VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 206 bölüm

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Yazar

VOA

Kategori

News

Podcast web sitesi

www.voatibetan.com

Son bölüm

4 Haz 2024

Nereden dinlenir?

Uygulamada podcast'ler Replaio Radio Çok yakında

Podcast'ler çok yakında uygulamaya geliyor. Şimdi yükle ve podcast'lere yepyeni bir bakışı ilk gören sen ol

Google Play'den indir Ücretsiz yükle Android 5 Mn+ indirme · 4,8 puan iOS yakında

Bölümler

རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ལ་བསྐྱར་དུ་གདེང་འཇོག - ཟླ་བ་བཅུ་གཅིག་པ། ༠༧, ༢༠༢༡ 07.11.2021

༄༅། །གཟའ་འཁོར་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱ་ནག་དམར་ཤོག་གི་ལོ་བརྒྱའི་ལོ་རྒྱུས་ལ་གདེང་འཇོག་བྱེད་པའི་ཡིག་ཆ་གསར་པ་ཞིག་འདོན་རྒྱུ་ཡིན་པ་དང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་ལེ་ཚན་ལ་དེའི་སྐོར་བགྲོ་གླེང་ཞུས་ཡོད།།

རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ལ་བསྐྱར་དུ་གདེང་འཇོག - ཟླ་བ་བཅུ་གཅིག་པ། ༠༧, ༢༠༢༡ 06.11.2021
བོད་ནང་གི་རྒྱ་ནག་དམར་ཤོག་གི་དྲུང་ཆེ་གསར་པ། - ཟླ་བ་བཅུ་པ། ༢༥, ༢༠༢༡ 24.10.2021

རྒྱ་ནག་དམར་ཤོག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མཐོ་ཤོས་དེར་འཕོ་འགྱུར་བཏང་ནས་ཞིན་ཅང་གི་རྒྱ་མིའི་དཔོན་རིགས་ཤིག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་གནད་དོན་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ལོ་ངོ་ཉི་ཤུའི་རྗེས་ཀྱི་ཁ་ཆེ་འཇིགས་སྐུལ་པའི་གནས་སྟངས། - ཟླ་བ་དགུ་པ། ༠༥, ༢༠༢༡ 05.09.2021

གཟའ་འཁོར་རྗེས་མ་ནི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ནས་ལོ་ཉི་ཤུ་ཕྱིན་པའི་དུས་དྲན་ཡིན་ཞིང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ་ཁ་ཆེ་མཐའ་ལྷུང་རིང་ལུགས་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་འཇིགས་སྐུལ་ཚོགས་པ་ཁག་གི་སྟོབས་ཤུགས། ཁོ་ཚོའི་གནས་སྟངས་སོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད་པ་རེད།

རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པའི་འོས་མི། - ཟླ་བ་བརྒྱད་པ། ༣༠, ༢༠༢༡ 30.08.2021

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་སོགས་སུ་ཡུན་རིང་ཕྱི་འབྲེལ་གྱི་ཆེད་ལས་བསྒྲུབས་མྱོང་མཁན་ཎི་ཀོ་ལ་སི་བྷན་སི་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པར་མིང་འདོན་གནང་ཡོད་ཅིང་།

ཐ་ལི་བྷན་ཟེར་བའི་ཚོགས་པ་འདི་ཅི་ལྟར་བྱུང་བ་རེད་དམ། - ཟླ་བ་བརྒྱད་པ། ༢༢, ༢༠༢༡ 22.08.2021

ཐ་ལི་བྷན་ཚོགས་པས་ཨ་ཧྥུ་གྷ་ནི་སི་ཐན་གྱི་གཞུང་དམག་དུས་ཚོད་ཐུང་ཐུང་གི་རིང་གཏོར་ཕམ་བཏང་སྟེ་རྒྱལ་ཁབ་འདིར་དབང་སྒྱུར་བྱེད་མགོ་བཙུགས་ཡོད་པ་ལྟར། དེ་རིང་གི་ང་ཚོའི་ཕ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་ཐ་ལི་བྷན་ཟེར་བའི་ཚོགས་པ་འདི་ཅི་ལྟར་མགོ་བཙུགས་ཡོད་མེད་དང་། ཁོ་ཚོའི་བསམ་བློའི་ལྟ་གྲུབ་ཅི་ལྟ་བུ་ཞིག་ཡིན་མིན་སོགས།

