SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ 624 avsnitt

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Skapare

SBS

Kategori

News

Poddens webbplats

www.sbs.com.au

Senaste avsnittet

8 jul 2026

Var kan du lyssna?

Poddar i appen Replaio Radio Kommer snart

Poddar kommer snart till appen. Installera nu och bli först med att uppleva ett helt nytt sätt att lyssna på poddar

Ladda ned på Google Play Installera gratis Android nästan 10 mn nedladdningar · betyg 4,8 iOS snart

Avsnitt

ཕྱི་ལོ་ ༢༠༢༡-༢༠༢༢ ལོ་འཁོར་གྱི་སྔོན་རྩིས་འཆར་གཞི། 14.05.2021

ཨོ་སི་ཊོ་ལི་ཡ་གཞུང་གིས་ནད་ཡམས་ཀྱིས་རྐྱེན་པའི་དཔལ་འབྱོར་ཉམས་རྒུད་སླར་གསོ་ཡོང་ཆེད་ལོ་འཁོར་གྱི་སྔོན་རྩིས་འཆར་གཞི་གསལ་བསྒྲགས་གནང་ཡོད་པར་མི་མང་གི་ཁྲོད་དུ་བསམ་ཚུལ་སྣ་ཚོགས་ཐོན་ཡོད་པ་རེད། ཐེངས་འདིའི་སྔོན་རྩིས་འཆར་གཞི་འོག་གནད་དོན་འགའ་ཤས་ཐོག་གཞུང་གིས་དངུལ་ཕོན་ཆེན་བགོ་འགྲེམས་གནང་ཡོད་ཀྱང་། གནད་དོན་འགའ་ཞིག་ལ་འཆར་དངུལ་བགོ་འགྲེམས་གང་ཡང་བྱེད་མེད་པ་རེད་འདུག

ཨོ་སི་ཊོ་ལི་ཡའི་ནང་རིན་མེད་ཐོག་དབྱིན་ཡིག་སློབ་སྦྱོང་གི་གོ་སྐབས། 14.05.2021

ཨོ་སི་ཊོ་ལི་ཡ་གཞུང་གིས་གཞིས་སྤོ་བ་རྣམས་སྤྱི་ཚོགས་ནང་མཉམ་ཞུགས་ཡོང་ཆེད་རིན་མེད་ཐོག་དབྱིན་ཡིག་སློབ་སྦྱོང་དང་གཞིས་ཆགས་ཀྱི་ལག་རྩལ་རིགས་མཁོ་སྤྲོད་གནང་གི་ཡོད། ཉེ་ཆར་གཞུང་གིས་ཁྲིམས་བཅོས་སྒྱུར་བཏང་བར་བརྟེན་གཞིས་སྤོ་བ་མང་པོ་ཞིག་ལ་དབྱིན་ཡིག་སྦྱོང་བར་དུས་འགྱངས་གནང་ཡོད་འདུག

འགོག་ཁབ་ལྟེ་གནས་གསར་པ་བཙུགས་ནས་ལས་དོན་ཇེ་མགྱོགས་སུ་གཏོང་ཐབས། 12.05.2021

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་མི་གྲངས་ས་ཡ་ ༢་༦ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་དང་པོ་དེ་བརྒྱབ་ཚར་ཡོད་པས་མ་ཚད། རྒན་གསོ་ཁང་གི་ནང་གནས་སྡོད་བྱེད་མཁན་ཕྱེད་ཀ་ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཚར་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡའི་ནང་མོ་ཊ་གཏོང་སྐབས་ཁྱེད་ཀྱིས་ཤེས་དགོས་པའི་སྒྲིག་གཞི་ཁག་ཅིག 07.05.2021

ཏཱ་སི་མཱ་ནི་ཡའི་ནང་མོ་ཊ་གཏོང་སྐབས་ GPS ས་ཁྲ་བེད་སྤྱོད་བྱེད་པ་དང་། དཔུང་པ་མོ་ཊའི་སྒེ་ཁུང་ཐོག་བཞག་པ་སོགས་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་དམ། ལེ་ཚེན་འདིའི་ནང་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས་པའི་ཨོ་སི་ཊོ་ལི་ཡའི་ནང་མོ་ཊ་གཏོང་ཕྱོགས་ཀྱི་སྒྲིག་གཞི་གྲགས་ཆུང་བ་ཁག་གི་སྐོར་ངོ་སྤྲོད་བྱེད་ཡོད།

