SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ 624 bölüm

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Yazar

SBS

Kategori

News

Podcast web sitesi

www.sbs.com.au

Son bölüm

8 Tem 2026

Nereden dinlenir?

Uygulamada podcast'ler Replaio Radio Çok yakında

Podcast'ler çok yakında uygulamaya geliyor. Şimdi yükle ve podcast'lere yepyeni bir bakışı ilk gören sen ol

Google Play'den indir Ücretsiz yükle Android 5 Mn+ indirme · 4,8 puan iOS yakında

Bölümler

Indigenous astronomy: How the sky informs cultural practices - གདོད་མའི་མི་རིགས་ཀྱི་གནམ་གཤིས་རིག་པ་དང་དེ་རིག་གཞུང་ནང་ལག་ལེན་བསྟར་ཚུལ། 12.09.2024

Astronomical knowledge of celestial objects influences and informs the life and law of First Nations people. - གནམ་རིག་གི་དངོས་པོའི་སྐོར་གྱི་ཤེས་བྱ་དེས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་འཚོ་བ་དང་ཁྲིམས་ལུགས་སྐོར་ཤེས་རྟོགས་དང་ཤུགས་རྐྱེན་ཆེན་པོ་ཆགས་ཡོད།

ཨོ་སི་ཁྲུ་ལི་ཡའི་ནང་སོའི་སྨན་བཅོས་ལྟ་སྐྱོང་སྐོར། 05.09.2024

ཨོ་སི་ཁྲུ་ལི་ཡའི་ནང་སོའི་སྨན་བཅོས་ལྟ་སྐྱོང་སྐོར་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་། སོའི་བདེ་ཐང་ནི་ཁྱེད་རང་གི་སྤྱི་ཡོངས་འཕྲོད་བསྟེན་བདེ་ཐང་དང་ལུས་སེམས་བདེ་སྡུག་སོགས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད།

འཚོ་བའི་འགྲོ་གྲོན་གནོན་ཤུགས་ཀྱིས་ང་ཚོའི་སྤྱི་ཚོགས་ཁ་བྲལ་ཏུ་གཏོང་བཞིན་ཡོད་དམ། 29.08.2024

ཉེ་ཆར་གྱི་ཞིབ་འཇུག་ཞིག་གི་ནང་ད་ལྟའི་ཆར་ཨོ་སི་ཁྲུ་ལི་ཡའི་ནང་དཔལ་འབྱོར་གྱི་དཀའ་ངལ་ཐད་སེམས་ཁྲལ་ཆེན་པོ་ཡོང་བཞིན་ཡོད་པ་དང་། དེས་སྤྱི་ཚོགས་ནང་ཁ་བྲལ་གྱི་གནས་སྟངས་ཀྱང་མང་པོ་ཞིག་ལྷག་གི་ཡོད་སྐོར་གསལ་འདུག

ཤིང་སྡོང་གཏོར་བརླག་གཏོང་བའི་སྦྲང་མ་ཆུང་ཆུང་ལས་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། 25.08.2024

པེར་ཐི་གྲོང་ཁྱེར་གྱི་སྔོན་འགོག་ས་ཁུལ་ནང་དུ་འབུ་ཆུང་ཆུང་ཞིག་གིས་ཤིང་སྡོང་སྟོང་ཕྲག་མང་པོ་གཏོར་བརླག་བཏང་ཡོད་པ་དང་། མཁས་པ་ཚོས་ཤིང་སྡོང་རྒན་པ་བསད་པའི་ནུས་པ་ཡོད་པའི་སྦྲང་མ་ཆུང་ཆུང་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཆེ་ཆུང་མི་ལི་མི་ཊར་གཉིས་ལས་མེད་པའི་མེ་མདའ་ཆུང་ཆུང་དེས་ལོ་གཉིས་ནང་ཤིང་སྡོང་ཞིག་བསད་ཐུབ། འབུ་སྲིན་འདི་བཀག་འགོག་བྱེད་པའི་ཆེད་དུ་པེར་ཐི་གྲོང་ཁྱེར་གྱི་ཉུང་མཐར་ཡང་ཤིང་སྡོང་ ༣༠༠༠ གཏོར་བརླག་བཏང་ཟིན་ཡོད...