ཨ་རིའི་རྨང་གཞིའི་འཛུགས་སྐྲུན་གྲོས་ཆོད། - ཟླ་བ་བརྒྱད་པ། ༡༦, ༢༠༢༡ 16.08.2021

གཟའ་འཁོར་འདིར་ཨ་རིའི་གྲོས་ཚོགས་གོང་མའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་མང་ཆེ་བས་ཨ་རིའི་རྨང་གཞིའི་འཛུགས་སྐྲུན་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་འགྲོ་གྲོན་གཏང་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཨ་རིའི་རྨང་གཞིའི་འཛུགས་སྐྲུན་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ཨ་རིར་དཔུང་རོགས་བྱེད་མཁན་གྱི་ཨབ་གྷན་སི་ཐན་པ་ཁག་ཅིག་ཨ་རིར་འབྱོར་ཡོད་པ། - ཟླ་བ་བརྒྱད་པ། ༠༨, ༢༠༢༡ 08.08.2021

དེ་སྔོན་ཨབ་གྷན་སི་ཐན་གྱི་མི་ཁག་ཅིག་གིས་ཁོ་ཚོའི་ས་ཐོག་ཏུ་ཨ་རིའི་དམག་མིར་སྐད་སྒྱུར་སོགས་ཀྱི་རོགས་རམ་བྱས་ཡོད་པ་དང་། གཟའ་འཁོར་སྔོན་མའི་ནང་ཨ་རིའི་གཞུང་གིས་དམག་མིར་རོགས་རམ་བྱེད་མཁན་གྱི་ཨབ་གྷན་སི་ཐན་གྱི་མི་དེ་དག་ལས་ཁག་ཅིག་ཨ་རིར་གནས་སྤོ་བྱེད་དུ་བཅུག་འདུག་ལ།

སྲིད་འཛིན་ལྐོག་གསོད་བྱས་པའི་གཞུག་གི་ཧེ་ཊིའི་གནས་སྟངས། - ཟླ་བ་བདུན་པ། ༢༦, ༢༠༢༡ 26.07.2021

༄༅།། ཉེ་དུས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧེ་ཊིའི་སྲིད་འཛིན་མཚན་མོར་ལྐོག་གསོད་བྱས་པའི་གཞུག་ནས་རྒྱལ་ནང་ལ་མུ་མཐུད་དུ་ཟང་ཟིན་གྱི་གནས་ཚུལ་འབྱུང་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧེ་ཊིའི་དཀའ་ངལ་དེ་དག་གི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སོགས་གླེང་སློང་ཞུ་རྒྱུ་ཡིན།།

ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བ། - ཟླ་བ་བདུན་པ། ༢༠, ༢༠༢༡ 20.07.2021

༄༅།། ཉེ་དུས་རྒྱ་ནག་གཞུང་གིས་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བསྡུས་རུབ་བྱེད་པར་ཡོང་མཁན་ཌི་ཌི་ཟེར་བའི་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་རང་ཡུལ་གྱི་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་ཨ་མི་རི་ཀར་ཚོང་འབྲེལ་མེད་པར་བཟོ་རྒྱུའི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་མཚོན་གྱི་འདུག

རྒྱ་ནག་གི་ན་གཞོན་ཚོའི་བག་ཉལ་ལས་འགུལ། - ཟླ་བ་བདུན་པ། ༡༢, ༢༠༢༡ 12.07.2021

དེང་སྐབས་རྒྱ་ནག་གི་ན་གཞོན་ཚོའི་གྲས་སུ་བསམ་བློའི་འདུ་ཤེས་འཛིན་སྟངས་གསར་པ་ཞིག་དར་ཁྱབ་ཆེན་པོ་འབྱུང་གི་ཡོད་ཅིང་། དེ་ནི་གཞོན་སྐྱེས་ཚོས་སྤྱི་ཚོགས་སུ་དཔལ་འབྱོར་དང་གོ་གནས་སོགས་ཀྱི་ཆེད་དུ་དཀའ་ལས་བརྒྱབ་སྟེ་འགྲན་རྩོད་བྱ་རྒྱུའི་ཚབ་ཏུ་འགྲན་རྩོད་ཀྱི་ལས་རིགས་ཁག་ནས་ཡོངས་སུ་ཕྱི་བཤོལ་གྱིས་བག་ཉལ་བྱེད་པའི་བསམ་བློར་

