SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ 624 avsnitt

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Glöm inte att besöka poddens webbplats och stötta skaparen: www.sbs.com.au

Skapare

SBS

Kategori

News

Poddens webbplats

www.sbs.com.au

Senaste avsnittet

8 jul 2026

Var kan du lyssna?

Poddar i appen Replaio Radio Kommer snart

Poddar kommer snart till appen. Installera nu och bli först med att uppleva ett helt nytt sätt att lyssna på poddar

Ladda ned på Google Play Installera gratis Android nästan 10 mn nedladdningar · betyg 4,8 iOS snart

Avsnitt

ཨོ་གླིང་ཡེ་ཤེས་འཁོར་ལོ་ཆོས་ཚོགས། 13.03.2020

ཨོ་གླིང་ནང་གསར་འཛུགས་བྱས་པའི་ཡེ་ཤེས་འཁོར་ལོ་ཆོས་ཚོགས་སྐོར་ཆོས་ཚོགས་དེ་གསར་འཛུགས་གནང་མཁན་མཁན་པོ་རྫ་ཚེ་རིང་བཀྲིས་མཆོག་ལ་བཅར་འདྲི་དང་། ཆོས་ཚོགས་དེའི་སློབ་མ་མང་ཆེ་བ་རྒྱ་མི་རིགས་ཆགས་ཀྱི་ཡོད་འདུག

ལུང་པ་གཞན་ནས་ཨོ་སི་ཊོ་ལི་ཡར་ནང་མི་ཟླ་སྦྲེལ་གཏོང་སྟངས་ཀྱི་བརྒྱུད་རིམ། 06.03.2020

ཁྲིམས་རྩོད་པ་ཡ་མ་ཆོས་འཛོམས་ལགས་དང་ལྷན་དུ། ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཁབ་གཞན་ནས་ནང་མི་དང་དམིགས་བསལ་བཟའ་ཚང་ཟླ་སྦྲེལ་གཏོང་བར་བརྒྱུད་རིམ་དང་། གྲ་སྒྲིག ཤེས་དགོས་པ་ག་རེ་ཡོད་མེད་སྐོར་བཅར་འདྲི་དང་གླེང་མོལ།

ཤེས་རབ་མཚོ་མོ་ལགས་ཀྱིས་སྨན་ཞབས་ཀྱི་ལས་ཀ་སྐོར་འགྲེལ་བརྗོད། 05.03.2020

སྦིས་སྦེན་ནས་ཡིན་པའི་དེབ་སྐྱེལ་སྨན་ཞབས་ཤེས་རབ་མཚོ་མོ་ལགས་ཀྱིས། ཁོང་མོའི་སྨན་ཞབས་ཀྱི་སློབ་སྦྱོང་བརྒྱུད་རིམ་དང་ལས་ཀའི་ཉམས་མྱོང་། ཨོ་སི་ཊོ་ལི་ཡའི་ནང་སྨན་ཞབས་དེབ་སྐྱེལ་གནང་བར་དབྱིན་ཡིག་རྒྱུགས་སྤྲོད་ཆེད་གྲ་སྒྲིག་གནང་ཚུལ། སྨན་ཞབས་པའི་ལས་ཀའི་ངོ་བོ་དང་ལས་ཀའི་གོ་སྐབས་བཟང་པོ་ཡོད་པ་སོགས་ཀྱི་སྐོར་བཅར་འདྲི་གླེང་མོལ།

ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐོར་བསམ་ཚུལ། 05.03.2020

ལེ་ཚན་འདིའི་ནང་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་ཁག་ཅིག་གིས། ཨོ་སི་ཊོ་ལི་ཡའི་གཞུང་གིས་ཏོག་དབྱིབས་ནད་ COVID-19 འགོག་སྲུང་ཆེད་གདོང་ལེན་བྱེད་སྟངས་དང་། རང་ཉིད་སྒེར་ངོས་ནས་འགོག་སྲུང་ལག་ལྟར་གནང་ཚུལ། བོད་ནང་ནད་ཡམས་ཁྱབ་གདལ་བྱུང་བར་སེམས་ཚབས་སོགས་ཀྱི་སྐོར་བསམ་ཚུལ་གླེང་ཡོད།

