VOA
བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།
༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།
Where to listen?
Podcasts in the app Replaio Radio Coming soonPodcasts are coming to the app soon. Install now and be the first to see a whole new take on podcasts
Episodes
གནམ་གཤིས་འགྱུར་ལྡོག་དང་ནད་དུག་ཁྱབ་གདལ། - ཟླ་བ་བཞི་པ། ༢༩, ༢༠༢༢ 29.04.2022 15:08
འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་རྐྱེན་གྱིས་མ་འོངས་པར་ནད་དུག་སྣ་ཚོགས་ཤིག་སེམས་ཅན་ནས་མི་ལ་འགོ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་སྔོན་དཔག་བྱས་འདུག དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་ལེ་ཚན་ལ་ཞིབ་འཇུག་རྩོམ་ཡིག་དེའི་ནང་དོན་རགས་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན།།
སྤྱི་ཟླ་བཞི་པའི་སྐད་སྒྲ། - ཟླ་བ་བཞི་པ། ༢༤, ༢༠༢༢ 23.04.2022 11:07
འདས་པའི་ཉིན་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་སྤྱི་ཟླ་བཞི་པའི་སྐད་སྒྲ་ཟེར་བའི་བརྙན་ཐུང་ཞིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ལྟར། ཐེངས་འདིའི་ཕོ་ཌ་ཁེ་སི་ལས་རིམ་ནང་རྒྱ་ནག་གི་རིམས་འགོག་སྲིད་ཇུས་འོག་གི་ཧྲང་ཧེ་ཡི་མི་རྣམས་ཀྱི་དཀའ་ངལ་བརྗོད་པའི་ནང་དོན་ཁག་གི་ཐད་གླེང་སློང་བྱས་ཡོད།
ལམ་ལུགས་ཀྱི་དགེ་སྐྱོན། - ཟླ་བ་བཞི་པ། ༢༡, ༢༠༢༢ 20.04.2022 19:58
རྒྱ་ནག་དང་ཨུ་རུ་སུས་ཨ་རིས་གཙོས་དམངས་གཙོའི་རྒྱལ་ཁབ་ཁག་གི་ལས་དོན་སྒྲུབ་ཕྱོགས་ཚགས་ཚུད་མེད་ཅིང་། རྒྱ་ཨུའི་ལམ་ལུགས་དེར་དགེ་མཚན་ཡོད་ཅེས་འུད་སྒྲོགས་བྱས་མོད། འོན་ཀྱང་འདས་པའི་ཟླ་བ་གཅིག་ལྷག་གི་སྔོན་ནས་རྒྱ་ནག་དང་ཨུ་རུ་སུའི་བཙན་དབང་རིང་ལུགས་སམ།
སྒོ་རྒྱ་བསྡམས་པའི་ཧྲང་ཧེ་གྲོང་གི་གཏམ་རྒྱུད། - ཟླ་བ་བཞི་པ། ༡༦, ༢༠༢༢ 16.04.2022 17:16
༄༅།། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེར་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་གྲོང་ཁྱེར་དེའི་མི་དམངས་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧྲང་ཧེའི་གྲོང་མི་ཚོར་འཕྲད་ཀྱི་ཡོད་པའི་དཀའ་ངལ་གྱི་གནས་ཚུལ་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།།
ཧྲང་ཧེས་ཞིས་ཅིན་ཕིང་གི་འགོ་ཁྲིད་ནུས་པར་ཉམས་ཚོད་ལེན་པ། - ཟླ་བ་བཞི་པ། ༠༩, ༢༠༢༢ 08.04.2022 13:28