ཨ་རིའི་དམག་དཔུང་ཨབ་གྷི་ཎི་སི་ཐན་ནས་ཕྱིར་འཐེན། - ཟླ་བ་བདུན་པ། ༠༤, ༢༠༢༡ 04.07.2021

ལོ་༢༠་ཐམ་པའི་རྗེས་སུ་ཨ་རིའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཡོངས་སུ་ཕྱིན་འཐེན་བྱེད་ཀྱི་ཡོད་པས་ཨ་རི་དམག་དཔུང་རྣམས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱལ་ཁབ་དེའི་སྲིད་གཞུང་མུ་མཐུད་དུ་གནས་ཐུབ་མིན་ལ་མི་ཚོས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།

ཀུ་ཤུ་ཚགས་པར་དང་ཧོང་ཀོང་གི་རང་དབང་གསར་ཁང་གི་ལས་དབང་། - ཟླ་བ་དྲུག་པ། ༢༢, ༢༠༢༡ 22.06.2021

༄༅།། གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ལྔ་བརྒྱ་ལྷག་གིས་མངའ་ཁུལ་དེའི་གསར་ཁང་ཆེ་ཤོས་ཤིག་གི་ལས་ཁུངས་ཀྱི་མཐའ་བསྐོར། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གཙོ་བོ་ལྔ་འཛིན་བཟུང་བྱས་ཤིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ནང་དུ་རྒྱ་ནག་གི་དམ་དྲག་འོག་ཧོང་ཀོང་གི་རང་དབང་གསར་ཁང་

རྒྱ་ནག་གིས་སྒྲུང་ཡག་ག་ཞིག་བཤད་རྒྱུ་ཡོད་དམ། - ཟླ་བ་དྲུག་པ། ༠༦, ༢༠༢༡ 06.06.2021

ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གི་དབུས་རྒྱུན་ལས་ཀྱི་ཚོགས་འདུའི་ཐོག་ཏུ་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྒྲུང་ཡག་པོ་ཞིག་བཤད་ཐབས་བྱ་དགོས་ཞེས་བསྐྱར་དུ་ནན་བརྗོད་བྱས་པར་མ་ཟད། ང་ཚོས་འཛམ་གླིང་གིས་རྒྱ་ནག་ལ་ཡིད་ཆེས་འཕེར་བ་དང་དགའ་འོས་པ། གུས་བཀུར་བྱེད་པའི་རྒྱ་ནག་གི་རྣམ་པ་ཞིག་བསྐྲུན་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་

ནད་དུག་གི་བྱུང་ཁུངས་ལ་གླེང་སློང་གསར་པ་བྱུང་བའི་རྒྱབ་ལྗོངས། - ཟླ་བ་ལྔ་པ། ༣༠, ༢༠༢༡ 29.05.2021

༄༅།། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཏོག་དབྱིབས་ནད་དུག་འདི་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཇི་ལྟར་ཁྱབ་ཡོད་མེད་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྩད་ཞིབ་བསྐྱར་དུ་བྱེད་དགོས་པའི་བཀའ་བཏང་ཡོད་ཅིང་།

རྒྱ་ནག་གི་མི་འབོར་དང་མ་འོངས་བོད་ལ་བྱུང་སྲིད་པའི་ཤུགས་རྐྱེན། - ཟླ་བ་ལྔ་པ། ༡༤, ༢༠༢༡ 14.05.2021

