སོགས་ཀྱིས་ཟས་རིགས་སྣ་ཚོགས་བཟོ་སྟངས། 22.12.2023 5:11
ཤིང་ནག་ཁྲོད་དུ་སྐྱེས་པའི་ཤིང་འབྲས་དང་སྔོ་ཚལ་གྱི་རིགས་འཚོལ་ཞིབ་ཀྱིས་ཁྱེད་ཀྱིས་ཐབ་ཚང་ནང་རྒྱུན་དུ་སྤྱོད་བཞིན་པའི་ཟས་རིགས་ཀྱི་ཚབ་བྱེད་ཆོག དེ་ནི་ཟས་རིགས་ཁོ་ནའི་གནད་དོན་ཙམ་མ་ཡིན་པར་དེ་ནི་ཨོ་སི་ཊོ་ལི་ཡའི་ཤུལ་བཞག་རིག་གནས་ལ་གསོན་ཤུགས་རྒྱས་ཐབས་ཀྱི་དུས་ཆེན་སྲུང་བརྩི་ཞིག་ཀྱང་ཆགས་ཀྱི་ཡོད།
སློབ་མ་བསྟན་འཛིན་བསྟན་དར་ལགས་སུ་བྱ་དགའ་མི་འདྲ་བ་ཁག་བཞི་རག་འདུག 20.12.2023 7:14
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་དུ་སློབ་སྦྱོང་གནང་བཞིན་པའི་སློབ་མ་བསྟན་འཛིན་བསྟན་དར་ལགས་སུ་ཕྱི་ལོ་ ༢༠༢༣ ལོའི་འཛིན་གྲྭའི་ནང་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་སོགས། ཁྱོན་བྱ་དགའ་མི་འདྲ་བ་ཁག་བཞི་རག་ཡོད་འདུག
ཨོ་སི་ཊོ་ལི་ཡའི་ནང་དཔྱིད་ཀ་ཚ་བ་ཆེ་བའི་སྐབས་སུ་བསིལ་པོ་དང་བདེ་ཐང་ཡོང་ཐབས། 14.12.2023 6:22
ཨོ་སི་ཊོ་ལི་ཡའི་ནང་དབྱར་ཁར་གནམ་དྭངས་ཤིང་ཚ་དྲོད་ཆེ་བ་དང་། དགུན་དུས་ཀྱི་གྲང་ངར་རྫོགས་ནས་ནམ་ཟླ་དབྱར་ཁ་ཤར་བ་ནི་དགའ་འོས་པ་ཞིག་རེད། ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་ནང་དབྱར་ཁར་ཐན་པ་དང་ཚ་བ་མགྱོག་པོ་ཇེ་ཆེར་འགྲོ་བཞིན་ཡོད། མ་ཚད་དབྱར་ཁར་ Ultraviolet ཞེས་པའི་མིའི་ལུས་ཕུང་བདེ་ཐང་ལ་གནོད་པའི་འོད་རླབས་ཤིག་ཤུགས་ཆེ་ཡོང་གི་ཡོད་པས་དེ་ལ་ངེས་པར་དུ་དོ་སྣང་བྱེད་དགོས། ཨོ་སི་ཊོ་ལི་ཡའི་དཔྱིད་ཀར་ཡང་སྐམ་ཤས་ཆེ་བ་དང་ཚ་དྲོད་ཤིན་ཏུ་ཆེ་བའ...