སིཌ་ནིའི་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་ཐོན་པས་ནད་འགོག་ཆེད་དམ་སྒྲགས་བཀག་རྒྱ་བཏང་བ། 07.05.2021

ནིའུ་སོཌ་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པ་གཉིས་ཐོན་ཡོད་པས་སྔོན་འགོག་ཆེད་སིཌ་ནིའི་ཁུལ་དུ་སླར་ཡང་དམ་སྒྲགས་བཀག་རྒྱ་བཏང་ཡོད་པ་རེད། དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སྨན་བཅོས་རྟོགས་ཞིབ་ཁང་གིས། ཉེ་ཆར་ཁྲག་ལིང་ཆགས་པའི་གནས་ཚུལ་ཁག་ལྔ་ཞིག་ཏོག་དབྱིབས་ནད་འགོག་སྨན་ཁབ་ AstraZeneca དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་བཙན་སྐུལ་དང་སྟངས་འཛིན་གྱི་བྱ་སྤྱོད་ཁྲིམས་འགལ་བརྩི་དགོས་པའི་འབོད་སྐུལ། 30.04.2021

བཙན་སྐུལ་དང་སྟངས་འཛིན་གྱི་བྱ་སྤྱོད་ནི་ཁྱིམ་ཚང་ནང་གཏུམ་སྤྱོད་ཀྱི་སྔོན་བརྡ་ཡིན་པ་ར་འཕྲོད་ཡོད་པས།ལས་འགུལ་བ་ཚོས་ཁྱིམ་ཚང་ནང་གཏུམ་སྤྱོད་སྔོན་འགོག་ཆེད་བཙན་སྐུལ་དང་སྟངས་འཛིན་ཅན་གྱི་སྤྱོད་ཚུལ་རྣམས་ཁྲིམས་འགལ་བརྩི་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་རྒྱལ་སྤྱིའི་རྒྱབ་སྐྱོར། 30.04.2021

རྒྱ་གར་ནང་ཉིན་རེའི་ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་གྲངས་ཚད་དང་མི་འདས་གྲོངས་སུ་འགྱུར་བའི་གྲངས་ཚད་ད་བར་མཐོ་ཤོས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པར་བརྟེན་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད་འདུག

ཨོ་གླིང་སྐུ་ཚབ་དོན་གཅོད་གསར་པ་ཀརྨ་སེངྒེ་མཆོག་ལ་བཅར་འདྲི། 28.04.2021

ཨོ་གླིང་སྐུ་ཚབ་དོན་གཅོད་གསར་པ་སྐུ་ངོ་ཀརྨ་སེངྒེ་མཆོག་ལ། མ་འོངས་པར་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་ཕྱོགས་དང་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་མི་མང་དང་ལྷན་དུ་འབྲེལ་ལམ་དང་ཕྱག་ལས་གནང་ཕྱོགས། ལྷག་པར་དུ་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཐོག་ནས་བོད་དོན་གནས་བབས་བཅས་ཀྱི་སྐོར་བཅར་འདྲི་ཞུས་པ།

ཨོ་སི་ཊོ་ལི་ཡས་ཏོག་དབྱིབས་འགོག་ཁབ་ལས་དོན་ཇེ་མགྱོགས་སུ་གཏོང་རྒྱུ། 23.04.2021

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་འགོག་ཁབ་ཀྱི་ལས་དོན་ནུས་པ་ལྡན་པའི་ཐོག་ནས་ཇེ་མགྱོགས་སུ་གཏང་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་། ཡང་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་དབར་ Trans – Tasman ཞེས་པའི་མི་སེར་ཕན་ཚུན་འགྲོ་འོངས་ཀྱི་ཆིངས་དོན་དེ་བསྐྱར་དུ་སྒོ་ཕྱེས་མ་ཐག་ནེའུ་ཛི་ལན་ཌིའི་ Auckland གནམ་ཐང་ནང་ལས་ཀ་བྱེད་མཁན་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད...

