SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ Επεισόδια: 624

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Δημιουργός

SBS

Κατηγορία

News

Ιστοσελίδα του podcast

www.sbs.com.au

Τελευταίο επεισόδιο

8 Ιουλ 2026

Πού να ακούσεις;

Podcast στην εφαρμογή Replaio Radio Έρχεται σύντομα

Τα podcast έρχονται σύντομα στην εφαρμογή. Εγκατάστησέ την τώρα και δες πρώτος μια εντελώς νέα προσέγγιση στα podcast

Κατέβασέ το από το Google Play Δωρεάν εγκατάσταση Android σχεδόν 10 εκατ. λήψεις · βαθμολογία 4,8 iOS σύντομα

Επεισόδια

ཁྲག་དང་ (plasma) པ་ལཛ་མའི་ཞལ་འདེབས་དགོས་མཁོ་ཧ་ཅང་ཆེ་བ། 12.03.2021

དེ་ཡང་ལོ་སྔོན་མ་ནད་ཡམས་ཁྱབ་གདལ་བྱུང་ནས་བཟུང་ཁྲག་ཞལ་འདེབས་གནང་མཁན་ཇེ་ཉུང་དུ་སོང་ཡོད་འདུག་པས། ཨོ་སི་ཊོ་ལི་ཡའི་རྒྱ་གྲམ་དམར་པོའི་ཁྲག་ཞལ་འདེབས་བསྡུ་མཁན་གྱི་འགན་གཙོ་བོ་བཞེས་གནང་མཁན་གྱི་ཡན་ལག་ཚན་པ་ Lifeblood ཞེས་པའི་མི་མང་ཡོངས་ལ་ཁྲག་ཞལ་འདེབས་གནང་རོགས་ཞེས་རེ་བསྐུར་ཞུ་བཞིན་ཡོད་འདུག

ཁྲག་ཞལ་འདེབས་བརྒྱུད་གཞན་གྱི་སྲོག་ཇི་ལྟར་སྐྱོབ་ཐུབ་ཀྱི་ཡོད་དམ། 12.03.2021

ཨོ་སི་ཊོ་ལི་ཡའི་རྒྱ་གྲམ་དམར་པོའི་ཁྲག་ཞལ་འདེབས་ཀྱི་ལས་གཞིར་ལོ་ལྟར་མཉམ་ཞུགས་གནང་མཁན་བོད་མི་བཀྲིས་རྒྱ་མཚོ་ལགས་ཀྱིས་ཁྲག་ཞལ་འདེབས་རྒྱག་ཚུལ་དང་དེར་ཆ་རྐྱེན་གང་ཚང་དགོས་པ། དེ་བཞིན་དེས་མི་གཞན་གྱི་སྲོག་ཇི་ལྟར་སྐྱོབ་ཐུབ་ཀྱི་ཡོད་པ་སོགས་ཀྱི་སྐོར་གླེང་བ།

ཨོ་གླིང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚང་མས་བོད་མིར་རྒྱབ་སྐྱོར་གནང་བ། 10.03.2021

ཨོ་གླིང་རི་སྔོན་པོ་རུ་བོད་མི་ཚོས་ས་གནས་གྲོང་སྡེ་ལྷན་ཁང་མདུན་དུ་དུས་དྲན་སྲུང་བརྩི་སྐབས་གྲོང་སྡེ་ལྷན་ཁང་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་དང་ལྷག་པར་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚང་མས་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་སོང་།

ཨོ་གླིང་གཞུང་གིས་ཕྱི་ཟླ་ ༡༠ པའི་ནང་འགོག་ཁབ་ཡོངས་སུ་རྒྱག་ཚར་རྒྱུའི་གདེང་ཚོད་ཡོད་སྐོར་བརྗོད་འདུག 05.03.2021