༄༅།། གཟའ་མིག་དམར་ཉིན་རྒྱ་ནག་གི་ལོ་བཅུ་རེའི་མི་འབོར་ཞིབ་བཤེར་གྱི་བསྡོམས་རྩིས་གསར་ཤོས་དེ་གསལ་བསྒྲགས་བྱས་ཡོད་ཅིང་། མཁས་པ་མང་པོས་སྔོན་ནས་ཚོད་དཔག་བྱས་པ་བཞིན་དེང་སྐབས་རྒྱ་ནག་གི་མི་འབོར་འཕར་སྣོན་འགྲོ་རྒྱུ་དལ་དུ་ཕྱིན་ཡོད་པར་མ་ཟད།

ཨ་རིར་ནད་ཡམས་བཀག་སྡོམ་དང་ནད་པ་ཇེ་ཉུང་། - ཟླ་བ་ལྔ་པ། ༠༧, ༢༠༢༡ 07.05.2021

འདས་པའི་ལོ་དེར་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་མང་ཤོས་བྱུང་ཡོད་ཅིང་། ད་ལོའི་ཕྱི་ཟླ་གཉིས་པ་ནས་ཨ་རིའི་གཞུང་གིས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་མྱུར་དུ་འགོ་བཙུགས་ཡོད་པས་དེང་སྐབས་ཨ་རིར་ནད་པའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

ཌེ་རིཀ་ཤོ་ཝྭིན་ལ་བཅད་ཁྲ་བསྒྲགས་པ། - ཟླ་བ་བཞི་པ། ༢༢, ༢༠༢༡ 22.04.2021

ཨ་རིའི་ཁྲིམས་ཁང་ཞིག་གིས་ན་ནིང་ལོར་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོའི་སྐྱེས་པ་ཞིག་གི་མཇིང་པར་ཉེན་རྟོག་པ་ཤོ་ཝྭིན་གྱིས་པུས་མོ་བཙུགས་ནས་དུས་ཡུན་སྐར་མ་དགུ་ལྷག་བསྡད་པའི་རྗེས་སུ་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་འདས་གྲོངས་སུ་གྱུར། ཉེན་རྟོག་མི་སྣ་དེར་མི་བསད་པའི་ནག་ཉེས་ཡོད་པའི་བཅད་ཁྲ་བསྒྲགས་ཡོད་པ་རེད།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ། - ཟླ་བ་བཞི་པ། ༠༨, ༢༠༢༡ 08.04.2021

༢༠༡༩་ལོར་གཞུང་གིས་ཆོག་མཆན་མེད་པར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ལ་ཞུགས་པ་ནི་ཁྲིམས་འགལ་རེད་ཅེས་ནག་ཉེས་བཙུགས་འདུག དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་གྲས་ཀྱི་སྐུ་ཞབས་ལི་ཀྲི་དབྱིན་ནམ། ཇཱི་མཱི་ལེའི་སྐོར་ལ་དམིགས་བསལ་གྱིས་བགྲོ་གླེང་ཞུས་ཡོད།།

ཧོང་ཁོང་གིས་དམངས་གཙོའི་དབུ་ཁྲིད་ལིས་ཀྲི་མིང་། - ཟླ་བ་བཞི་པ། ༠༣, ༢༠༢༡ 02.04.2021

ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་དམངས་གཙོའི་ལས་དོན་ལ་བྱས་རྗེས་ཆེ་བའི་སྐུ་ཞབས་ལིས་ཀྲི་མིང་དང་ལིས་ཀྲི་ཡཱང་སོགས་མི་བདུན་ལ་ཁྲིམས་ཐག་བཅད་ཅིང་། ཁོ་ཚོ༢༠༡༩ལོར་གཞུང་གིས་ཆོག་མཆན་སྤྲད་མེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ནང་ཞུགས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་རེད་ཉེས་འཛུགས་བྱས་འདུག།

དམངས་གཙོའི་མཐུན་གྲོགས་དང་སྲིད་དབང་སྒེར་སྤྱོད་པའི་མཐུན་གྲོགས་ཀྱི་འགྲན་རྩོད། - ཟླ་བ་བཞི་པ། ༠༢, ༢༠༢༡ 01.04.2021