ཨོ་གླིང་གི་རྩེད་འགྲན་པ་རྣམས་ཕྱིར་འབྱོར་སྐབས་དགའ་ཚོར་ཆེན་པོས་བསུ་བ་བྱས། 17.08.2024

ཉེ་ཆར་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག ཨོ་སི་ཁྲུ་ལི་ཡ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཨང་རིམ་བཞི་པར་སླེབས་པ་དང་། རྩེད་འགྲན་པ་རྣམས་ཀྱིས་གསེར་གྱི་རྟགས་མ་ ༡༨ བླངས་བས་ཨོ་གླིང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་བཀོད་ཐུབ་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་སྐུ་ཚབ་ནས་ཨོ་གླིང་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ། 11.08.2024

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཆེད་ཨོ་གླིང་ནང་གཞུང་འབྲེལ་འཚམས་གཟིགས་ལས་དོན་ཆེད་ཕེབས་པའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ལ། ཐེངས་འདིར་བོད་མི་མང་སྤྱི་འཐུས་ནས་ཨོ་གླིང་ནང་བོད་དོན་ཞུ་གཏུགས་ལས་འགུལ་སྐོར་བཅར་འདྲི།

ཨོ་སི་ཁྲུ་ལི་ཡའི་ནང་རྐང་ཐང་ལམ་གྱི་སྒྲིག་སྲོལ། 03.08.2024

དུས་རྒྱུན་ཨོ་སི་ཁྲུ་ལི་ཡའི་ནང་མི་རྣམས་རྐང་ཐང་དུ་འགྲོ་བསྐྱོད་བྱེད་ས་ལམ་ཁའི་སྒྲིག་སྲོལ་དང་འགལ་འཛོལ་བྱུང་ཚེ། དེའི་རྐྱེན་པས་ཉེས་ཆད་ཕོག་སྲིད་པས་མ་ཚད་བརྡབ་སྐྱོན་གྱི་གནས་ཚུལ་ཡང་ལྷག་སྲིད་པ་ཞིག་རེད། རྒྱ་ལམ་སྟེང་རྐང་ཐང་དུ་འགྲོ་བསྐྱོད་བྱེད་མཁན་ཚོས་བདེ་འཇགས་ལ་དོ་སྣང་དང་སྤྱིའི་ཤེས་བྱ་འགྲོ་ལུགས་འགྲོ་སྟངས་ཧ་གོ་དགོས་པ་གལ་ཆེན་པོ་ཆགས་ཡོད།

ལས་གནས་སུ་བཙན་ཤེད་ལ་གདོང་ལེན་བྱེད་མཁན་གནས་སྤོ་བ་ལས་མི་ཚོར་ཐོངས་མཆན་རིགས་ཤིག་གསར་དུ་བཟོས། 01.08.2024

ཨོ་སི་ཁྲུ་ལི་ཡ་གཞུང་གིས་ཨོ་སི་ཁྲུ་ལིའི་ནང་གཞིས་སྤོ་བ་ལས་མི་རྣམས་ཀྱིས་ལས་ཀ་བྱེད་སར་ཐོབ་ཐང་དྲང་བདེན་འཐབ་རྩོད་ཆེད། འཛམ་གླིང་ནང་ཆེས་ཐོག་མའི་ཐོངས་ཆེན་རིགས་གསར་པ་ཞིག་བཟོས་ཡོད་པ་རེད། ཐོངས་ཆེན་གྱི་སྡེ་ཚན་གསར་པ་འདིས་ལས་ཀ་བྱེད་སར་བཙན་ཤེད་ལ་འཐབ་རྩོད་བྱེད་བཞིན་པའི་གནས་སྤོས་བ་ལས་མི་ཚོས་ཐོབ་ཐང་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་བྱེད་ཆོག་པའི་དུས་ཡུན་རིང་དུ་གཏོང་ཐུབ་ཀྱི་ཡོད་འདུག

ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ནང་ཨོ་ལིབ་སྣུམ་གྱི་རིན་གོང་ཤུགས་ཆེ་འཕར་བ། 25.07.2024