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་གྷེ་རེ་ཧང་ཊི་ Greg Hunt མཆོག་གིས་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་ཏོག་དབྱིབས་འགོག་ཁབ་དེ་བཞིན་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་ཡོངས་སུ་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་ཡིན་སྐོར་དང་། ད་བར་རྒན་གསོ་ཁང་ནང་གི་མི་གྲངས་ ༡༣༣༤༨ ཐེ་བའི་ཁྱོན་མི་གྲངས་ ༤༢༠༠༠ ཙམ་ལ་འགོག་ཁབ་བརྒྱབ་ཚར་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒན་གསོ་ཁང་མ་ལག་ཡོངས་རྫོགས་བསྐྱར་བཅོས་ཆེད་ཨོ་སྒོར་ས་ཡ་ ༤༥༠ ཟུར་བཅད་བྱས་པ། 03.03.2021

ཨོ་སི་ཊོ་ལི་ཡའི་ནང་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ཞིབ་འཇུག་གནང་པའི་རྗེས་སུ། རྒན་གསོ་ཁང་ཁག་གི་ནང་མཐུན་རྐྱེན་ལེགས་པོ་མེད་པའི་སྙན་ཐོ་ཐོན་རྗེས། ཨོ་སི་ཊོ་ལི་ཡའི་ནང་རྒན་གསོ་ཁང་ཁག་གི་ལམ་ལུགས་གཞི་རིམ་ནས་བསྐྱར་བཅོས་བྱེད་དགོས་པའི་དགོས་འདུན་བཏོན་འདུག

ངོ་དེབ་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་གསར་འགྱུར་བཀག་སྡོམ་གྱི་སྲིད་བྱུས་ཐོག་ཁ་ཕྱོགས་བརྗེ་བ། 26.02.2021

ངོ་དེབ་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས། Mark Zuckerberg དང་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་བློན་ཆེན། སྐུ་ཞབས་ Josh Frydenberg མཆོག་གཉིས་ཀྱིས་བར་བསྟུན་མཁས་བྱུང་ནས། ངོ་དེབ་ཐོག་ཨོ་སི་ཊོ་ལི་ཡའི་གསར་ཁང་རྣམས་ཀྱི་གནས་ཚུལ་འགྲེམ་སྤེལ་བྱེད་པར་བཀག་སྡོམ་མི་བྱེད་པའི་ཐག་གཅོད་བྱུང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ས་མཐའ་ཁུལ་ཁག་ཏུ་གནས་སྤོ་ཆེད་ལམ་སྟོན། 26.02.2021

ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པའི་མི་མང་དག་ཅིག་གྲོང་ཁྱེར་ནས་ས་མཐའ་ཁུལ་ཁག་ཏུ་གནས་སྤོ་བྱས་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་གྲངས་རྩིས་བསྡུ་གཤེར་ལས་ཁུངས་ (Australian Bureau of Statistics) ལ་གཞིགས་ན་ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་རྒྱལ་ས་ཁག་ནས་མི་སྟོང་ཕྲག་ ༡༡ ཙམ་ཞིག་ས་མཐའ་ཁུལ་ཁག་ཏུ་གནས་སྤོས་བྱས་ཡོད་པ་ཐོན་འདུག དེར་བརྟེན་གལ་ཏེ་ཁྱེད་རང་ཡང་ས་མཐའ་ཁུལ་ཏུ་སྤོ་འདོད་ཡོད་ཚེ་ཁྱེད་ཀྱིས་ངེས་པར་དུ་ཆ་བཞགས་དགོས་པའི་གནད་དོན་འགའ་ཤ...

ཕྱོགས་འགལ་ཚོགས་པས་ལས་འཚོལ་བའི་རོགས་དངུལ་འགྱུར་བ་ལ་སེམས་ཁྲལ། 24.02.2021

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་འཚོལ་མཁན་རོགས་དངུལ་སྤྲོད་ས་ཁྱོན་མི་གྲངས་ས་ཡ་ ༡་༢ ཙམ་ཡོད་པ་དང་། ད་ལྟ་སྤྲོད་བཞིན་པའི་བདུན་ཕྲག་གཉིས་རེ་ལ་རོགས་དངུལ་ཐོལ་པ་ཨོ་སྒོར་ ༡༥༠ དེ་ཕྱི་ཟླ་ ༣ པའི་ཚེས་ ༣༡ ནས་མཚམས་འཇོག་བྱ་རྒྱུ་དང་། དེའི་རྗེས་ལ་སྔོན་མ་རྒྱུུན་ལྡན་ལས་ཨོ་སྒོར་ ༥༠ རེར་ཡར་སྤར་རྒྱུ་ཡིན་འདུག