ཨོ་སི་ཊོ་ལོ་ཡའི་ནང་ Coronavirus ནད་ཡམས་རྒྱ་ཁྱབ་བྱུང་ཚེ་གྲ་སྒྲིག་གང་འདྲ་གནང་ཡོད། 28.02.2020

ཉེ་ཆར་ཨོ་སི་ཊི་རི་ཡ་དང། སུད་སི། སི་པེན། སྦིར་ཟལ། ཨེལ་གྷེ་རི་ཡ་སོགས་ཀྱི་ནང་coronavirus ནད་ཕོག་མཁན་ཐོག་མའི་གནས་ཚུལ་ཐོན་ཡོད་འདུག ད་ལྟའི་ཆར་ནད་དེ་ལས་མནར་མཁན་མི་མང་ཤོས་རྒྱ་ནག་ནང་ཡིན་ཡང། རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་ནད་ཡམས་དེ་ཁྱབ་གདལ་ཧ་ཅང་མགྱོགས་པར་བརྟེན། ཨོ་སི་ཊོ་ལི་ཡའི་གཞུང་གིས་ནད་ཡམས་དེ་ཚད་ལས་འདས་པ་རྒྱ་ཁྱབ་བྱུང་ཚེ་ཛ་དྲག་གི་གདོང་ལེན་བྱ་རྒྱུའི་འཆར་གཞི་འདིང་འགོ་ཚུགས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་ LGBTIQ ངོས་འཛིན་མཁན་རྣམས་ཀྱི་ཐོབ་ཐང་། 28.02.2020

ཕྱི་ལོ་ ༢༠༡༣ ལོར་ Pew ཉམས་ཞིབ་སྟེ་གནས་ཁང་གིས་བསམ་ཚུལ་བསྡུ་རུབ་བྱས་པ་ལས། ཨོ་སི་ཏྲེ་ལི་ཡའི་མི་བཅུ་ཆ་བརྒྱད་ཀྱིས་སྤྱི་ཚོགས་ནང་མཚན་མཐུན་གྱི་འབྲེལ་བ་དང་ལེན་དགོས་པའི་བསམ་ཚུལ་སྟོན་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༧ལོའི་ལོ་མཇུག་ལ་ཨོ་སི་ཊོ་ལོ་ཡའི་ནང་མཚན་མཐུན་གཉེན་སྒྲིག་ཆོག་པའི་ཁྲིམས་གསར་པ་གཏན་འབེབས་བྱུང་ཀྱང་། མཚན་མཐུན་གནད་དོན་ཐོག་ལས་འགུལ་བ་ཚོས་ཁོང་ཚོའི་ཐོབ་ཐང་ཆེད་མུ་མཐུད་རྩོད་ལེན་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་སྐོར་བཅར་འདྲི། 28.02.2020

ཨོ་སི་ཊོ་ལི་ཡའི་ནང་བྱིས་པའི་ཐོབ་ཐང་དང་། མནར་གཅོད། དེའི་མཇུག་འབྲས། དེ་བཞིན་རིག་གཞུང་མ་འདྲ་བ་ཐོག་ནས་གཟབ་གཟབ་བྱེད་དགོས་པ་ག་རེ་ཡོད་མེད་སོགས་ཀྱི་སྐོར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་བཞིན་པ་ཡ་ལོ་ངག་དབང་ལགས་དང་བཅར་འདྲི་གླེང་མོལ་ཞུས་པ།

How to prepare for a job interview - ལས་ཞུགས་བཅར་འདྲི་ཆེད་གྲ་སྒྲིག་ཇི་ལྟར་གནང་དགོས། 21.02.2020

Finding work for the first time or looking for a new job can take a long time in Australia. So when you finally get called up for a job interview, it's exciting at first, but it can also become quite stressful. The only way to do well during a job interview is to be prepared and have an idea of what to expect. - སྤྱིར་ཨོ་སི་ལི་ཡའི་ནང་ཆེས་ཐོག་མར་ལས་འཚོལ་བ་རྣམས་ལ་ལས་ཀ་ཞིག་རག་པར་ཅུང་དཀའ་ངལ་ཡོད་མོད། ད...