བུ་མོ་བསྟན་འཛིན་འཆི་མེད་ལ་ Harding Miller ཞེས་པའི་ཤེས་ཡོན་ཐེབས་རྩ་དེའི་སློབ་ཡོན་རག་འདུག 06.12.2023 7:46
ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་སྡོད་བྱས་ཡོད་པའི་བུ་མོ་བསྟན་འཛིན་འཆི་མེད་ལ་ Harding Miller Education Foundation ཞེས་པའི་ཤེས་ཡོན་གྱི་ཐེབས་རྩ་ཚོགས་པ་དེ་ནས་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ཡི་མཐོ་སློབ་སློབ་ཡོན་རག་ཡོད་པ་རེད། འདི་ལོར་སློབ་ཡོན་དེ་ལ་སྙན་ཞུ་ཕུལ་མཁན་ཁྱོན་སློབ་ཕྲུག་ ༦༤༣ བྱུང་ཡོད་ཀྱང་། དེའི་ནང་སློབ་ཕྲུག་ ༢༠༦ ལ་མ་གཏོགས་སློབ་ཡོན་དེ་རག་ཐུབ་མེད་པ་རེད།
རྒྱ་མཚོ་འགྲམ་དུ་འགྲོ་སྐབས་ཉ་ཆེན་ Sharks རིགས་ལ་དོགས་ཟོན་བྱེད་དགོས། 03.12.2023 5:25
ཨོ་སི་ཊོ་ལི་ཡར་མཛེས་སྡུག་ཡིད་དབང་འཕྲོག་པའི་མཚོ་གླིང་དང་། མཚོ་འགྲམ་གྱི་རིག་གནས། རྒྱ་མཚོའི་ནང་གི་སྐྱེ་དངོས་སེམས་ཅན་སྣ་ཚོགས་ཡོད་པའི་ལུང་པ་ཞིག་རེད། ཡིན་ན་ཡང་མཚོ་འགྲམ་དེར་མི་མངོན་པའི་ཉེན་ཁ་ཡང་ཧ་ཅང་མང་། དཔེར་ན་ Jellyfish དང་ Stingray སོགས་ཉེན་ཁ་ཆེའི་ཉའི་རིགས་དེ་ཚོ་དང་། ཡང་མི་དང་སེམས་ཅན་གཞན་ལ་གནོད་འཚེ་བྱེད་མཁན་གྱི་ཉ་ཆེན་ Shark (ཁ་ཤས་ཀྱིས་ཆུ་སྲིན་ཀྱང་ཟེར་) རིགས་ཀྱང་རྒྱ་མཚོའི་ནང་གནས་ཡོད་པ་རེད།
ཕ་མ་ཚོས་ཕྲུ་གུ་སེམས་ཁམས་རྨས་སྐྱོན་ལས་སྐྱོབ་ཐབས། 22.11.2023 6:51
ཕྲུ་གུ་ཞིག་རྒྱལ་ཁབ་གཞན་པའི་ནང་ཡོད་པའི་སྐབས་སུ་དང་ཡང་ན་ཨོ་སི་ཊོ་ལི་ཡའི་ནང་ཡིན་ན་འདྲ། དུས་ཡུན་རིང་པོ་སྔོན་ནས་དང་ཡང་ན་ཉེ་ཆར་རང་བྱུང་བའི་གནས་ཚུལ་ཡིན་ན་འདྲ། གང་ལྟར་ཕྲུ་གུ་དེར་སེམས་ཁམས་རྨས་སྐྱོན་ཕོག་མྱོངས་ཡོད་ཀྱང་། ཕྲུ་གུ་དེ་སེམས་ཁམས་རྨས་སྐྱོན་ལས་དྲག་སྐྱེད་ཡོང་བ་བྱེད་ཐུབ་ཀྱི་ཡོད།
ཨོ་སི་ཊོ་ལི་ཡའི་ནང་ཐུགས་སྤྲོ་གོ་སྒྲིག་དང་མཉམ་ཞུགས་བྱེད་སྟངས། 18.11.2023 4:42
ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཀྱི་བྱེད་སྒོ་དང་། ཕྲུ་གུ་ཆེད་འདུ་འཛོམས། ཤ་སྲེག་ BBQ བཟའ་བ། གྲོགས་པོ་གྲོགས་མོ་དང་ལྷན་དུ་དགུང་ཟས་ལ་རོལ་བ་སོགས་ཐུགས་སྤྲོ་དང་འདུ་འཛོམས་སྣ་ཚོགས་ཤིག་ཡོད་པས། ང་ཚོ་མང་ཆེ་བ་ཞིག་ལོ་གཅིག་གི་ནང་ཉུང་མཐར་ཡང་ཐུགས་སྤྲོ་དང་འདུ་འཛོམས་དེ་འདྲའི་ནང་ཐེངས་གཅིག་མཉམ་ཞུགས་བྱེད་བཞིན་ཡོད།
སྐྱེས་པ་ཚོའི་སེམས་ཁམས་འཕྲོད་བསྟེན་དང་བདེ་སྡུག 11.11.2023 5:08
སྐྱེས་པ་མང་པོ་ཞིག་ལ་རྒྱུན་དུ་དཀའ་ངལ་གྱི་ཁྲོད་ནས་མུ་མཐུད་སྙིང་སྟོབས་བསྐྱེད་དགོས་པའི་སློབ་གསོ་ཐོབ་ཀྱི་ཡོད་ཀྱང་། ཨོ་སི་ཊོ་ལི་ཡར་གཞིས་ཆགས་རྒྱུའི་རྨི་ལམ་ཁྲོད་ནས་ཁོང་ཚོར་ནང་མིའི་གནས་སྟངས་དང་འགོག་རྐྱེན་སྣ་ཚོགས་ཀྱིས་སེམས་ཁམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་རེད།
Fire safety at home: How to prevent one of Australia's deadliest natural hazards - ཁང་པའི་མེ་སྐྱོན་ཇི་ལྟར་སྔོན་འགོག་བྱེད་དམ། 08.03.2023 9:24
Home fire safety goes beyond having smoke alarms installed. In Australia, fatal residential fires are sadly common, despite being preventable. Here’s what you need to know to stop one from breaking out in your home. - མེ་དང་འབྲེལ་ནས་ཁང་པའི་བདེ་འཇགས་ནི་ཁྱིམ་ཚང་ནང་དུ་མེ་ངོས་འཛིན་འཕྲུལ་ཆས་ཤིག་བཙུགས་ཡོད་པ་ཙམ་མིན། ཨོ་སི་ཊོ་ལི་ཡའི་ནང་། ཁང་པའི་མེ་སྐྱོན་གྱི་དོན་རྐྱེན་ནི་སྔོན་འགོག་ཐུབ་པ་ཞིག་ཡིན་ནའང་རྒྱུན་ད...
