VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 206 bölüm

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Yazar

VOA

Kategori

News

Podcast web sitesi

www.voatibetan.com

Son bölüm

4 Haz 2024

Nereden dinlenir?

Uygulamada podcast'ler Replaio Radio Çok yakında

Podcast'ler çok yakında uygulamaya geliyor. Şimdi yükle ve podcast'lere yepyeni bir bakışı ilk gören sen ol

Google Play'den indir Ücretsiz yükle Android 5 Mn+ indirme · 4,8 puan iOS yakında

Bölümler

ཨ་རིའི་འོས་བསྡུའི་སྐབས་དམར་རླབས་འཕྱུར་མ་ཐུབ་པ་ཅི་རེད། - ཟླ་བ་བཅུ་གཅིག་པ། ༡༡, ༢༠༢༢ 10.11.2022

ཨ་རིའི་འོས་བསྡུའི་སྐབས་དམར་རླབས་འཕྱུར་མ་ཐུབ་པ་ཅི་རེད། ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་མི་ཚོས་སྔོན་ནས་ཚོད་དཔག་བྱས་པ་བཞིན་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཚོགས་པ་དེའི་ཚོན་མདོག་དམར་པོའི་དམར་རླབས་ཤིག་འཕྱུར་ཐུབ་མེད་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ལ་ཨ་རིའི་ནང་དུ་བགྲོ་གླེང་མང་པོ་བྱེད་བཞིན་ཡོད་།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དུས་རབས་མཇུག་བསྒྲིལ་བ་ཡིན་ནམ། - ཟླ་བ་བཅུ་གཅིག་པ། ༠༡, ༢༠༢༢ 01.11.2022

ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་མར་ཆག་པ་མ་ཟད། ཉེ་དུས་ཚོགས་པའི་དམར་ཤོག་ཚོགས་ཆེན་ཐོག་ཏུ་སྔོན་ཆད་དཔལ་འབྱོར་འཛུགས་སྐྲུན་ནི་རྒྱ་ནག་གི་ལས་འགན་གཙོ་བོ་ཡིན་ཟེར་བའི་འབོད་ཚིག་ཀྱང་ཐོས་རྒྱུ་མེད་པར་གྱུར་ཡོད་པས་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དུས་རབས་མཇུག་བསྒྲིལ་བ་ཡིན་མིན་ཐད་གླེང་སློང་ཞུ་རྒྱུ་ཡིན།།

མའོ་ཙེ་ཏུང་ནས་ཞིས་ཅིན་ཕིང་། - ཟླ་བ་བཅུ་པ། ༢༥, ༢༠༢༢ 25.10.2022

གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་མ་འོངས་པའི་ལོ་ལྔའི་དམར་ཤོག་གི་འགོ་ཁྲིད་གཙོ་བོ་རྣམས་གཏན་ཁེལ་བྱུང་ཡོད་ཅིང་། ཞིས་ཅིན་ཕིང་ནི་མའོ་ཙེ་ཏུང་གི་རྗེས་ཀྱི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དབང་ཐང་ཆེ་ཤོས་སུ་གྱུར་ཡོད་པ་རེད།

ཨ་རིའི་དཔྱད་བརྗོད་པས་ཞིས་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས། - ཟླ་བ་བཅུ་པ། ༢༡, ༢༠༢༢ 20.10.2022

ཞིས་ཅིན་ཕིང་གི་ལས་དུས་གསུམ་པ་འགོ་བཙུགས་ཏེ་རྒྱ་ནག་ནི་སྔོན་དང་མི་འདྲ་བའི་ལམ་ཕྱོགས་ཤིག་ལ་འཁྲིད་བཞིན་པར་མི་མང་ཆེ་བས་བློ་འཚབ་བྱེད་ཀྱི་ཡོད་ ཨ་རིའི་དཔྱད་བརྗོད་པ་དང་ཉམས་ཞིབ་པ་འགའ་ཞིག་གིས་ཞིས་ཅིན་ཕིང་གི་བྱེད་སྟངས་དེ་དག་གིས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་ཐུབ་རྒྱུའི་རྟགས་མཚན་མཐོང་གི་འདུག་ཅེས་བརྗོད་ཡོད།