༄༅།། ཉེ་དུས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་གཞུག་གི་གསར་འགོད་ལྷན་ཚོགས་ཐེངས་དང་པོའི་ཐོག་ཏུ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གཞི་འཛིན་ས་ནི་རྒྱལ་ཁབ་འཛིན་སྐྱོང་གི་ལམ་ལུགས་མི་འདྲ་བའི་བར་གྱི་འགྲན་རྩོད་དེ་ཡིན་ཞེས་གསུངས་ཡོད་ཅིང་།

རྩོད་གླེང་ཆེ་བའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་སྙན་ཐོ། - ཟླ་བ་གསུམ་པ། ༣༡, ༢༠༢༡ 30.03.2021

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འདི་འཛམ་གླིང་ཡོངས་ལ་ཁྱབ་སྟེ་འགྲོ་བ་མིའི་ཉེ་རབས་ལོ་རྒྱུས་སུ་འབྱུང་དཀོན་པའི་ནད་ཡམས་ཚབས་ཆེན་ཞིག་ཏུ་གྱུར་ཏེ་ལོ་གཅིག་ཕྱིན་པའི་སྐབས་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཞིབ་འཇུག་བྱས་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩོད་གཅོད་ཀྱི་སྙན་ཐོ་

མི་རིགས་སྡང་འཛིན་དང་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཀྱི་གནས་སྟངས། - ཟླ་བ་གསུམ་པ། ༢༥, ༢༠༢༡ 25.03.2021

༄༅།། ཉེ་དུས་ཨ་རིའི་ཨེ་ཊི་ལན་ཊ་གྲོང་ཁྱེར་དུ་ཨེ་ཤི་ཡའི་བུད་མེད་དྲུག་བསད་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། དེང་སྐབས་ཨ་རིའི་སྤྱི་དམངས་ཨེ་ཤི་ཡའི་མི་རྒྱུད་ཡིན་པ་རྣམས་ལ་མི་རིགས་མཐོང་ཆུང་དང་དབྱེ་འབྱེད། ཐ་ན་ཨེ་ཤི་ཡའི་མི་རིགས་གྲས་ཀྱི་མི་ཁག་ཅིག་ལ་སྡང་ཟུག་དང་རྡུང་རྡེག་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གསར་འགྱུར་

ཨ་རྒྱའི་གྲོས་མོལ་འདི་ནི་གྲང་དམག་འགོ་ཚུགས་པའི་རྟགས་མཚན་ཡིན་ནམ། - ཟླ་བ་གསུམ་པ། ༢༡, ༢༠༢༡ 21.03.2021

འདས་པའི་ཉིན་གཉིས་ཀྱི་རིང་དེར་ཨ་རི་དང་རྒྱ་ནག་གི་མཐོ་རིམ་ཕྱིན་འབྲེལ་མི་སྣ་ཁག་གི་གལ་ཆེའི་ཐུག་འཕྲད་གྲོས་མོལ་གནང་བའི་རྗེས་སུ་མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་གམ། ཡང་ན་གསར་འགོད་ལྷན་ཚོགས་ཤིག་ཀྱང་མཉམ་དུ་སྐོང་མ་ཐུབ་པར་ཐེངསའ་འདིའི་ཐུག་འཕྲད་གྲོས་མོལ་མཇུག་བསྒྲིལ་ཡོད་ཅིང་།

མི་རིགས་གཙང་སེལ་དང་ཡུ་གུར་མི་རིགས་ལ་འཛིན་པའི་སྲིད་ཇུས། - ཟླ་བ་གསུམ་པ། ༡༨, ༢༠༢༡ 18.03.2021

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་བཞིན་ཡོད་པ་ནི་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་མི་རིགས་གཙང་སེལ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དང་དེའི་གོ་དོན་བཅས་ལ་གླེང་སློང་ཞུ་རྒྱུ་ཡིན།།

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། podcast'ini Replaio'da dinle

Radyo ve podcast'ler tek uygulamada - ücretsiz, kayıt gerektirmez. Bugün yükle ve lansmanı kaçırma

Google Play'den indir

Replaio bir podcast yayıncısı değildir; program adları, kapak görselleri ve ses içerikleri yazarlarına aittir ve herkese açık RSS beslemeleri aracılığıyla dağıtılır