ཨོ་གླིང་ནང་བོད་མི་གློག་བརྙན་བཟོ་བསྐྲུན་ཆེད་སྦྱོང་བ་ཞིག་ལ་གཟེངས་རྟགས་ཐོབ་པ། 21.02.2020

སི་ནིའི་གཙུག་ལག་སློབ་གྲྭ་ཆེན་མོར་གློག་བརྙན་བཟོ་བསྐྲུན་ཆེད་སྦྱོང་གནང་མཁན་བོད་མི་གཞོན་སྐྱེས་བསྟན་འཛིན་རབ་གསལ་ལགས་ཀྱིས། ཁོང་གི་གློག་བརྙན་ཐུང་གྲས་འགོ་བརྗོད་ ‘༡༣༠’ ཞེས་པར་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ཁག་དྲུག་ཙམ་ཞིག་ཐོབ་ཡོད་པའི་སྐོར་དང་། ཨོ་སི་ཊོ་ལི་ཡའི་ནང་གློག་བརྙན་བཟོ་བསྐྲུན་སྐོར་འགྲེལ་བརྗོད་གནང་བ།

ཨོ་སི་ཊོ་ལི་ཡའི་ནང་གསར་དུ་འབྱོར་མཁན་བོད་མི་ཚོར་རོགས་རམ། 21.02.2020

ཨོ་སི་ཊོ་ལི་ཡའི་ནང་གསར་དུ་འབྱོར་མཁན་བོད་མི་རྣམས་ལ་རོགས་རམ་ག་རེ་གནང་དགོས་ཀྱི་ཡོད་མེད་སྐོར་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འཇིགས་མེད་རྡོ་རྗེ་ལགས་དང་བཅར་འདྲི་གླེང་མོ་ཞུས་པ།

ཁྱེད་རང་མིག་བརྟག་དཔྱད་གནང་བར་ཕྱིས་དྲགས་མི་ནན། 14.02.2020

མི་ཚང་མར་རང་ཉིད་ཀྱི་མིག་བརྟག་དཔྱད་བྱེད་པར་དུས་ཚོད་ཁོམ་གྱི་མེད་པ་ཡིན། འོན་ཀྱང་ང་ཚོའི་ཉིན་རེའི་བྱེད་སྒོའི་ཆེད་མིག་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་དང་། ལོ་ན་༥༥ཡན་ཆད་ཀྱི་མི་བརྒྱ་ཆ་༩༣ཙམ་ལ་མིག་དང་འབྲེལ་བའི་ནད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག་པས། མིག་གི་ཆེད་ལས་སྨན་པ་ཚོས་མི་ཚང་མར་མིག་བརྟག་དཔྱད་བྱེད་པར་ཕྱིས་དྲག་མི་ནན་ཞེས་ལམ་སྟོན་གནང་ཡོད།

དབྱིན་སྐད་མི་ཤེས་མཁན་རྣམས་ལ་ཛ་དྲག་གི་ཉེན་བརྡ་སྤྲོད་ཚུལ། 14.02.2020

མེ་སྐྱོན་གྱི་ཉེན་ཚབས་དང་། གློ་ཚད་ཀྱི་ནད་ཡམས་ཁྱབ་འདེལ། དེ་བཞིན་དྲག་ཆར་སོགས་ཀྱི་འདི་ལོའི་དབྱར་དུས་སུ་ཨོ་སི་ཏྲེ་ལི་ཡའི་ནང་ཛ་དྲག་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་བྱུང་ཡོད། ཛ་དྲག་གི་གནས་ཚུལ་དེའི་སྐབས་འབྲེལ་ཡོད་ལས་བྱེད་པ་རྣམས་ཀྱིས་དབྱིན་སྐད་མི་ཤེས་པའི་མི་རྣམས་ལ་དུས་ཐོག་ཏུ་ཉེན་བརྡ་གཏང་བར་སྐད་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཞིག་འཕྲད་བཞིན་པ་ཡིན་འདུག

How to become a volunteer firefighter? - ཨོ་སི་ཏྲེ་ལི་ཡའི་ནང་མེ་གསོད་མཁན་དང་བླངས་བ་གནང་ཚུལ། 07.02.2020

Australia cannot fight through its worst bushfire season without the selfless sacrifice of its 260,000-strong volunteer firefighters. The National Council for Fire & Emergency Service is calling for volunteers of diverse backgrounds to sign up, to better serve our multicultural population. - ཨོ་སི་ཏྲེ་ལི་ཡའི་ནང་འབྱུང་བཞིན་པའི་མེ་སྐྱོན་གྱི་ཉེན་ཚབས་དེར་གདོང་ལེན་ཆེད་མེ་གསོད་མཁན་དང་བླངས་བ་ཁྱོན་མི་གྲངས...