ཉེ་བའི་ཆར་ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ཁྱོན་ཡོངས་སུ་ཨོ་ལིབ་ Olive སྣུམ་གྱི་རིན་གོང་ཤུགས་ཆེ་འཕར་ཡོད་པ་རེད། འདིར་ལོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ནང་དང་ཕྱི་རྒྱལ་ཁག་ལ་སྟོན་ཐོག་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཨོ་ལིབ་སྣུམ་ཐོན་སྐྱེད་ལ་གནོད་སྐྱོན་ཤུགས་ཆེ་ཐེབས་ནས་ཐོན་སྐྱེད་བྱེད་མཁན་ཚོས་ཟླ་བ་རྗེས་མའི་ནང་ཨོ་ལིབ་སྣུམ་དགོས་མཁོ་ལྟར་མཁོ་སྤྲོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

ཨོ་གླིང་ནང་བོད་ཕྲུག་རྣམས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་སྤྲད་པ། 18.07.2024

རྒྱ་གར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་དང་། དེ་བཞིན་གནས་མཁར་གསར། མེལ་བྷེལ་བཅས་ཀྱི་ནང་བོད་ཕྲུག་རྣམས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་སྤྲོད་གནང་བཞིན་པའི་སྐོར་བཅར་འདྲི།

ཚོང་ལས་ཆུང་གྲས་ཁག་གི་དགོས་མཁོ་ཡིག་ཆ་སྐད་ཡིག་བརྒྱ་ལྷག་ཙམ་ནང་རག་གི་ཡོད། 12.07.2024

ཨོ་སི་ཁྲུ་ལི་ཡའི་ཚོང་ལས་ཆུང་གྲས་དང་ཁྱིམ་ཚང་ཁེ་གཉེར་ལྟ་ཞིབ་ཁང་གིས་དྲ་ཚིགས་ https://www.asbfeo.gov.au/ ཐོག ཚོང་ལས་ཆུང་ཆུང་གཉེར་མཁན་ཚོས་དགོས་མཁོའི་གནས་ཚུལ་དང་ཡིག་ཆ་ཁག་སྐད་ཡིག་ ༡༠༠ ལྷག་ཙམ་ནང་རག་གི་ཡོད་པ་རེད།

ལམ་གྱི་སྟེང་དུ་ཁོང་ཁྲོའི་གནས་སྟངས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། 11.07.2024

ཁྱེད་རང་རླངས་འཁོར་གཏོང་ནས་འགྲོ་སྐབས་སུ་མཚམས་རེར་ལམ་སྟེང་དུ་རླངས་འཁོར་གཏོང་མཁན་གཞན་གྱིས་རྩུབ་སྤྱོད་ཀྱི་རྣམ་པ་སྟོན་སྲིད་ལ། གཞན་གྱི་རྩུབ་སྤྱོད་ཀྱི་རྣམ་པ་ངོས་ཟིན་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པས་མ་ཚད། ཁྱེད་རང་ཉིད་ཀྱང་ཁོང་ཁྲོ་ལངས་བའི་གནས་ཚུལ་བྱུང་ཚེ་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་། ཁྱེད་དང་ཁྱེད་ཀྱི་རླངས་འཁོར་གྱི་བདེ་འཇགས་ཉེན་སྲུང་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ཨོ་གླིང་ནང་༧གོང་ས་མཆོག་དགུང་གྲངས་ ༨༩ ཕེབས་པའི་འཁྲུངས་སྐར་སྲུང་བརྩི། 06.07.2024

ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་དང་། སིཌ་ནིང་། ཝི་ཊོ་རི་ཡ་སོགས་བོད་མི་གནས་སྡོད་བྱེད་ས་ས་གནས་ཁག་མང་པོ་ཞིག་གི་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་ཕྱི་ལུགས་དགུང་གྲངས་ ༨༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག

Why are Indigenous protocols important for all Australians? - གདོད་མའི་མི་རིགས་ཀྱི་ལམ་ལུགས་དེ་ཨོ་སི་ཁྲུ་ལི་ཡའི་མི་ཚང་མར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ག་རེ་ཡིན་ནམ། 02.07.2024

Observing the cultural protocols of Aboriginal and Torres Strait Islander peoples is an important step towards understanding and respecting the First Australians and the land we all live on. - ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་དང་ཊོ་རེ་སི་མཚོ་འགག་གླིང་ཕྲན་སྟེང་གི་ཡུལ་མིའི་རིག་གཞུང་གི་འགྲོ་ལུགས་ལ་བརྩི་འཇོག་བྱེད་པ་ནི། ང་ཚོ་ཚང་མ་གནས་སྡོད་བྱེད་སའི་ས་གཞི་དང་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རྣམས་ཀྱི་སྐོར་ལ་...