How to get an Australian driver’s licence - ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ཇི་ལྟར་ལེན་ནམ། 01.03.2023 11:36
Driving a car offers independence and increases job opportunities, but it also comes with the great responsibility of keeping roads safe. In Australia, drivers need to pass several assessments before they become fully licensed. Migrants may be eligible to convert their overseas licences to Australian ones through an abridged process, but this depends on their personal circumstances. - རླངས་འཁོར་གཏ...
མེལ་སྦོམ་ས་གནས་ཀྱི་བོད་མི་ཚོས་བོད་ཀྱི་ལོ་སར་སྲུང་བརྩི་བྱས། 19.02.2023 9:19
བོད་མི་རྣམས་ལ་མཚོན་ན། ལོ་གཅིག་གི་ནང་དུས་ཆེན་མང་པོ་ཞིག་སྲུང་བརྩི་བྱེད་བཞིན་ཡོད་པ་ལས། ལོ་སར་ནི་བོད་ཀྱི་དུས་ཆེན་ཆེ་ཤོས་ཤིག་ཡིན་པ་རེད། བོད་ཀྱི་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ད་ལོའི་བོད་ཀྱི་ལོ་སར་ནི་ཕྱི་ཟླ་གཉིས་པའི་ཚེས་ ༢༡ ཉིན་ལ་འཁེལ་ཡོད་ནའང་། ཨོ་སི་ཊོ་ལི་ཡའི་ཝིག་ཊོ་རེ་ཡ་མངའ་སྡེ་ནང་གི་བོད་མི་ཚོས་ཕྱི་ཟླ་གཉིས་པའི་ཚེས་ ༡༨ ཉིན། གཟའ་སྤེན་པ་དང་བསྟུན་ནས་སྲུང་བརྩི་བྱས་ཡོད་པ་...
How to protect your retirement fund, find lost super and what to do if moving overseas - རྒས་ཕོགས་གསོག་དངུལ་ཇི་ལྟར་བདག་ཉར་བྱེད་པ་དང་གར་སོང་མ་ཤེས་པ་ཕྱིར་རྙེད་ཐབས། ད་དུང་གནས་ཚུལ་གཞན། 15.02.2023 9:59
Superannuation is complex. Did you know that your savings are not forever lost even if you have an inactive super account? But what is the recovery process? And what happens to super if moving overseas or when the account holder dies? Here's your complete guide to super. - རྒས་ཕོགས་གསོག་དངུལ་གྱི་འགྲོ་ལུགས་ནི་ཅུང་མགོ་རྙོག་པོ་ཞིག་ཡིན་པ་རེད། ཁྱེད་ཀྱི་རྒས་ཕོགས་གསོག་དངུལ་གྱི་ཁ་བྱང་གིས་ལས་ཀ་བྱེད་ཀྱི་མེད...