ལས་འགུལ་གསར་པ་ཞིག་གི་བརྒྱུད་གླ་ཕོག་སྐུ་ཁྱེར་འགོག་ཐབས་བྱེད་པ། 18.02.2021

རྒྱལ་སྤྱིའི་སློབ་ཕྲུག་གི་རྒྱབ་རྟེན་པ་ཚོས་ལས་འགུལ་གསར་པ་ཞིག་གི་བརྒྱུད་སློབ་ཕྲུག་ཚོར་རང་ཉིད་ཀྱི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་ནས། གླ་ཕོག་སྐུ་ཁྱེར་འགོག་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

ནད་ཡམས་སྐབས་ཆད་པའི་བུ་ལོན་སྟངས་འཛིན་གང་འདྲ་བྱེད་དགོས་སམ། 18.02.2021

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་ནས་ལོ་གཅིག་ཙམ་ཕྱིན་ཡོད་པས། ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་འཚོ་བའི་འགྲོ་གྲོན་དང་སྡོད་ ཁང་གི་རིན་འབབ་ཆེད་བུ་ལོན་ཆེན་པོའི་ནང་ལྷུང་ཡོད་འདུག གལ་ཏེ་ཁྱེད་རང་བུ་ལོན་ནང་ལྷུང་ཡོད་ཚེ་རིན་མེད་ཐོག་དཔལ་འབྱོར་ལམ་སྟོན་ཞབས་ཞུ་བླངས་ཆོག་གི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡས་ཞི་བདེ་རྒྱ་མཚོ་མངའ་ཁུལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགོག་ཁབ་རོགས་རམ། 17.02.2021

ཨོ་སི་ཊོ་ལི་ཡ་གཞུང་གིས་གང་མགྱོག་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ལ་ཁྱོན་ཨོ་སྒོར་ས་ཡ་ ༢༠༠ ཙམ་གྱིས་ཏོག་དབྱིབས་འགོག་ཁབ་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་བོད་མི་ཚོས་ཏོག་དབྱིབས་འགོག་ཁབ་གླེང་བ། 12.02.2021

ཨོ་སི་ཊོ་ལི་ཡ་གཞུང་གིས་མི་མང་རྣམས་ལ་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་ཡོད་པ་དང་། ཐེངས་འདིར་ SBS བོད་སྐད་སྡེ་ཚན་ནས་ཨོ་སི་ཊོ་ཡའི་ནང་གནས་སྡོད་བོད་མི་རྣམས་ཀྱིས་འགོག་ཁབ་སྐོར་དོ་སྣང་དང་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད་སྐོར་བོད་མི་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད།

ཨོ་སི་ཊོ་ལི་ཡའི་ནང་ཟུར་བཀག་དུ་སྡོད་སའི་མགྲོན་ཁང་གཞན་ཞིག་གི་ལས་བྱེད་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་བ། 10.02.2021

ཉེ་ཆར་ཝི་ཊོ་རི་ཡ་མངའ་སྡེའི་གྲོང་ཁྱེར་མེལ་བྷོན་གྱི་གནམ་ཐང་འགྲམ་དུ་ཡོད་པའི་ Holiday Inn ཞེས་པའི་ད་ལྟའི་ཆར་ཟུར་བཀག་དུ་སྡོད་སའི་མགྲོན་ཁང་ཞིག་གི་ལས་བྱེད་ལ། ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཏོག་དབྱིབས་ནད་ཡམས་སྐབས་ལས་ཀའི་ངོ་བོ་འགྱུར་བ་ཐེབས་བཞིན་པ། 05.02.2021