མ་འབྱར་གྱི་བྱིས་པ་ཚོའི་བདེ་ཐང་ཡར་རྒྱས་ཆེད་འཕྲོད་བསྟེན་ལྟ་སྐྱོང་སྐོར་ལམ་སྟོན་གསར་པ། 30.06.2024

ཨོ་སི་ཁྲུ་ལི་ཡའི་ནང་ཕྲུ་གུ་མར་འབྱར་ལ་རྒྱུན་རིང་པོའི་ལྟ་སྐྱོང་ཡར་རྒྱས་གཏོང་ཐབས་ཀྱི་ལམ་སྟོན་གསར་པ་དེས་ཕྲུ་གུ་དང་ཕ་མའི་འཕྲོད་བསྟེན་ལ་གྲུབ་འབྲས་བཟང་པོ་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག

ཨོ་སི་ཁྲུ་ལི་ཡའི་ནང་ཁྱེད་རང་གི་ལོ་མཇུག་ཏུ་དཔྱ་ཁྲལ་རྩིས་རྒྱག་རྒྱུ་གྲ་སྒྲིག་བྱེད་སྟངས། 29.06.2024

གལ་སྲིད་ཁྱེད་རང་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་དང་དཔྱ་ཁྲལ་འབུལ་མཁན་ཞིག་ཡིན་ཚེ། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྩིས་ལོ་གསར་པ་འགོ་འཛུགས་དང་། དེའི་གོང་གི་རྩིས་ལོ་གཅིག་ནང་ཁྱེད་རང་གི་ཡོང་འབབ་ཆ་ཚང་སྙན་སེང་དང་རྩིས་རྒྱག་དགོས་ཀྱི་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ ATO ཡིས་ཁྱེད་རང་གི་རྩིས་ལོ་གཅིག་ནང་གི་ཡོང་འབབ་ལ་གཞིགས་ནས་དཔྱ་ཁྲལ་ག་ཚོད་ཕྱིར་སློག་དགོས་མིན་དང་ཡང་ན་ཁྱེད་ཀྱིས་དཔྱ་ཁྲལ་ག་ཚོད་ཆད་ཡོད་མེད་ཞིབ་འཇུག་ད...

ཀླད་པ་སྐྲན་ནད་ལས་ཐར་བའི་བུ་མོ་བསྟན་འཛིན་ཆོས་མཚོ། 23.06.2024

ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་གནས་སྡོད་བུ་མོ་བསྟན་འཛིན་ཆོས་མཚོ་ལགས་ལོ་ན་ ༨ སྐབས་སུ་ཀླད་པའི་སྐྲན་ནད་ཚབ་ཆེན་ཞིག་ཕོག་ནས་སྐབས་དེར་འཆི་གསོན་གྱི་མཚམས་སུ་སླེབས་ཡོད་ཀྱང་། རྗེས་སུ་སིཌ་ནིང་གྲོང་ཁྱེར་ནང་ཡོད་པའི་བྱིས་པའི་སྨན་ཁང་ Sydney Children's Hospital ནང་དུས་ཡུན་ཟླ་བ་ ༨ ཙམ་རིང་སྨན་བཅོས་བྱས་ནས། ད་ཆ་ན་ཚ་ལས་ཡོངས་སུ་དྲག་བསྐྱེད་བྱུང་ནས་ཁོ་མོ་སླར་ཡང་སློབ་གྲྭ་འགྲོ་ཐུབ་པ་བྱུང་ཡོད།