སྤྱི་ཚོགས་དྲ་ལམ་བརྒྱུད་ནས་ཨོ་སི་ཊོ་ལི་ཡའི་ཁྲལ་བསྡུ་ལས་ཁུངས་ (ATO) ལ་འབྲེལ་བ་མི་བྱེད་པའི་འབོད་སྐུལ་བྱས་འདུག 08.02.2023 4:36
སྤྱི་ཚོགས་དྲ་ལམ་དུ་ཨོ་སི་ཊོ་ལི་ཡའི་ཁྲལ་བསྡུ་ལས་ཁུངས་ཀྱི་ལས་བྱེད་ཡིན་ཁུལ་བྱས་ཏེ་ཁ་བྱང་རྫུན་མ་བཟོས་རྗེས། དེའི་ཐོག་ནས་མི་སྒེར་ལ་ཡི་གེ་གཏོང་བའམ། ཡང་ན། མི་གཞན་གྱི་གནས་ཚུལ་དང་པར་བཀོད་ཡོད་པའི་འོག་ལ་མཆན་བྲིས་ནས་འབྲེལ་བ་བྱས་རྗེས། མི་དེའི་སྒེར་གྱི་གནས་ཚུལ་མང་པོ་ཞིག་རིམ་གྱིས་རྐུས་ཀྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ཕྲུ་གུ་ལ་ཆུ་རྐྱལ་བསླབ་རྒྱུ་ཧ་ཅང་གལ་ཆེན་ཡིན། 08.02.2023 9:17
ཨོ་སི་ཊོ་ལི་ཡའི་ནང་གི་ཕྲུ་གུ་ཞིག་ལ་མཚོན་ན། ཆུའི་བདེ་འཇགས་དང་ཆུ་རྐྱལ་རྩལ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། འདིར་ཕྲུ་གུའི་ཕ་མ་ཚོས་ཤེས་དགོས་པ་གང་དག་ཡོད་པ་དང་ཆུ་རྐྱལ་འཛིན་གྲྭ་ལ་གདམས་ཀ་གང་དག་ཡོད་པ་ལ་ལྟ།
གཞུང་གི་སྨན་བཅོས་ལྟ་སྐྱོང་འཐུས་སྒོ་ཇེ་ཚང་དང་དེང་རབས་ཅན་དུ་བསྒྱུར་ཐབས་སུ་བསྐྱར་ཞིབ་བྱེད་བཞིན་ཡོད་པ་རེད། 04.02.2023 5:06
ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare དེ་བཞིན་ཐོག་མར་འགོ་འཛུགས་བྱས་ནས་ལོ་ངོ་བཞི་བཅུའི་རྗེས། དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་ལ་གཞི་རྒྱ་ཆེ་བའི་བསྐྱར་ཞིབ་བྱེད་བཞིན་ཡོད་པ་དང་། ད་ལྟ་དབུས་གཞུང་གིས་དེའི་སྙན་ཐོ་ལ་སྒུག་ནས་ཡོད་པ་རེད།
How to access low-cost medical services in Australia - ཨོ་སི་ཊོ་ལི་ཡའི་ནང་འགྲོ་སོང་ཉུང་བའི་སྨན་བཅོས་ཇི་ལྟར་བྱེད་དམ། 01.02.2023 8:57
Medicare subsidises a wide range of essential medical services, including visits to the doctor, blood and pathology tests, scans, x-rays, and some surgeries or procedures. It also covers annual eye tests by an optometrist, as well as child immunisations. - ཨོ་སི་ཊོ་ལི་ཡ་གཞུང་གི་སྨན་བཅོས་ལྟ་སྐྱོང་ Medicare འོག་ཏུ་ང་ཚོའི་འགྲོ་སོང་གང་དག་ལ་ཆགས་ཡང་ཡོད་པ་རེད་ཅེ་ན། དཔེར་ན། སྨན་པ་ལ་བསྟེན་པ་དང་། ཁྲག་དང་ཁ་ལ...
How to access abortion services in Australia - ཨོ་སི་ཊོ་ལི་ཡའི་ནང་བྱིས་པ་མངལ་ལས་འདེད་པའི་གདམ་ཀ་གང་དག་ཡོད་དམ། 25.01.2023 9:48
Abortion is an essential healthcare service in Australia. Women have access to termination options early in the pregnancy, but navigating choices to suit personal circumstances isn’t always straightforward. - ཨོ་སི་ཊོ་ལི་ཡའི་ནང་བྱིས་པ་མངལ་ལས་འདེད་པ་ནི་ཧ་ཅང་གལ་ཆེ་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྱིས་པ་མངལ་ལ་ཆགས་མ་ཐག་པ་ནས་བྱིས་པ་མངལ་ལས་འདེད་པའི་གདམ་ཀ་དེ་རྒྱལ་ཡོངས་སུ...
How to keep safe from Australia’s beach hazards - རྒྱ་མཚོ་འགྲམ་གྱི་ཉེན་ཁ་ལ་ཅི་ལྟར་གཡོལ་དགོས་པ་རེད་དམ། 18.01.2023 8:45
When we think of Australian beaches, sharks often come to mind. On average one fatal attack is reported each year, but in the same period we averaged 122 coastal drowning deaths, with 25 per cent due to dangerous rip currents. Knowing where and when to swim is the best defence against these beach hazards. - ཨོ་སི་ཊོ་ལི་ཡའི་རྒྱ་མཚོ་འགྲམ་ལ་འགྲོ་སྐབས། ང་ཚོའི་སེམས་ལ་ཡང་ཡང་འཁོར་བའི་ཉེན་ཁ་ནི་སྲིན་ཉ་ཆེན་...