ཨོ་སི་ཊོ་ལི་ཡའི་སྦྲག་ཁང་ནས་རུལ་སླ་བའི་ཟས་རིགས་དབོར་འདྲེན་མཚམས་འཇོག་བྱ་རྒྱུ་ཡིན་འདུག 23.04.2021

ཨོ་སི་ཊོ་ལི་ཡའི་སྦྲག་ཁང་ Australia Post ནས་རུལ་སླ་བའི་ཟས་རིགས་ཤ་དང་། མཚོ་ཟས་རིགས། སྐམ་ཟས་དང་སྒོ་ངའི་རིགས་སོགས་དབོར་འདྲེན་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་མི་སེར་ཐོབ་ཐང་རག་སྟངས་ཀྱི་བརྒྱུད་རིམ། 21.04.2021

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་གནས་སྡོད་བྱེད་མཁན་འབྲི་ས་འཛིན་ལགས་སུ་ཉེ་ཆར་ཁོང་ལ་ཨོ་སི་ཊོ་ལི་ཡའི་མི་སེར་གྱི་ཐོབ་ཐང་གང་འདྲ་བྱས་ནས་རག་ཡོད་མེད་དང་། མི་སེར་གྱི་ཐོབ་ཐང་ཞུ་སྟངས་ཀྱི་བརྒྱུད་རིམ་སྐོར་བཅར་འདྲི།

ཨོ་སི་ཊོ་ལི་ཡའི་ལག་རྩལ་ཅན་གཞིས་སྤོ་བའི་ལས་གཞི་དང་གཏན་འཇག་སྡོད་མི་ཆགས་པའི་ཐབས་ལམ། 16.04.2021

ཨོ་སི་ཊོ་ལི་ཡའི་གཞིས་སྤོ་ལས་གཞིའི་འོག་ལོ་ལྟར་མི་གྲངས་ངེས་གཏན་ཞིག་ལ་གཏན་འཇག་སྡོད་མིའི་ཐོབ་ཐང་སྤྲོད་ཀྱི་ཡོད་ཀྱང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ནས་ལོ་རེར་མི་གྲངས་དེར་འགྱུར་བ་འགྲོ་བཞིན་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་མཁན་རྣམས་ལ་ཨོ་སི་ཊོ་ལི་ཡས་དམ་བསྒྲགས་ཉེས་ཆད་གཅོད་དགོས་པའི་གནོན་ཤུགས། 16.04.2021

ཨོ་སི་ཊོ་ལི་ཡར་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་མཁན་རྣམས་ལ་དམིགས་པའི་ཁྲིམས་གསར་པ་ཞིག་གཏན་འབེབ་བྱེད་བར་གནོན་ཤུགས་ཇེ་ཆེ་སྤྲོད་བཞིན་པ་རེད་འདུག དེ་ཡང་། Magnitsky ཞེས་པའི་ཁྲིམས་དེའི་འོག་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་མཁན་མི་སྒེར་དང་ཚོགས་པ་ཁག་ལ་དམ་བསྒྲགས་ཉེས་ཆད་གཅོད་ཆོག་གི་ཡོད་འདུག

རང་ཉིད་ཀྱི་འོས་མི་མིན་ཡང་སྲིད་སྐྱོང་སུ་ལ་ཐོབ་ན་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་གསུངས་སོང་། 11.04.2021

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་གི་ཉེ་འགྲམ་ཁེམ་བྷོ་ཊམ་ས་གནས་སུ་འོས་ཤོག་འཕེན་མཁན་བོད་མི་ཁག་ཅིག་ལ་བཙན་བྱོལ་བོད་མིའི་འོས་འདེམས་འདི་གལ་ཆེན་པོ་གང་འདྲ་ཞིག་མཐོང་གི་ཡོད་མེད་དང་། གལ་སྲིད་ཁྱེད་རང་གི་འོས་འཕེན་སའི་སྲིད་སྐྱོང་དེ་དང་སྤྱི་འཐུས་དེ་གཉིས་འདེམས་ཐོན་མ་བྱུང་བ་ཡིན་ན་ཡང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་གཞན་དེ་གཉིས་ལ་རྒྱབ་སྐྱོར་དང་ཁས་ལེན་ག་ཚོད་ཅིག་གནང་ཐུབ་ཀྱི་ཡོད་མེད་བཅར་འདྲི་ཞུས་ཡོད།