More Wuhan evacuees arrive at Christmas Island - ཝུ་ཧན་ནས་ཕྱིར་འདོན་བྱེད་པའི་ཨོ་སི་ཏྲེ་ལི་ཡའི་མི་སེར་མང་པོ་ཞིག་ Christmas Island ལ་འབྱོར་བ། 07.02.2020

The total number of coronavirus cases in Australia is now 15, after a Chinese woman in Queensland was confirmed to have the virus. That news came as the second group of Australians evacuated from Wuhan finally touched down on Christmas Island. - ཉིན་གཅིག་གོང་ཁུན་སི་ལེན་ཊི་མངའ་སྡེའི་ནང་རྒྱ་མོ་ཞིག་ལ་coronavirus གློ་ཚད་ནད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག་པས། ད་ཆ་ཨོ་སི་ཏྲེ་ལི་ཡའི་ནང་གློ་ཚད་ནད་ཡམས་འདི་ཡོད་...

དམ་ཚིག་སྒྲོལ་མ་ལགས་སུ་བོད་ཀྱི་བསྐུ་མཉེ་སྐོར་བཅར་འདྲི། 31.01.2020

སི་ནིའི་ནུབ་ཕྱོགས་མཚོ་མཐའི་ཁུལ་དུ་གསར་འཛུགས་གནང་ཡོད་པའི་ Tibetan Massage Therapy Clinic “བོད་ཀྱི་བསྐུ་མཉེ་ཁང་” གི་སྦྱིན་བདག་དམ་ཚིག་སྒྲོལ་མ་ལགས་ཀྱིས་ཨོ་སི་ཏྲེ་ལི་ཡའི་ནང་བོད་ཀྱི་བསྐུ་མཉེ་ལ་དོ་སྣང་དང་དགའ་མོས་ཇི་ལྟར་ཡོད་མེད་སྐོར་གླེང་བ།

རྒྱལ་སྤྱིའི་ནང་ coronavirus ནད་ཡམས་ཀྱི་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པ། 29.01.2020

རྒྱ་ནག་ནང་མི་གྲངས་ ༡༣༠ ལྷག་ coronavirus ནད་ཡམས་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་ཡམས་དེ་ནི་རྒྱལ་སྤྱིའི་ནང་ཉེན་ཚབས་ཅན་ཞིག་ཆགས་ཡོད་པ་ངོས་འཛིན་གནང་འདུག

Coronavirus ཞེས་པའི་དུག་སྲིན་དང་དེའི་ཉེན་ཚབས། 24.01.2020

ཨོ་སི་ཏྲེ་ལི་ཡ་གཙོས་པའི་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཚང་མས་ཉེ་ཆར་ཁྱབ་གདལ་འགྲོ་བཞིན་པའི་དུག་སྲིན་ coronavirus ཞེས་པའི་ནད་ཡམས་སྔོན་འགོག་ཕྱིར། རྒྱལ་སྤྱིའི་གནམ་ཐང་དང། མེ་འཁོར་འབབ་ཚུགས། རྒྱ་ལམ་སོགས་སུ་འགྲིམ་འགྲུལ་མཁན་ཚང་མའི་ལུས་པོའི་ཚ་དྲོད་རྟགས་དཔྱད་ཞིབ་ཕྲ་བྱེད་བཞིན་པ་ཡིན་འདུག འོ་ན་དུག་སྲིན་གསར་པ་འདི་ཅི་ཞིག་ཡིན་ནམ། འདིར་ཉེན་ཁ་ཇི་ཙམ་ཡོད་དམ། འདི་ཁྱབ་གདལ་མི་ཡོང་བར་སྔོན་འགོག་གང་བྱེད་དགོས་སམ།