What to do if you get lost while bushwalking - མི་མེད་ལུང་སྟོང་དུ་མགོ་འཁོར་ནས་ཅི་བྱ་གཏོལ་མེད་དུ་ལུས་ཚེ་ཅི་ཞིག་བྱ་དགོས་སམ། 11.01.2023 9:29
Bushwalkers are rescued every day in Australia. Careful preparation will reduce your chances of getting lost. But if you do lose your way, some smart choices will increase the likelihood that you are found. - ཨོ་སི་ཊོ་ལིའི་ནང་ཉིན་རེར་མི་མེད་ལུང་སྟོང་དུ་སྤྲོ་འཆམ་ལ་འགྲོ་མཁན་གཅིག་རེ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། སྤྲོ་འཆམ་ལ་གྲ་སྒྲིག་ཡག་པོ་བྱས་པ་ལ་བརྟེན་ནས་མགོ་འཁོར་བའི་ཉེན་ཁ་ཉུང་དུ་གཏོང་བ་ཡིན་ལ། གལ་ས...
ཁྱེད་རང་གིས་གད་སྙིགས་བླུག་སྟངས་མ་ནོར་བ་བྱེད་བཞིན་ཡོད་དམ། 15.07.2022 5:41
ཨོ་སི་ཊོ་ལི་ཡས་ལོ་རེར་གད་སྙིགས་ཏུན་ས་ཡ་ ༧༤ ཙམ་བཟོ་བཞིན་ཡོད་ཅིང་། དེའི་ནང་གད་སྙིགས་བརྒྱ་ཆ་ ༦༠ ཙམ་བསྐྱར་སྤྱོད Recycled བྱེད་བཞིན་ཡོད་པ་ལས། གཞན་གད་སྙིགས་རྣམས་ས་ཐོག་ཏུ་སྤུངས་བཞིན་ཡོད།
སིཌ་ནིང་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི། 06.07.2022 6:31
དེ་རིང་ཕྱི་ཟླ་ ༧ ཚེས་ ༦ རེས་གཟའ་ལྷག་པ་ཉིན་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སིཌ་ནིང་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
བསོད་ནམས་ལྷ་མོའི་དཀའ་སྤྱད་འབད་བརྩོན་དང་མིག་དཔེ་འོས་པའི་འཚོ་བའི་གྲུབ་འབྲས། 01.07.2022 10:14
བུ་མོ་བསོད་ནམས་ལྷ་མོ་ལགས་ཀྱིས་དཀའ་སྤྱད་འབད་བརྩོན་འོག་ལོ་ངོ་གཉིས་ལྷག་ཙམ་ནང་། ཨོ་སི་ཊོ་ལི་ཡའི་ནང་ཁང་པ་ཞིག་ཉོས་པས་མ་ཚད། ད་དུང་མོ་ཊ་གསུམ་དང་། ཚོང་ཁང་ཞིག་ཀྱང་སྒོ་ཕྱེས་ཐུབ་པ་བྱུང་འདུག
སྐྱབས་བཅོལ་བའི་བདུན་ཕྲག་སྲུང་བརྩི་དང་དང་རིགས་སྣ་ཚོགས་ཅན་གྱི་སྐྱབས་བཅོལ་བའི་སྐོར་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག 16.06.2022 5:03
ལོ་ལྟར་མི་གྲངས་ས་ཡ་མང་པོ་ཞིག་སོ་སོའི་ཚེ་སྲོག་གི་ཉེན་ཁ་ལས་གཡོལ་ཏེ་འཚོ་བ་བདེ་ཐང་ཞིག་བསྐྱལ་ཆེད་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད། ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་བའི་བདུན་ཕྲག་ཞེས་ལོ་ལྟར་སྲུང་བརྩི་བྱེད་ནས་མི་མང་རྣམས་ལ་སྐྱབས་བཅོལ་བའི་སྐོར་གོ་རྟོགས་སྤེལ་བ་དང་། སྐྱབས་བཅོལ་བ་ཚོས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་བཟང་ཕྱོགས་སུ་བསྐྱོད་པར་ཞབས་འདེབས་ཕུལ་བར་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།
Hasonló podcastok
A Replaio nem podcastkiadó; a műsorok nevei, borítóképei és hanganyagai a szerzőiket illetik, és nyilvános RSS-csatornákon keresztül terjednek.