འགན་འཁྲི་དང་ལྡན་པའི་ཐོག་བུ་ལོན་གཡར་ཚུལ། 09.04.2021

ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ཆེད་བུ་ལོན་གཡར་ཚུལ་དང་འབྲེལ་བའི་ཁྲིམས་ལྷོད་དུ་གཏང་འཆར་ཡོད་འདུག འོན་ཀྱང་འབྲེལ་ཡོད་མཁས་པ་ཚོས་དེ་ལྟར་བྱེད་པ་ལས་བུ་ལོན་གཡར་མཁན་གྱི་དངུལ་ཁང་རྣམས་ལ་དབང་ཆེན་པོ་སྤྲད་ཀྱི་ཡོད་པས། རང་ཉིད་བུ་ལོན་ནང་མི་ལྡིག་པའི་ཕྱིར་འགན་འཁྲི་སྔར་ལས་ལྷག་པ་བཞེས་དགོས་པའི་དུས་ཤིག་ཡིན་ཞེས་ལམ་སྟོན་གནང་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྤྱི་མང་ལ་ཏོག་དབྱིབས་ནད་འགོག་སྨན་ཁབ་རྒྱག་པའི་བརྒྱུད་རིམ་སྐོར་གླེང་བ། 09.04.2021

ཛ་དྲག་སྡེ་ཚན་གྱི་ཆེད་ལས་སྨན་ཞབས་པ་སྒྲོལ་མེ་ལགས་ཀྱིས། མི་ཚང་མས་རང་ཉིད་ཀྱི་བང་རིམ་སླེབས་སྐབས་ཏོག་དབྱིབས་ནད་འགོག་སྨན་ཁབ་རྒྱག་རྒྱུ་གལ་ཆེན་ག་ཚོད་ཡིན་པ་དང་། སྨན་ཁབ་དེས་ཏོག་དབྱིབས་ནད་སྔོན་འགོག་ཆེད་ཇི་ལྟར་ཕན་ནུས་ཡོད་པའི་སྐོར་གླེང་བ།

དབྱིན་ཡུལ་གྱིས་བཀག་སྡོམ་ལྷོད་ཡངས་དང་འགོག་ཁབ་ལག་འཁྱེར་ཚོད་ལྟ། 07.04.2021

ད་ལྟའི་ཆར་འཛམ་གླིང་ཁྱོན་དུ་མི་མང་པོ་ཞིག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཚར་བཞིན་ཡོད་པར་བརྟེན། རྒྱལ་ཁབ་ཁག་ཅིག་གིས་འགྲོ་བསྐྱོད་བཀག་སྡོམ་ལྷོད་དུ་གཏོང་བཞིན་ཡོད་ཀྱང་། རྒྱལ་ཁབ་ཁག་ཅིག་གི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་སླར་ཡང་འཕར་བཞིན་ཡོད་པ་རེད།

སྦིས་སྦེན་ནང་སྒོ་རྒྱག་དམ་བསྒྲགས་མཇུག་སྒྲིལ་བ། 02.04.2021

འདི་རིང་ནས་བཟུང་སྦིས་སྦེན་ནང་ཉིན་གསུམ་གྱི་སྒོ་རྒྱག་དམ་བསྒྲགས་དེ་མཇུག་སྒྲིལ་བ་ཡིན་འདུག དེ་བཞིན་ནིའུ་སོཊ་ཝེལ་མངའ་སྡེའི་བློན་ཆེན་ལྕམ་ Gladys Berejiklian མཆོག་གིས། ད་ཆ་མངའ་སྡེའི་ནང་ཏོག་དབྱིབས་ནད་ལ་གདོང་ལེན་ཐུབ་པའི་ནུས་པ་ཚད་ལྡན་ཡོད་ཅེས་གསུངས་འདུག

༢༠༢༡ ལོའི་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཚུགས་ཐུབ་པར་དགའ་བསུ། 02.04.2021

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ལེགས་པར་འགོག་སྲུང་ཐུབ་ཡོད་པས། དམ་བསྒྲགས་ལྷོད་ཡངས་བཏང་བ་དང་སྦྲག་འདི་ལོར་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་གོ་སྒྲིགས་གནང་ཐུབ་པར་འབྲེལ་ཡོད་ཚང་མས་དགའ་སྤྲོ་གནང་བཞིན་འདུག

ཨོ་སི་ཊོ་ལི་ཡའི་ནང་ན་གཞོན་སུམ་ཆ་གཅིག་ཙམ་ལ་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་པ། 31.03.2021

ཉེ་ཆར་ཉམས་ཞིབ་གསར་པ་ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་ན་གཞོན་སུམ་ཆ་གཅིག་ཙམ་ལ་རྒྱུན་དུ་སྤྱི་ཚོགས་ནང་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་གཟུགས་པོ་དང་། བཟོ་བལྟ། རིགས་བརྒྱུད་དང་འབྲེལ་བ་ཆགས་བསྡད་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཁྱེད་ཀྱི་ཐོངས་ཆེན་དུས་ཚོད་རྫོགས་ན་མཇུག་འབྲས་གང་ཞིག་ཡོད་དམ། 26.03.2021

ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་འགལ་ཐོག་གནས་སྡོད་མཁན་རྣམས་རྒྱལ་ཁབ་ལས་ཕྱིར་འབུད་དང་བཙོན་འཇུག་ཡང་བྱེད་སྲིད་པ་ཡིན་འདུག། དེར་བརྟེན་གལ་ཏེ་ཁྱེད་རང་ཨོ་སི་ཊོ་ལི་ཡའི་ནང་ཡོད་བཞིན་དུ་ཐོངས་ཆེན་དུས་ཚོད་རྫོགས་པ་ཡིན་ཚེ་ག་རེ་གནང་དགོས་པ་ཡིན་ནམ།

ཝ་དགའི་བོད་མིའི་གཞིས་ཆགས་ཀྱི་སྐོར་གླེང་མོལ། 26.03.2021

(Wagga Wagga) ཝ་དགའ་ཝ་དགའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྒྲོལ་དཀར་སྐྱབས་ལགས་སུ་ས་གནས་དེར་སྤོ་དགོས་པའི་རྒྱུ་མཚན་དང་། མ་འོངས་པར་བོད་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་སྐོར་བཅར་འདྲི་གླེང་མོལ།

ཐོངས་ཆེན་རག་ཚར་ཡང་འགྲོ་མ་ཐུབ་པ་དེ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག 24.03.2021

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨོ་སི་ཊོ་ལི་ཡར་གཞིས་སྤོ་ཆེད་བོད་མི་མཐོང་ཆེན་རག་ཚར་བ་དེ་ཚོ་ནད་ཡམས་ཀྱིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ཁྲིམས་དང་སྒྲིག་གཞི་ཞིག་གིས་འོག་འགྲོ་མ་ཐུབ་པ་ལས། བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་འབད་བརྩོན་གནང་གི་ཡོད་སྐོར་གསུངས་སོང་།

རང་ཉིད་ཀྱི་ལས་གནས་སུ་བདེ་འཇགས་ཐོག་ཕྱིར་ལོག་བྱེད་ཚུལ། 19.03.2021

ཉམས་ཞིབ་གསར་པ་ཞིག་ལ་ལྟར་ན། ཨོ་སི་ཊོ་ལི་ཡའི་མི་ལྔ་ཆ་གཉིས་ཙམ་ཞིག་ལ་རང་ཉིད་ཀྱི་ལས་གནས་སུ་གཙང་སྦྲ་འཕྲོད་བསྟེན་སྐོར་སེམས་ཁྲལ་ཡོད་པ་དང་། ཡང་མི་བཞི་ཆ་གཅིག་ལྷག་ལ་ནད་ཡམས་ཀྱི་རྐྱེན་པའི་ནད་འབུ་ཁྱབ་གདལ་ཐོག་སེམས་ཁྲལ་ཡོད་པ་ཐོན་འདུག

ང་ཚོས་གང་མགྱོགས་གཞིས་སྤོ་བ་དང་ཡུལ་སྐོར་བ་འགྲུལ་བསྐྱོད་ཆོག་པ་བཟོ་འཆར་ཡོད། 19.03.2021

ཉེ་ཆར་གསར་དུ་བསྐོས་པའི་ཨོ་སི་ཊོ་ལི་ཡའི་གཞིས་སྤོ་བློན་ཆེན་སྐུ་ཞབས་ Alex Hawke མཆོག་གིས། ཨོ་སི་ཊོ་ལི་ཡའི་གཞུང་གིས་གང་མགྱོགས་གཞིས་སྤོ་བ་དང་ཡུལ་སྐོར་བ་རྣམས་འགྲུལ་བསྐྱོད་ཆོག་པ་བཟོ་འཆར་ཡོད་ཅེས་གསུངས་ཡོད་པ་རེད།

Lyssna på podden SBS Tibetan - SBS བོད་སྐད་སྡེ་ཚན། i Replaio

Radio och poddar i en och samma app - gratis och utan konto. Installera redan idag och missa inte premiären

Ladda ned på Google Play

Replaio är ingen poddutgivare; programnamn, omslag och ljud tillhör sina upphovspersoner och distribueras via offentliga RSS-flöden