ཨོ་སི་ཏྲེ་ལི་ཡའི་གདོད་མའི་མི་རིགས་དང་རང་བྱུང་ཁམས་བར་འབྲེལ་བ། 24.01.2020

ཉེ་ཆར་བྱུང་བའི་མེ་སྐྱོན་གྱི་གནོད་འཚེ་ལས། ང་ཚོས་གདོད་མའི་མི་རིགས་རྣམས་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབས་བྱེད་ཚུལ་སྐོར་ལེགས་ཆ་ལེན་རྒྱུ་ཡོད་པ་ཡིན། ཁྱེད་རང་ཨོ་སི་ཏྲེ་ལི་ཡའི་གདོད་མའི་མི་རིགས་རྣམས་ཀྱིས་རང་ཉིད་ཀྱི་ཡུལ་ལུང་ལ་བཅང་པའི་བརྩེ་སེམས་ལེགས་པར་གོ་རྟོགས་ཆེད་གདོད་མའི་མི་ཞིག་གི་ཐད་ཀར་ལམ་སྟོན་འོག་ཡུལ་སྐོར་ཕེབས་ཐུབ་པ་གནང་དགོས།

How to become an Australian citizen? - ཨོ་སི་ཏྲེ་ལི་ཡའི་མི་སེར་ཆགས་སྟངས་བརྒྱུད་རིམ། 17.01.2020

Many people choose Australia day to become an Australian citizen, with ceremonies held around the country, but what are the steps involved before reaching that stage? - མི་མང་པོ་ཞིག་ཨོ་སི་ཏྲེ་ལི་ཡའི་མི་སེར་ཆགས་རྒྱུའི་འདོད་པ་ཡོད་པ་ཡིན། ཕྱི་ལོ་༡༩༤༩ ནས་བཟུང་ད་བར་མི་ས་ཡ་ལྔ་ལྷག་ཙམ་ཞིག་ལ་ཨོ་སི་ཏྲེ་ལི་ཡའི་མི་སེར་གྱི་ཐོབ་ཐང་ཕུལ་ཡོད་འདུག མི་སེར་ཆགས་པར་ཁྱེད་ཀྱི་མཛད་སྒོ་ཞིག་གི་སྐབས་ཨོ་སི་ཏྲེ་ལི་ཡའི་མི་སེར་གྱ...

ཨོ་སི་ཏྲེ་ལི་ཡའི་མི་མང་ཁྲོད་དུ་གནམ་གཤིས་འགྱུར་ལྡོག་སྐོར་སེམས་འཁུར་བྱེད་བཞིན་པ། 17.01.2020

དེ་ཡང་ཨོ་སི་ཏྲེ་ལིའི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གིས་ཉེ་ཆར་མི་གྲངས་ཆིག་སྟོང་ལྷག་ལ་བསམ་ཤོག་བསྡུ་ལེན་བྱས་པའི་བརྒྱུད་ཨོ་སི་ཏྲེ་ལི་ཡའི་མང་ཚོགས་ཀྱི་ཁྲོད་དུ་གནམ་གཤིས་འགྱུར་ལྡོག་དང་མེ་སྐྱོན་གྱི་གནད་དོན་ཐད་སེམས་འཁུར་སྔར་ལས་ཆེ་བ་ཡོད་པའི་གནས་ཚུལ་ཐོན་འདུག

མེ་སྐྱོན་ཤོར་བར་སྐྱོབ་གསོའི་ཆེད་ཞལ་འདེབས་ཨོ་སྒོར་ས་ཡ་བརྒྱ་ལྷག་བྱུང་བ། 10.01.2020

ཨོ་སི་ཏྲེ་ལི་ཡའི་ནང་མེ་སྐྱོན་སྐྱོབ་གསོའི་ཆེད་དུ། མི་སྣ་གྲགས་ཅན་དང་། ཚོང་ལས། མི་སྒེར་པ་སོགས་ཀྱིས་ཞལ་འདེབས་བསྡུ་རུབ་ཀྱི་ལས་གཞིའི་བརྒྱུད་ཨོ་སྒོར་ས་ཡ་བརྒྱ་ལྷག་ཙམ་ཞིག་བྱུང་ཡོད་འདུག་པས། དངུལ་ཕོན་ཆེན་དེ་དག་དགོས་མཁོ་ཆེ་ཆུང་ལ་གཞིགས་ནས་བགོ་འཆར་ཡོད་པ་ཡིན་འདུག