ནད་ཡམས་ཀྱི་གོང་དུ་ཡང་ཨོ་སི་ཊོ་ལི་ཡའི་ལས་མི་ལོ་རྒན་པ་རྣམས་ལ་ལོ་ཚོད་དབྱེ་འབྱེད་མྱོང་བཞིན་ཡོད་པ་ཐོན་ཡོད། དེ་ཡང་། ཕྱི་ལོ་༢༠༡༨ ལོར་ (Australian Human Resources Institute) ཨོ་སི་ཊོ་ལི་ཡའི་མིའི་ནུས་ཤུགས་ལྟེ་གནས་ཁང་གིས་ཉམས་ཞིབ་གནང་བ་ལས། ལས་གནས་ཁག་གི་སྦྱིན་བདག་བརྒྱ་ཆ་ ༦༨ ཙམ་ཞིག་གིས་ལོ་ན་ ༥༠ ཡན་གྱི་ལས་མི་རྣམས་ལ་ལས་ཀ་སྤྲད་འདོད་མེད་པ་ཐོན་ཡོད།

ཨོ་སི་ཊོ་ལི་ཡའི་མི་མང་ཆེ་བས་གཞིས་སྤོ་དང་རིག་གཞུང་སྣ་འཛོམས་དང་འབྲེལ་བའི་སྲིད་བྱུས་ལ་མོས་མཐུན་ཡོད་འདུག 05.02.2021

སྤྱིར་ཏོག་དབྱིབས་ནད་ཡམས་སྐབས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ཀྱི་གཅིག་སྒྲིལ་ནུས་ཤུགས་ལ་འགོག་རྐྱེན་འཕྲད་ཡོད་ཀྱང་། ཉམས་ཞིབ་ཞིག་གི་བརྒྱུད། ཨོ་སི་ཊོ་ལི་ཡའི་མི་མང་ཆེ་ཤོས་ཤིག་རྒྱལ་ཁབ་ཀྱི་གཞིས་སྤོ་བ་དང་། རིག་གཞུང་སྣ་འཛོམས་དང་འབྲེལ་བའི་སྲིད་བྱུས་ལ་མོས་མཐུན་ཡོད་པ་ཐོན་ཡོད་འདུག འོན་ཀྱང་། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའོ་ཨེ་ཤི་ཡ་དང་། ཨ་ཧྥི་རི་ཀ། དེ་བཞིན་དཀྱིལ་ཤར་ནས་ཡིན་པའི་མི་རིགས་ལ་མང་ཚོགས་ཀྱི་ཁྲོད་དུ་ལྟ་ཚུལ་ངན་པ་ཞིག་ཡོ...

འཛམ་གླིང་ནང་ཏོག་དབྱིབས་འགོག་ཁབ་ལས་རྒྱལ་ཞེན་རིང་ལུགས་ངོམ་པ། 03.02.2021

འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་འགོག་ཁབ་རིགས་མང་ཆེ་བ་ཕོན་ཆེན་ཉོས་པའི་རྐྱེན་གྱིས། ལུང་པ་སྐྱོ་པོ་ཁག་གི་ནང་སྟོབས་དབྱིབས་འགོག་ཁབ་འདང་ངེས་རག་རྒྱུ་ལོ་ཤས་འགོར་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཏོག་དབྱིབས་འགོག་ཁབ་ཁྱབ་བསྒྲགས་ལས་འགུལ་འགོ་བཙུགས་པ་དང་སྦྲགས་ནིའུ་སོཌ་ཝེལ་ནང་དམ་བསྒྲགས་ལྷོད་དུ་བཏང་བ། 29.01.2021

གནས་སྟངས་ཡར་རྒྱས་འགྲོ་བར་བརྟེན་དེ་རིང་(རེས་གཟའ་པ་སངས་) ནས་བཟུང་ནིའུ་སོཌ་ཝེལ་མངའ་སྡེའི་ནང་དུས་འཛོམས་བཀག་འགོག་དམ་བསྒྲགས་ལྷོད་དུ་བཏང་གི་ཡོད་པ་གསལ་བསྒྲགས་གནང་ཡོད་འདུག