ཞིས་ཅིན་ཕིང་སྒེར་སྤྱོད་པའི་རྒྱ་རྙིའི་ནང་དུ་སྐྱོད་བཞིན་པ། - ཟླ་བ་བཅུ་པ། ༡༨, ༢༠༢༢ 17.10.2022

ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་དེ་འགོ་ཚུགས་ཡོད་པར་མ་ཟད། ཚོགས་ཆེན་སྒོ་འབྱེད་ཀྱི་ཉིན་མོ་དེར་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སྔར་ལས་ལྷག་པའི་བཙན་དྲག་ཅན་གྱི་དབང་བསྒྱུར་ཞིག་བྱ་རྒྱུའི་རྟགས་མཚན་གསལ་པོ་ཐོན་ཡོད།

རྒྱ་ནག་ཨ་རིའི་བདེ་འཇགས་འཐབ་ཇུས་ཀྱི་དམིགས་པ་གཏོད་ཡུལ་དུ་ངོས་འཛིན། - ཟླ་བ་བཅུ་པ། ༡༤, ༢༠༢༢ 13.10.2022

ཁ་སང་བྷ་ཌན་གྱི་སྲིད་གཞུང་གིས་་ཨ་རིའི་བདེ་འཇགས་འཐབ་ཇུས་ཀྱི་ཡིག་ཆ་ཕྱིར་བསྒྲགས་བྱས་ཡོད་ཅིང་། ཨ་རིའི་གཞུང་གི་གལ་ཆེའི་རྒྱལ་སྲུང་ལས་དོན་གྱི་ཡིག་ཆ་དེའི་ནང་དུ་རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལས་དོན་ལ་ཁ་གཏད་གཅོག་མཁན་གཙོ་བོ་དེར་ངོས་འཛིན་བྱས་འདུག

ཨ་སྒོར་གྱི་འཛའ་ཐང་འཕར་ཏེ་ཨེ་ཤི་ཡར་དཀའ་ངལ། - ཟླ་བ་བཅུ་པ། ༠༥, ༢༠༢༢ 04.10.2022

དེང་སྐབས་ཨ་རིའི་སྒོར་མོ་ཌོ་ལོར་གྱི་འཛའ་ཐང་འཕར་ནས་འཛམ་གླིང་རྒྱལ་ཁབ་མང་ཆེ་བར་དངུལ་རྩའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པར་མ་ཟད། ཁྱད་པར་དུ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་སྒོར་མོའི་འཛའ་ཐང་ཆག་གི་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ཨུ་རུ་སུའི་དམག་ཁྲལ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ། - ཟླ་བ་བཅུ་པ། ༠༤, ༢༠༢༢ 03.10.2022

ཉེ་དུས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་བྱུང་རྗེས་སྲིད་འཛིན་ཕུ་ཊིན་གྱིས་དམག་ཁྲལ་བསྡུ་དགོས་བྱུང་ཡོད་ཅིང་། ད་ལྟའི་བར་དུ་ཨུ་རུ་སུའི་དམག་མི་གསར་བསྡུའི་ལས་དོན་ལ་ལམ་ལྷོངས་ཡོང་གི་མེད་པ་རེད། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

ཨི་རན་གྱི་ན་གཞོན་ཚོས་སླར་ཡང་ངོ་རྒོལ་བྱེད་དགོས་དོན། - ཟླ་བ་དགུ་པ། ༢༦, ༢༠༢༢ 26.09.2022

འདས་པའི་ཉིན་ཤས་རིང་ཨི་རན་གྱི་ན་གཞོན་ཚོར་གཞུང་གི་བདེ་འཇགས་མི་སྣས་དྲག་གནོན་བྱས་མིན་ལ་མ་ལྟོས་པར་རྒྱལ་ཁབ་དེའི་གྲོང་ཁྱེར་མང་པོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

དཀའ་ངལ་ནང་དུ་ཚུད་པའི་འགོ་ཁྲིད་གཉིས་ཀྱི་ལྷན་འཛོམས། - ཟླ་བ་དགུ་པ། ༡༦, ༢༠༢༢ 15.09.2022