ཨོ་སི་ཏྲེ་ལི་ཡར་གནས་སྡོད་བོད་མི་རྣམས་ཀྱིས་མེ་སྐྱོན་ཤོར་བར་གདུང་སེམས་མཉམ་སྐྱེས། 10.01.2020

ཨོ་སི་ཏྲེ་ལོ་ཡར་མེ་སྐྱོན་ཚབས་ཆེན་ཤོར་བར་བརྟེན་མི་དང་སྲོག་ཆགས་མང་པོའི་སྲོག་ཤོར་ཡོད་པ་དང་། རྒྱུ་དངོས་ཕོན་ཆེན་བོར་སྟོར་སོང་བར་གདུང་སེམས་མཉམ་སྐྱེས་ཆེད་ཨོ་སི་ཏྲེ་ལི་ཐོག་གནས་སྡོད་བོད་མི་རྣམས་ཀྱིས་ས་གནས་སོ་སོར་ཞབས་རིམ་བསོགས་བསྒྲུབ་དང་། ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

Graduates seek to change the face of the Australian legal profession - ཨོ་སི་ཏྲེ་ལི་ཡའི་ཁྲིམས་དོན་ཁེས་ལས་ཀྱི་ངོ་བར་འགྱུར་ལྡོག 20.12.2019

One university in Sydney says it is on a mission to transform the law profession...one cohort at a time. The Western Sydney University has farewelled its latest graduating class, with some students having extra reasons to celebrate their achievements. - སི་ནིའི་གྲོང་ཁྱེར་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཨོ་སི་ཏྲེ་ལི་ཡའི་ཁྲིམས་དོན་ཁེས་ལས་ཀྱི་ངོ་བོར་རིམ་བཞིན་འགྱུར་ལྡོག་གཏོང་བར་དམིགས་ཡུལ་བཅངས་...

What's the Australian Christmas tradition - ཨོ་སི་ཏྲེ་ལི་ཡའི་ནང་ཡི་ཤུའི་འཁྲུངས་སྐར་དུས་ཆེན་བརྩི་སྲོལ། 20.12.2019

Australians have embraced some European Christmas traditions, but have also created their own. The good news is, there are many ways of doing Christmas in Australia. - ཨོ་སི་ཏྲེ་ལི་ཡའི་མི་རྣམས་ཀྱིས་ཡོ་རོབ་རྒྱལ་ཁབ་ཁག་གི་ཡི་ཤུའི་འཁྲུངས་སྐར་དུས་ཆེན་བརྩི་སྲོལ་དེ་ཉམས་ལེན་བྱེད་ཡོད་ཀྱང་། ལུགས་སྲོལ་ཅུང་མི་འདྲ་བ་གསར་གཏོད་བྱས་ཡོད། དེར་བརྟེན་ཨོ་སི་ཏྲེ་ལི་ཡའི་ནང་ད་ཆ་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཚུལ་འདྲ་མ...

འདི་ལོའི་དབྱར་ཁ་གནམ་གཤིས་ཚ་དྲོད་མི་སྙོམ་པའི་སྔོན་བརྡ། 13.12.2019

གནམ་གཤིས་ལྷན་ཚོགས་ཀྱིས་བཏོན་པའི་སྙན་མཐོ་གསར་པ་ཞིག་གི་ནང་། དུས་རབས་འདི་མཇུག་རྫོགས་མཚམས་བར་དུ་ཨོ་སི་ཏྲེ་ལི་ཡའི་གྲོང་ཁྱེར་ཆེ་ཁག་ཏུ་དབྱར་ཁའི་ཚ་དྲོད་ཨང་ ༥༠ བར་ཆགས་རྒྱུ་ཡིན་པའི་སྔོན་བརྡ་བཏང་འདུག

Lyssna på podden SBS Tibetan - SBS བོད་སྐད་སྡེ་ཚན། i Replaio

Radio och poddar i en och samma app - gratis och utan konto. Installera redan idag och missa inte premiären

Ladda ned på Google Play

Replaio är ingen poddutgivare; programnamn, omslag och ljud tillhör sina upphovspersoner och distribueras via offentliga RSS-flöden