ཨོ་གླིང་ནང་གློག་ཆས་དང་གློག་རྫས་རྙིང་པའི་གད་སྙིགས་རིགས་བསྐྱར་དུ་སྤྱོད་སྟངས། 19.06.2024

གལ་སྲིད་ཁྱེད་རང་གི་ནང་ལ་གློག་ཆས་དང་གློག་རྫས་རྙིང་པ་རིགས་དེ་འདྲ་ཡོད་ཚེ་ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད་དམ། དེ་ཚོ་བསྐྱར་དུ་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད་དམ། ཨོ་སི་ཁྲུ་ལི་ཡའི་ནང་གློག་ཆས་ཀྱི་རིགས་ས་ཐོག་ཏུ་གང་བྱུང་གཡུག་ཆོག་གི་མེད། དེ་ཡང་བརྙན་འཕྲིན་དང་། གློག་ཀླད། ཁ་པར། གློག་རྫས་རིགས་སོགས་གློག་ཆས་དང་འབྲེལ་བའི་ཅ་དངོས་རིགས་དུས་རྒྱུན་ང་ཚོས་གད་སྙིགས་བླུག་སའི་སྣོད་ནང་གཡུག་ཆོག་གི་མེད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་ཨོ་གླིང་ནང་སྲུང་བརྩི་ཞུས་པ། 16.06.2024

དེ་རིང་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཨོ་གླིང་ས་གནས་ཆུ་སྒང་གིས་གོ་སྒྲིག་འོག ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་གནང་ཡོད་པ་རེད།

གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་རྒྱལ་ཁབ་ཀྱི་འདས་ཟིན་པའི་ལོ་རྒྱུས་ཀྱི་སྒེའུ་ཁུང་། 12.06.2024

ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རེ་ཇེ་ནལ་དང་ཊོ་རེ་སི་གླིང་ཕྲན་གྱི་མི་ཚོས་ངག་རྒྱུན་ལོ་རྒྱུས་དང་། སྒྱུ་རྩལ་བརྒྱུད་ལམ་ལ་བརྟེན་ནས་རང་གི་རིག་གཞུང་གི་ལོ་རྒྱུས་དང་ཆོས་ལུགས་ཀྱི་དད་པ། ཡུལ་དེའི་གཞི་རྩའི་ཤེས་བྱ་སོགས་ཤེས་རྟོགས་དང་གཞན་ལ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད་པ་རེད། སྒྱུ་རྩལ་རིག་གནས་ནི་ཁོང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྲོལ་རྒྱུན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན།

འཚོ་བའི་འགྲོ་གྲོན་གྱི་རིང་གོང་འཕར་བ་བརྟེན་སྐྱེད་ཀ་མི་དགོས་པའི་བུན་གཡར། 08.06.2024

ཉེ་བའི་ལོ་ཤས་ནང་ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བའི་འགྲོ་གྲོན་ཟས་རིགས་དང་ཅ་དངོས་སོགས་ཀྱི་རིན་གོང་ཤུགས་ཆེ་འཕར་ནས་མི་མང་རྣམས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་སྐབས་འདིར། ན་ནིང་ཨོ་སི་ཁྲུ་ལི་ཡ་གཞུང་གིས་མི་སྒེར་དང་ཁྱིམ་ཚང་རྣམས་ལ་ཅ་དངོས་ཉོ་བྱེད་སྐྱེད་ཀ་མི་དགོས་པའི་བུན་གཡར་ལས་རིམ་ཞིག་འགོ་འཛུགས་བྱས་ཡོད་འདུག

ཨོ་གླིང་དབོན་སྤྲུལ་ཆོས་ཚོགས་ཀྱིས་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་མཐོང་གྲོལ་རིན་པོ་ཆེ་བཤམ་སྟོན། 30.05.2024

ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༦ དང་བོད་ཟླ་བཞི་པ་ཚེས་ ༡༨ རེས་གཟའ་ཉིན་མ་ཉིན་བདག་བཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་དང་། མངོན་པར་རྫོགས་པ་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཚིགས་གསུམ་འཛོམས་ཀྱི་ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན། ཨོ་གླིང་དབོན་སྤྲུལ་ཆོས་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་གྲོང་ཁྱེར་བྷིར་སི་བྷིན་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ཐང་མཐོང་གྲོལ་རིན་པོ་ཆེ། མཐའ་འཁོར་དུ་གུ་རུ་རི...