དེང་སྐབས་ཧྲང་ཧེ་གྲོང་ཁྱེར་ལ་རྟོག་དབྱིབས་ནད་དུག་ཁྱབ་དལ་ཚབས་ཆེན་ཞིག་འགྲོ་བཞིན་ཡོད་པས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་དེ་ཧ་ལམ་སྒོ་རྒྱ་བསྡམས་དགོས་པ་ཞིག་བྱུང་ཡོད་ཅིང་། ཧྲང་ཧེར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ནི་ཞིས་ཅིན་ཕིང་གི་འགོ་ཁྲིད་ནུས་པ་གང་འདྲ་ཞིག་ཡོད་མེད་ཉམས་ཚོད་ལེན་ས་ཡག་པོ་ཞིག་ཆགས་ཡོད་པ་རེད།
ཕུ་ཊིན་གྱི་འགོ་ཁྲིད་ནུས་པར་སྐྱོན་བརྗོད། - ཟླ་བ་གསུམ་པ། ༢༦, ༢༠༢༢ 25.03.2022 17:03
ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་འགྲོ་བའི་སྐབས་འདིར་ཡུཀ་རེན་གྱི་རྒྱལ་ས་སོགས་གལ་ཆེའི་ས་གནང་མང་ཆེ་བ་ཨུ་རུ་སུའི་དམག་གིས་བཙན་འཛིན་བྱེད་ཐུབ་མེད་ཅིང་། འོན་ཀྱང་ཨུ་རུ་སུའི་རྒྱལ་ནང་དུ་སྲིད་འཛིན་ཕུ་ཊིན་གྱི་འགོ་ཁྲིད་ནུས་པར་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཞིས་ཅིན་ཕིང་དང་ཕུ་ཊིན། - ཟླ་བ་གསུམ་པ། ༠༡, ༢༠༢༢ 28.02.2022 17:49
ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་སྔར་ལས་དམ་ཟབ་འགྲོ་རྒྱུ་ཡིན་ནམ། ཡང་ན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་ཕུ་ཊིན་དང་རྒྱང་ཐག་རིང་དུ་གཏང་རྒྱུ་ཡིན་མིན་ཐད་དེང་སྐབས་མི་མང་པོས་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཞིག
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི - ཟླ་བ་གཉིས་པ། ༢༨, ༢༠༢༢ 27.02.2022 14:49
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ནི་དེ་སྔ་ཆབ་སྲིད་ལས་དོན་ལ་ཉམས་མྱོང་མེད་པའི་གློག་བརྙན་འཁྲབ་མཁན་ཞིག་ནས་འདས་པའི་ཉིན་ཤས་རིང་འཛམ་གླིང་མི་མང་གིས་བསྔགས་བརྗོད་དང་ཡིད་སྨོན་བྱ་ཡུལ་རྒྱལ་ཁབ་ཅིག་གི་གཙོ་འཛིན་ཞིག་ཏུ་གྱུར་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་སྲིད་འཛིན་ཛེ་ལན་སི་ཀིའི་སྐོར།།
ཡུཀ་རེན་དམག་དཔུང་གིས་ཨུ་རུ་སུར་འགོག་རྒོལ་ནུས་ལྡན་བྱེད་བཞིན་ཡོད་པ། - ཟླ་བ་གཉིས་པ། ༢༧, ༢༠༢༢ 26.02.2022 10:58
ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉིན་གསུམ་ཕྱིན་ཡོད་ནའང། ཨུ་རུ་སུ་ལས་དམག་ཤུགས་ཞན་པའི་ཡུཀ་རེན་དམག་དཔུང་གིས་མུ་མཐུད་ནས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་ནུས་ལྡན་བྱེད་བཞིན་ཡོད་པ་ལྟར། དེ་རིང་གི་ང་ཚོའི་ཕ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ནང་ཡུཀ་རེན་གྱི་དམག་འཁྲུག་གི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན།
ཕུ་ཊིན་གི་དམག་འཁྲུག - ཟླ་བ་གཉིས་པ། ༢༦, ༢༠༢༢ 26.02.2022 17:44