རང་ཉིད་ཀྱི་ཕྲུ་གུས་ནད་ཡམས་ལ་གདོང་ལེན་ཐུབ་པར་རྒྱབ་སྐྱོར་བྱེད་ཚུལ། 29.01.2021

དབྱར་ཁའི་གུང་སེང་ཚར་རྗེས་ཕྲུ་གུ་རྣམས་སློབ་དུས་གསར་པར་འགོ་འཛུགས་ཀྱི་ཡོད་པས། དུས་ཚོད་དེ་ནི་ཕྲུ་གུ་ཚོར་སྤྲོ་སེམས་ཆེན་པོ་ཡོད་པ་མ་ཟད། དུས་མཚུངས་དངངས་ཚབས་ཀྱང་ ང་ཆེན་པོ་ཡོད་པའི་་དུས་ཤིག་ཀྱང་ཡིན། འདིར་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུའི་སློབ་དུས་གསར་པ་བདེ་པོའི་ངང་འགྲུབ་ཆེད་རྒྱབ་སྐྱོར་བྱེད་ཚུལ་གྱི་ལམ་སྟོན་འགའ་ཞིག་ཡོད།

ཨོ་སི་ཊོ་ལི་ཡའི་ནང་བྱས་རྗེས་ཅན་གྱི་བུད་མེད་བཞི་ལ་གཟེངས་རྟགས་ཕུལ་བ། 27.01.2021

ཕྱི་ལོ་ ༢༠༢༡ ལོའི་ཨོ་སི་ཊོ་ལི་ཡའི་ནང་བྱས་རྗེས་ཅན་གྱི་ལོ་འཁོར་གཟེངས་བརྟགས་བཞེས་མཁན་བཞི་བྱུང་ཡོད་པ་དེ་དག་ཚང་མ་བུད་མེད་དང་། ཁོང་ཚོ་ནི་སྤྱི་ཚོགས་ནང་ལས་རིགས་དང་གནད་དོན་འདྲ་མིན་ཐོག་ཞབས་ཞུ་དང་ཕྱག་ལས་འབུར་དུ་ཐོན་པ་གནང་མཁན་དེ་འདྲ་ཆགས་ཡོད་འདུག

ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ལ་ཆེ་མཐོང་ཞེས་པ་དེ་གང་ཡིན་ནམ། 22.01.2021

ཨོ་སི་ཊོ་ལི་ཡའི་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མའི་མི་རིགས་ཀྱི་བསམ་ཚུལ་དང་། ཆེ་མཐོང་། རང་དབང་གཙང་མའི་བདག་དབང་། གྲོས་དོན་གླེང་བ་ནི། དམིགས་བསལ་ཁོང་ཚོ་དང་འབྲེལ་ལམ་གོང་འཕེལ་གཏོང་བའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད། མི་མང་ཆེ་བས་ཁ་ནས་གླེང་བ་ཙམ་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་ཀྱི་མི་རིགས་དང་པོ་འདི་ནི་མ་འོངས་པའི་རེ་བ་དང་མཐུན་སྒྲིལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་ཚོ་ཐག་གཅོད་དེ་དག་ནང་མང་ཙམ་མཉམ་ཞུགས་བྱས་ཚེ་དེས་...

དབྱར་དུས་སྐབས་རང་ཉིད་ཀྱི་བདེ་འཇགས་ཆེད་ཛ་དྲག་གི་ཉེན་བརྡར་དོ་སྣང་བྱེད་དགོས། 22.01.2021

སྤྱིར་ཨོ་སི་ཊོ་ལི་ཡའི་དབྱར་དུས་ནི་གུ་ཡངས་དང་ཞི་ལྷོད་ཅན་གྱི་དུས་ཤིག་ཡིན་ཡང་།རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ཁྱེད་ཀྱིས་རང་ཉིད་ཀྱི་བདེ་འཇགས་ཆེད་ཛ་དྲག་གྱི་ཉེན་བརྡར་དོ་སྣང་བྱེད་ན་གནས་སྟངས་ཛ་དྲག་སྐབས་གནས་ཚུལ་ཤེས་རྟོགས་ཡོང་ངེས་རེད།

ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་མོས་མཐུན་མ་བྱས་ཚེ་གནས་ཚུལ་ག་རེ་ལྷག་སྲིད་དམ། 20.01.2021