ཁ་ས་ཞི་ཅིན་ཕིང་གིས་དབུས་ཨེ་ཤིའི་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་འགོ་ཚུགས་ཡོད་ཅིང་ གཟའ་ཕུར་བུའི་ཉིན་དེང་སྐབས་རྒྱལ་སྤྱི་རྒྱལ་ནང་གི་དཀའ་ངལ་རིན་པ་ཞིག་ནང་ལྷུང་བའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཌིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དབར་ཆེད་མཐོའི་ལྷན་འཛོམ་བྱས་ཡོད་པ་རེད།

ཨུ་རུ་སུའི་དམག་ལ་ཕམ་ཉེས་དང་ཕུ་ཊིན་གྱི་ཆེ་མཐོང་ཉམས། - ཟླ་བ་དགུ་པ། ༡༢, ༢༠༢༢ 12.09.2022

འདས་པའི་ཉིན་ཤས་རིང་ཡུཀ་རེན་གྱི་དམག་དཔུང་གིས་ཡུལ་དེའི་བྱང་ཤར་ཁུལ་དུ་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱས་ནས་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། དེར་བརྟེན་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀའི་ནང་དུ་སྲིད་འཛིན་ཕུ་ཊིན་གྱི་ཆེ་མཐོང་ཉམས་ཀྱི་ཡོད་པ་རེད།

རྒྱ་ནག་གི་ནད་དུག་གཙང་སེལ་གྱི་འགྲོ་གྲོན། - ཟླ་བ་དགུ་པ། ༠༩, ༢༠༢༢ 08.09.2022

ཞིས་ཅིན་ཕིང་གིས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་ཤིག་མཁྲེགས་འཛིན་འོག དེང་སྐབས་རྒྱ་ནག་མི་དམངས་དུང་ཕྱུར་གསུམ་ཙམ་རང་ཁྱིམ་དུ་བཀག་ནས་སྒོ་རྒྱ་བསྡམས་ཡོད་ཅིང་། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེ་ལག་ལེན་བསྟར་པར་འགྲོ་གྲོན་ཉིན་རེ་བཞིན་འཕར་གྱི་ཡོད་ཀྱང་སྲིད་ཇུས་དེ་མཚམས་འཇོག་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཤིན་ཅང་གི་སྙན་ཐོ། - ཟླ་བ་དགུ་པ། ༠༦, ༢༠༢༢ 05.09.2022

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དུས་འགྱངས་ཐེངས་མང་བྱས་པའི་རྗེས་སུ་གཟའ་འཁོར་སྔོན་མར་སྙན་ཐོ་བཏོན་ཏེ་རྒྱ་ནག་གཞུང་གིས་ཤིན་ཅང་ལ་འགྲོ་བ་མིར་གནོད་འཚེའི་ནག་ཉེས་བསགས་འདུག་ཅེས་ཐེར་འདོན་བྱས་འདུག་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

གྷོར་བྷ་ཆོབ། - ཟླ་བ་དགུ་པ། ༠༢, ༢༠༢༢ 01.09.2022

དེ་སྔའི་ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་མཐའ་མ་གྷོར་བྷ་ཆོབ་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐུ་ཞབས་གྷོར་བྷ་ཆོབ་ནི་དུས་རབས་༢༠་པའི་ལོ་རྒྱུས་ལ་ཁ་ལོ་སྒྱུར་མཁན་གྱི་འགོ་ཁྲིད་གལ་ཆེས་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་གྷོར་བྷ་ཆོབ་ཀྱི་མི་ཚེ་དང་མཛད་རྗེས་སོགས་གླེང་རྒྱུ་ཡིན།

ཏོག་དབྱིབས་གཙང་སེལ་སྲིད་ཇུས་འོག་གི་བོད། - ཟླ་བ་བརྒྱད་པ། ༣༠, ༢༠༢༢ 29.08.2022

འདས་པའི་ཟླ་བ་གཅིག་ཙམ་རིང་བོད་ཀྱི་ས་ཁུལ་མང་ཆེ་བར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་ལེན་བསྟར་ཏེ་མི་མང་རྣམས་རང་ཁྱིམ་ནས་ཕྱི་རུ་བསྐྱོད་མི་ཆོག་ཅེས་སྒོ་རྒྱ་བསྡམས་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ཧུ་ཁྲུན་ཧྭ་རྒྱ་ནག་གི་སྲིད་བློན་རྗེས་མར་འགྱུར་སྲིད་དམ། - ཟླ་བ་བརྒྱད་པ། ༢༥, ༢༠༢༢ 25.08.2022

༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས་འདིར་དམར་ཤོག་གི་དབུས་རྒྱུན་ལས་ཀྱི་གྲས་སུ་སྔོན་ ཆད་བོད་ལ་ཡུན་རིང་ལས་ཀ་བྱས་མྱོང་ཡོད་པའི་ཧུ་ཁྲུན་ཧྭ་རྒྱུན་ལས་སུ་གདམ་རྒྱུ་ཡིན་པར་པར་མ་ཟད། རྒྱ་ནག་གི་སྲིད་བློན་ལ་ བསྐོ་བཞག་བྱ་རྒྱུའི་ཚོད་དཔག་བྱེད་མཁན་མང་པོ་ཞིག་ཡོད་པ་རེད་།

ཕུ་ཊིན་གྱི་སློབ་སྟོན་པ། - ཟླ་བ་བརྒྱད་པ། ༢༣, ༢༠༢༢ 22.08.2022

ཕུ་ཊིན་གྱི་སློབ་སྟོན་པའམ་ཡོངས་གྲགས་སུ་ཕུ་ཊིན་གྱི་ཀླད་པ་ཞེས་འབོད་པའི་ཨུ་རུ་སུའི་མི་རིགས་རྒྱ་སྐྱེད་ཀྱི་བསམ་བློ་ཅན་དང་སྲིད་འཛིན་ཕུ་ཊིན་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཌུ་གིན་གི་རླངས་འཁོར་ལ་འབར་གས་གནས་ཚུལ་བྱུང་སྟེ་ཁོང་གི་བུ་མོར་སྲོག་སྐྱོན་བྱུང་ཡོད།

པེ་ཐེ་ཧེའི་ཚོགས་འདུ། - ཟླ་བ་བརྒྱད་པ། ༡༩, ༢༠༢༢ 18.08.2022

ལོ་ལྟར་དབྱར་དུས་སུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་མཚོ་ཁའི་གྲོང་ཁྱེར་པེ་ཐེ་ཧེ་ལ་འདུ་འཛོམས་ཀྱིས་གསང་བའི་ཚོགས་འདུ་རིམ་པ་ཞིག་འཚོགས་སྲོལ་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་ན་གཟའ་འཁོར་འདིར་པེ་ཐེ་ཧེའི་འདུ་འཛོམས་དེ་མཇུག་སྒྲིལ་ཡོད་་བཟོ་འདུག

ཐེ་ཝན་ལོ་༡༨༠༠་ཡར་སྔོན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ནམ། - ཟླ་བ་བརྒྱད་པ། ༡༦, ༢༠༢༢ 16.08.2022

ཉེ་དུས་ཨ་རིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཆིང་ཀང་གིས་ཨ་རིའི་གསར་ཤོག་ཐོག་ཏུ་ཆེད་རྩོམ་ཞིག་སྤེལ་ནས་ཐེ་ཝན་ནི་མི་ལོ་༡༨༠༠་ཡར་སྔོན་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་གྱུར་ཟིན་པ་རེད་ཅེས་བཀོད་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་དང་རྒྱ་ནག་གི་ལོ་རྒྱུས་སྐོར་གླེང་སློང་ཞུ་རྒྱུ་ཡིན།

ཨ་རིས་རྒྱ་ནག་ལ་འགྲན་རྩོད་ཀྱི་ཁྲིམས་གཞིར་མང་མོས་རྒྱབ་སྐྱོར། - ཟླ་བ་བདུན་པ། ༢༨, ༢༠༢༢ 28.07.2022

གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་འགྲན་རྩོད་བྱ་རྒྱུར་དམིགས་པའི་ཨ་སྒོར་ཐེར་འབུམ་༢༨༠་ཐམ་པའི་འགྲོ་གྲོན་ཁྲིམས་གཞི་ཞིག་ལ་མང་མོས་བྱུང་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལས་རིམ་ལ་ཁྲིམས་གཞི་དེའི་རྒྱབ་ལྗོངས་དང་དོན་སྙིང་སོགས་ལ་གླེང་སློང་ཞུ་ཡི་ཡིན།