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུ་རོབ་ལ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དམག་འཁྲུག་ཆེ་ཤོས་འདི་བསླངས་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་ལེ་ཚན་ལ་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་འདི་སློང་དགོས་དོན་ཅི་ཡིན་སོགས་ལ་དཔྱད་ཞིབ་པ་ཚོའི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།།
ཕུ་ཊིན་གྱིས་ངོས་འཛིན་བྱས་པའི་རྒྱལ་ཁབ་གསར་པ་གཉིས། - ཟླ་བ་གཉིས་པ། ༢༥, ༢༠༢༢ 24.02.2022 12:07
གཟའ་འཁོར་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་ཤིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་གནས་ཚུལ་དེའི་སྐོར་གླེང་སློ་ཞུ་རྒྱུ་ཡིན།།
ནིག་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ལོ་ལྔ་བཅུ་འཁོར་བ། - ཟླ་བ་གཉིས་པ། ༢༣, ༢༠༢༢ 23.02.2022 15:38
མི་ལོ་ལྔ་བཅུའི་གོང་དུ་དེ་རིང་གི་ཉིན་མོ་འདིར་ཨ་རིའི་སྲིད་འཛིན་ནིག་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཨ་རྒྱའི་འབྲེལ་བ་ཚུགས། སྐབས་དེའི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཐུག་འཕྲད་ཀྱིས་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད་པ་རེད།
ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་གི་ཡ་ངའི་གནས་སྟངས་ཀྱིས་རྒྱ་ནག་ལ་གཡོ་འགུལ་ཐེབས། - ཟླ་བ་གཉིས་པ། ༡༩, ༢༠༢༢ 19.02.2022 17:06
ཉེ་དུས་རྒྱ་ནག་གི་གྲོང་གསེབ་ཅིག་ཏུ་ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་ལྩགས་ཐག་གིས་བཅིངས་ནས་གྲང་ངར་ཆེ་བའི་ཁང་སྟོང་ཞིག་ནང་དུ་བཞག་ཡོད་པའི་གནས་ཚུལ་ཐོན་ཞིང་། གསར་འགྱུར་ལ་ཕྱིར་བསྒྲགས་བྱུང་བའི་རྗེས་སུ་དེང་སྐབས་རྒྱ་ནག་ཏུ་ལོ་མང་རིང་མཐོང་ཐོས་བྱུང་མྱོང་མེད་པའི་བགྲོ་གླེང་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་རེད། དེ
ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་གསར་པ། - ཟླ་བ་གཉིས་པ། ༡༡, ༢༠༢༢ 11.02.2022 19:33
ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་རྣམས་ཉིན་ལྟར་བཅུ་ཕྲག་མང་པོ་འཐོན་གྱི་ཡོད་ཅིང་། འདས་པའི་ཉིན་ཤས་རིང་ཞིས་ཅིན་ཕིང་ལ་གཟུར་གནས་ཀྱི་གདེང་འཇོག་ཟེར་བའི་རྒྱ་ཡིག་གི་ཡིག་འབྲུ་ཁྲི་བཞི་ཡོད་པའི་རྩོམ་ཡིག་རིང་པོ་ཞིག་ཐོན་པར་མི་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག
རྒྱ་ནག་དང་ཨུ་རུ་སུ་དམག་དོན་མཐུན་གྲོགས་སུ་འགྱུར་ཐུབ་བམ། - ཟླ་བ་གཉིས་པ། ༠༩, ༢༠༢༢ 08.02.2022 14:04
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་པེ་ཅིང་དུ་ཐུག་འཕྲད་བྱས་པའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། རྒྱལ་ཁབ་དེ་དག་དམག་དོན་མཐུན་གྲོགས་སུ་འགྱུར་ཐུབ་མིན་དང་དམག་དོན་མཐུན་གྲོགས་འཛུགས་རྒྱུའི་ཆ་རྐྱེན་ཚང་ཡོད་མེད་བཅས།