ཨོ་སི་ཊོ་ལི་ཡ་གཞུང་གིས་ཟླ་བ་རྗེས་མར་འགོ་འཛུགས་འཆར་ཡོད་པའི་ཏོག་དབྱིབས་འགོག་ཁབ་དེ་ངེས་པར་དུ་རྒྱག་དགོས་པའི་གཏན་འབེབས་བྱས་མེད་སྐོར་གསུངས་ཡོད་ཀྱང་ཁྲིམས་རྩོད་པ་ཚོས་ཏོག་དབྱིབས་འགོག་ཁབ་མ་བརྒྱབ་པ་དེ་ཚོ་ལ་སྒེར་གྱི་ཚོང་ལས་ཁག་གིས་ཞབས་ཞུ་མུ་མཐུད་མཚམས་འཇོག་བྱེད་སྲིད་སྐོར་འགྲེལ་བརྗོད་གནང་འདུག

ནད་ཡམས་ཀྱིས་རྐྱེན་པའི་ཚོང་ལས་ཆུང་བ་ཁག་ཅིག་གཏན་དུ་སྒོ་བརྒྱབ་དགོས་པའི་གནས་སུ་གྱར་བ། 15.01.2021

ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པའི་ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཆུང་ཁག་གསུམ་ཆ་གཅིག་ཙམ་ཞིག་ལ་དཔལ་འབྱོར་དཀའ་ངལ་འཕྲད་ནས་གཏན་འཇག་སྒོ་བརྒྱབ་དགོས་པའི་གནས་སུ་གྱར་ཡོད་འདུག་པས། ཚོང་ལས་དེ་དག་གིས་ཨོ་སི་ཊོ་ལི་ཡའི་གཞུང་ལ་རོགས་སྐྱོར་གནང་རོགས་ཞེས་ཛ་དྲག་གི་རེ་སྐུལ་ཞུ་བཞིན་ཡོད་འདུག

འཛམ་གླིང་གི་གནད་ཡོད་མི་སྣ་ཏོག་དབྱིབས་འགོག་ཁབ་ལས་འགུལ་ནང་མཉམ་ཞུགས་གནང་བ། 13.01.2021

ཡེ་ཤུ་ཁེ་ཐོ་ལིའི་ཆོས་དཔོན་ Pope Francis མཆོག་དང་དབྱིན་ཇིའི་རྒྱལ་མོ་ Queen Elizabeth གཉིས་ཏོག་དབྱིབས་ནད་ཡམས་འགོག་ཁབ་ལས་འགུལ་ནང་མཉམ་ཞུགས་ཀྱིས། མི་མང་གི་ཏོག་དབྱིབས་འགོག་ཁབ་ཐད་དོག་པ་དང་ཐེ་ཚོམ་ཞི་ཐབས་གནང་གི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ནི་ཁུལ་དུ་ལྷག་དཀར་སྒོར་གཞས་འགོ་འཛུགས་གནང་བ། 06.01.2021

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་༼ལྷག་དཀར་སྒོར་གཞས་༽ཞེས་ཕྱི་ཟླ་ ༡ ཚེས་ ༦ རེས་གཟའ་ལྷག་པ་ཉིན་བོད་མི་རྣམས་འདུ་འཛོམས་ཀྱིས། བོད་ཆས་གྱོན་པ་དང་སྒོར་གཞས་འཁྲབ་ནས་༧གོང་ས་མཆོག་གི་བླ་གཟའ་ལྷག་དཀར་སྲུང་བརྩི་འགོ་འཛུགས་གནང་ཡོད་པ་རེད།

Άκου το podcast SBS Tibetan - SBS བོད་སྐད་སྡེ་ཚན། στο Replaio

Ραδιόφωνο και podcast σε μία εφαρμογή - δωρεάν, χωρίς εγγραφή. Εγκατάστησέ την σήμερα και μη χάσεις την πρεμιέρα

Κατέβασέ το από το Google Play

Το Replaio δεν είναι εκδότης podcast - τα ονόματα των εκπομπών, τα εξώφυλλα και ο ήχος ανήκουν στους δημιουργούς τους και διανέμονται μέσω δημόσιων ροών RSS