ལྕམ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར། - ཟླ་བ་བདུན་པ། ༢༧, ༢༠༢༢ 26.07.2022

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་ཟླ་བ་རྗེས་མར་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་ཕྱིར་བསྒྲགས་བྱུང་མ་ཐག་ཏུ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པར་མ་ཟད། ཨ་རིའི་རྒྱལ་སའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་གནད་དོན་དེར་བློ་འཚབ་ཡོད་ཅེས་བསམ་ཚུལ་བརྗོད་ཀྱི་ཡོད།

རྒྱ་ནག་དངུལ་ཁང་གི་དཀའ་ངལ། - ཟླ་བ་བདུན་པ། ༢༤, ༢༠༢༢ 23.07.2022

གཟའ་འཁོར་སྔོན་མ་རྒྱ་ནག་ཧའ་ནན་ཞིང་ཆེན་གྱི་གྲོང་ཁུལ་དངུལ་ཁང་ཁག་གཅིག་ནས་དངུལ་བཅོལ་མཁན་ཚོས་རང་གི་དངུལ་ལེན་མ་ཐུབ་པ་ཆགས་ནས་དངུལ་ཁང་ལ་མི་མང་སྟོང་ཁྲག་གིས་ངོ་རྒོལ་ཁྲོམས་སྐོར་བྱས་པའི་གནས་ཚུལ་བྱུང་རྗེས་དེང་སྐབས་རྒྱ་ནག་ནང་དངུལ་ཁང་གཞན་ནས་དངུལ་ཐུབ་གྱི་མིན་འདུག་ཟེར་མཁན་ཇི་མང་དུ་འགྲོ་བཞིན་ཡོད་འདུག་

རྒྱ་ནག་ཏུ་ཁང་བུན་སྤྲོད་འཚམས་བཞག་པའི་ལས་འགུལ། - ཟླ་བ་བདུན་པ། ༢༡, ༢༠༢༢ 20.07.2022

འདས་པའི་གཟའ་འཁོར་གཉིས་ཙམ་རིང་རྒྱ་ནག་གི་ཡུལ་མི་མང་པོས་ཁང་པ་ཉོས་སྐབས་དངུལ་ཁང་ནས་གཡར་བའི་བུ་ལོན་སྤྲོད་འཚམ་བཞག་ནས་དངུལ་ཁང་དང་ཁང་ཚོང་རྒྱག་མཁན་བཟོ་ཚོང་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྒོ་ཚུགས་ཡོད་པ་རེད། དེ་རིང་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཞུ་གི་ཡིན།

ཞི་ཅིན་ཕིང་གི་ཤིན་ཅང་སྐོར་སྐྱོད། - ཟླ་བ་བདུན་པ། ༡༩, ༢༠༢༢ 19.07.2022

གཟའ་འཁོར་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཤིང་ཅང་ནང་སྐོར་སྐྱོད་ཉིན་ཤས་བྱས་པའི་རྗེས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་སྐོར་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་པ་རེད། དེ་རིང་གི་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཞུ་གི་ཡིན།

རྒྱུད་གཅིག་ལམ་གཅིག་དང་སིངྒ་ལ། - ཟླ་བ་བདུན་པ། ༡༣, ༢༠༢༢ 12.07.2022

དེང་སྐབས་སིངྒ་ལའི་ནང་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་རྐྱེན་གྱིས་མི་དམངས་ཀྱིས་གཞུང་གི་དཔལ་འབྱོར་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཟང་ཟིང་ནང་ལྷུང་ཡོད། སིངྒ་ལའི་དཔལ་འབྱོར་དཀའ་ངལ་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཆེན་པོ་ཡོད་པས་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཞུ་གི་ཡིན།

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། podcast'ini Replaio'da dinle

Radyo ve podcast'ler tek uygulamada - ücretsiz, kayıt gerektirmez. Bugün yükle ve lansmanı kaçırma

Google Play'den indir

Replaio bir podcast yayıncısı değildir; program adları, kapak görselleri ve ses içerikleri yazarlarına aittir ve herkese açık RSS beslemeleri aracılığıyla dağıtılır