དུས་སྐབས་མི་འདྲ་བ་གཉིས་ཀྱི་པེ་ཅིང་གི་ཨོ་ལིམ་ཕིཀ - ཟླ་བ་གཉིས་པ། ༠༥, ༢༠༢༢ 05.02.2022 18:59
ཞིས་ཅིན་ཕིང་གིས་རྒྱ་ནག་ལ་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་སྐབས་པེ་ཅིང་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འགོ་ཚུགས་ཡོད་ཅིང་། ༢༠༠༨ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་དང་ད་རེས་༢༠༢༢་ལོའི་པེ་ཅིང་གི་རྩེད་འགྲན་གཉིས་ལ་ཆབ་སྲིད་ཀྱི་ཁོར་ཡུག་མི་འདྲ་བ་གང་འཚམ་ཡོད་པ་སོགས་ལ་གླེང་སློང་ཞུ་རྒྱུ་ཡིན།
ང་དང་ཨ་རིའི་རླུང་འཕྲིན་ཁང་། - ཟླ་བ་གཉིས་པ། ༠༢, ༢༠༢༢ 02.02.2022 16:16
དེ་རིང་ནི་ཨ་རིའི་རླུང་འཕྲིན་ཁང་དབུ་བརྙས་ནས་ལོ་༨༠་ཐམ་པ་འཁོར་བའི་དུས་དྲན་ཡིན་ཞིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་ལེ་ཚན་ལ་ངོས་རང་གི་མི་ཚེར་ཨ་རིའི་རླུང་འཕྲིན་ཁང་གིས་ཤུགས་རྐྱེན་གང་འཚམ་ཐེབས་པ་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན།།
ཕུ་ཊིན་ལ་ཡུཀ་རེན་ནས་ཅི་ཞིག་དགོས་སམ། - ཟླ་བ་དང་པོ། ༢༩, ༢༠༢༢ 29.01.2022 16:37
དེང་སྐབས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་དོན་དངོས་སུ་ཡུཀ་རིན་ནས་ཅི་ཞིག་དགོས་ཀྱི་ཡོད་མེད་ལ་ཞིབ་འཇུག་བ་ཚོའི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་༢༠༢༡ ལོ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ། - ཟླ་བ་དང་པོ། ༢༣, ༢༠༢༢ 23.01.2022 18:52
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ཚེས་༡།༡༣ ཉིན་འཛམ་གླིང་སྙན་ཐོ་༢༠༢༢ ཞུ་བ་འགྲེམ་སྤེལ་བྱས་ཏེ་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་སྲིད་དབང་སྒེར་གཅོད་པ་ལ་དམངས་གཙོར་ཕྱོགས་པའི་མི་དམངས་ཀྱིས་ངོ་རྒོལ་བྱེད་བཞིན་པ་བཀོད་འདུག འོ་ན་སྙན་ཐོ་འདིའི་ནང་རྒྱ་ནག་དང་བོད་ཀྱི་སྐོར་ལ་ག་རེ་འཁོད་ཡོད་དམ།
འགྱུར་ལྡོག་འགྲོ་བཞིན་པའི་ཐེ་ཝན་གྱི་ངོ་བོ། - ཟླ་བ་དང་པོ། ༢༢, ༢༠༢༢ 21.01.2022 20:55
ཨ་རིའི་ནེའུ་ཡོག་དུས་བབ་གསར་ཤོག་ནང་དུ་དེང་སང་ཐེ་ཝན་གྱི་སྤྱི་ཚོགས་སུ་མི་ཚོས་རང་ཉིད་ཐེ་ཝན་པ་ཡིན། ང་ཚོ་རྒྱ་ནག་པ་མིན་ཟེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་རིང་པོ་ཞིག་བཀོད་འདུག་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁེ་སི་བསྐྱར་ཞིབ་ལེ་ཚན་ནང་དུ་འགྱུར་ལྡོག་འགྲོ་བཞིན་པའི་ཐེ་ཝན་གྱི་ངོ་བོ་སོགས་ལ་འགྲོ་གླེང་།
རྒྱ་ནག་གི་མིའི་སྐྱེས་ཚད་ཇེ་ཉུང་དང་ཆབ་སྲིད་དཔལ་འབྱོར་ལ་ཤུགས་རྐྱེན། - ཟླ་བ་དང་པོ། ༢༡, ༢༠༢༢ 20.01.2022 21:43