ཨོ་སི་ཁྲུ་ལི་ཡའི་ནང་ཀོ་ཕི་ Coffee འཐུང་བའི་གོམས་སྲོལ། 29.05.2024

ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀོ་ཕི་ Coffee ལ་ཤིན་ཏུ་དགའ་པོ་ཡོད་པ་དང་གྲོང་ཁྱེར་མེལ་བྷོན་ནི་འཛམ་གླིང་གི་ཀོ་ཕི་ཡི་རྒྱལ་ས་ཞེས་འབོད་ཀྱི་ཡོད། ཀོ་ཕི་མངགས་ཉོ་དང་ཀོ་ཕི་འཐུང་བ་ནི་དོན་དག་གལ་ཆེན་ཡིན། ཨོ་སི་ཁྲུ་ལི་ཡའི་ནང་མི་མང་བརྒྱ་ཆ་ ༧༥ ཙམ་གྱིས་ཉིན་ལྟར་ཀོ་ཕི་འཐུང་བཞིན་ཡོད། ཀོ་ཕི་འཐུང་སྐབས་སེམས་པ་སྤྲོ་བའི་ཁེངས་བཞིན་ཡོད།

ཕྲུ་གུ་སྐྱེ་རྗེས་ཀྱི་སྐྱོ་ངལ་ནི་ཅི་ཞིག་ཡིན་པ་དང་དེ་ལ་རོགས་རམ་ཇི་ལྟར་བྱེད་དགོས། 25.05.2024

ཕྲུ་གུ་སྐྱེས་རྗེས་ཀྱི་སེམས་སྐྱོ་བ་དང་སེམས་ཞུམ་ལ་ཁྱད་པར་ཡོད་དེ། དེས་ཕ་མ་གཉིས་ཀར་ཤུགས་རྐྱེན་ཐེབས་ཆོག་པར་མ་ཟད། སེམས་སྐྱོ་བ་དང་སེམས་ཞུམ་པ་དེའི་ནད་རྟགས་ཀྱི་ཚབས་ཆེ་ཆུང་དང་དུས་ཡུན་ལ་ཡང་ཁྱད་པར་ཡོད། ལེ་ཚན་འདིའི་ནང་ང་ཚོས་ཕྲུ་གུ་སྐྱེས་རྗེས་ཀྱི་སེམས་སྐྱོ་བ་དང་སེམས་ཞུམ་གྱིས་མནར་བའི་མི་རྣམས་ལ་རོགས་རམ་དང་སྨན་བཅོས་བྱེད་ཆེད་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་ཞབས་ཞུའི་སྐོར་འགྲེལ་བརྗོད་ཞུ་རྒྱུ་ཡིན།

ཨོ་སི་ཁྲུ་ལི་ཡའི་ནང་རང་ཉིད་ཀྱི་མིང་བརྗེ་པོ་རྒྱག་སྟངས་དང་དེའི་གལ་གནད། 22.05.2024

ཨོ་སི་ཁྲུ་ལི་ཡའི་ནང་རང་ཉིད་ཀྱི་མིང་བརྗེ་པོ་རྒྱག་སྟངས་དང་དེའི་གལ་གནད་སོགས་ཀྱི་སྐོར་གྲོང་ཁྱེར་མེལ་བྷོན་དུ་གནས་སྡོད་ཁང་གསར་བསྟན་འཛིན་བློ་བཟང་ལགས་དང་གླེང་མོལ་དང་བཅར་འདྲི་ཞུས་པ།

SBS Tibetan - SBS བོད་སྐད་སྡེ་ཚན། podcast'ini Replaio'da dinle

Radyo ve podcast'ler tek uygulamada - ücretsiz, kayıt gerektirmez. Bugün yükle ve lansmanı kaçırma

Google Play'den indir

Replaio bir podcast yayıncısı değildir; program adları, kapak görselleri ve ses içerikleri yazarlarına aittir ve herkese açık RSS beslemeleri aracılığıyla dağıtılır