རྒྱ་ནག་གཞུང་གིས་༢༠༢༡་ལོར་རྒྱ་ནག་ལ་ཕྲུ་གུ་སྐྱེས་པའི་གྲངས་འབོར་ནི་འདས་པའི་ལོ་༦༠་ཡས་མས་ཤིག་གི་རིང་དུ་བྱུང་མྱོང་མེད་པའི་སྐྱེས་ཚད་ཀྱི་གྲངས་འབོར་ཆེས་ཉུང་ཤོས་སུ་གྱུར་པ་ངོས་ལེན་བྱས་ཡོད་ཅིང་། རྒྱ་ནག་གི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་འདིས་ཆབ་སྲིད་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་སོགས་ལ་གླེང་།
རྒྱ་ནག་གི་ནད་འགོག་སྲིད་ཇུས་རྒྱུན་འཁྱོངས་ཐུབ་བམ། - ཟླ་བ་དང་པོ། ༡༦, ༢༠༢༢ 15.01.2022 18:20
༄༅།། དེང་སྐབས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་ལྟར། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་རིམ་ལ་རྒྱ་ནག་གི་སྲིད་ཇུས་འདི་རྒྱུན་འཁྱོངས་བྱེད་ཐུབ་མིན་སོགས་ལ་གླེང་སློང་ཞུ་རྒྱུ་ཡིན།།
རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཡང་རྩེར་སོན་ཟིན་ནམ། - ཟླ་བ་དང་པོ། ༠༦, ༢༠༢༢ 06.01.2022 13:33
རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྟོབས་ཤུགས་དེ་དེང་སྐབས་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གི་སྟོབས་ཤུགས་མུ་མཐུད་དུ་རྒྱ་སྐྱེདའགྲོ་བཞིན་ཡོད་ཅེས་དྲིལ་བསྒྲགས་མང་པོ་ཞིག་བྱེད་ཀྱི་ཡོད།
ཁྲེན་ཆོན་གོ་འཕོ་འགྱུར་དང་ཞིན་ཅང་ལ་འཛིན་པའི་སྲིད་ཇུས། - ཟླ་བ་བཅུ་གཉིས། ༣༠, ༢༠༢༡ 30.12.2021 16:38
༄༅།། དེང་སྐབས་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གཟའ་འཁོར་འདིར་འཕོ་འགྱུར་བཏང་སྟེ་དེའི་ཚབ་ཏུ་རྒྱ་ནག་ལྷོ་ཕྱོགས་ཀྱི་འགོ་ཁྲིད་གསར་པ་ཞིག་བསྐོ་བཞག་བྱས་ཡོད་ཅིང་། དེ་རིང་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་རིམ་ལ་དེའི་སྐོར་བགྲོ་གླེང་ཞུས་ཡོད།།
རྒྱ་ནག་གི་ལས་བྱེད་པའི་གླ་ཕོགས་གཅོག་པ་དང་རྒྱ་ནག་གི་དཔལ་འབྱོར་གནས་སྟངས།། - ཟླ་བ་བཅུ་གཉིས། ༡༩, ༢༠༢༡ 18.12.2021 17:24
དེང་སྐབས་རྒྱ་ནག་གི་ས་ཁུལ་འགར་གཞུང་གི་ལས་བྱེད་པའི་གླ་ཕོགས་གཅོག་གི་ཡོད་པའི་གནས་ཚུལ་མང་པོ་ཐོན། གཞུང་གི་ལས་བྱེད་པའི་གླ་ཕོགས་གཅོག་པ་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་སུ་འགྲོ་བཞིན་པའི་རྟགས་མཚན་རེད་ཅེས་ཉམས་ཞིབ་པ་མང་པོས་བརྗོད། ང་ཚོའི་ཕ་ཌི་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་གནད་དོན་དེའི་སྐོར་ལ་གླེང་སློང་ཞུ་རྒྱུ་ཡིན།
Similar podcasts
Replaio is not a podcast publisher; show names, artwork and audio belong to their authors and are distributed through public RSS feeds.