SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ Επεισόδια: 624

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Δημιουργός

SBS

Κατηγορία

News

Ιστοσελίδα του podcast

www.sbs.com.au

Τελευταίο επεισόδιο

8 Ιουλ 2026

Πού να ακούσεις;

Podcast στην εφαρμογή Replaio Radio Έρχεται σύντομα

Τα podcast έρχονται σύντομα στην εφαρμογή. Εγκατάστησέ την τώρα και δες πρώτος μια εντελώς νέα προσέγγιση στα podcast

Κατέβασέ το από το Google Play Δωρεάν εγκατάσταση Android σχεδόν 10 εκατ. λήψεις · βαθμολογία 4,8 iOS σύντομα

Επεισόδια

SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ། 15.10.2021

SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ་དང་བསྐྱར་ཞིབ་ཀྱི་གྲུབ་དོན་དེའི་ཐོག་ནས་ SBS གསར་འཛུགས་གནང་ནས་ལོ་ ༥༠ འཁོར་བའི་དུས་དྲན་བསུ་རྒྱུ་དང་། བསྐྱར་ཞིབ་དེ་གཙོ་བོར་འདི་ལོའི་མི་འབོར་ཞིབ་བཤེར་ལ་གཞིར་བཅོལ་ནས་མ་འོངས་ལོ་ ༥ ཡི་རིང་སྐད་ཡིག་གི་ལེ་ཚན་ཁག་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་པ་རེད།

སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་ལ་ཏོག་དབྱིབས་འགོག་ཁབ་ངེས་པར་རྒྱག་དགོས་པའི་སློབ་སྟོན་གནང་བ། 14.10.2021

ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་སྐབས་སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་དང་། དམིགས་བསལ་གྲོད་ཁོག་ནང་ཡོད་པའི་ཕྲུ་གུ་རྣམས་ལ་ཤུགས་རྐྱེན་དང་ཉེན་ཁ་གང་ཡོད་མེད་སྐོར་སེམས་ཁྲལ་བྱས་ཡོད་པ་རེད།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08.10.2021

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་མི་འབོར་བརྒྱ་ཆ་ ༧༠ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་རྗེས། ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ནས་ཁྱིམ་སྡོད་བཀའ་རྒྱ་དང་དམ་བསྒྲགས་རྣམས་ལྷོད་དུ་བཏང་ནས། ཚོང་ལས་ཁག་མང་ཆེ་བ་བསྐྱར་དུ་སྒོ་ཕྱེ་འཆར་ཡོད་པ་རེད།

ནོར་ར་ (Nowra) བོད་མིའི་གཙང་བཟོ་ལས་རིགས་ཚོང་ལས་ཞབས་ཞུ། 01.10.2021

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནས་བར་ཐག་སྤྱི་ལེ་ ༡༥༠ ལྷག་ཙམ་གྱི་མཚམས་སུ་ཡོད་པའི་གྲོང་ཁྱེར་ནོར་ར་ Nowra ནང་བོད་མི་ཁག་ཅིག་གིས་གཙང་བཟོའི་ལས་རིགས་ཞབས་ཞུ་ཁང་ཞིག་བཙུགས་ཡོད་པ་དང་། གཙང་བཟོའི་ཞབས་ཞུ་ཁང་དེ་གང་འདྲ་ཞིག་ཡོང་གི་ཡོད་མེདསྐོར་ཞབས་ཞུ་ཁང་དེའི་སྦྱིན་བདག་དང་འགན་འཁུར་བ་ཕུར་བུ་ཚེ་རིང་ལགས་དང་གླེང་མོལ་ཞུས་པ།

འགོག་ཁབ་བརྒྱ་ཆ་ ༨༠ བརྒྱབ་ཚར་རྗེས་རང་དབང་ཆགས་ཀྱི་རེད། 29.09.2021

ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་མི་འབོར་བརྒྱ་ཆ་ ༨༠ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་རྗེས་སུ་མངའ་སྡེའི་བློན་ཆེན་ཁག་གིས་ས་མཚམས་སྒོ་ཕྱེ་དགོས་པ་དང་། ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་ནང་མི་མཉམ་འཛོམས་བྱེད་བཅུག་དགོས་སྐོར་གསུངས་འདུག

སེན་ཊེར་ལིང་སྐྱོབ་གསོའི་དངུལ་རག་ཆེད་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 26.09.2021

ཨོ་སི་ཊོ་ལི་ཡའི་གཏན་འཇགས་སྡོད་མི་གསར་པ་རྣམས་ལ་གཞུང་གི་སྐྱོབ་གསོའི་ཐོབ་ཐང་བླངས་ཆེད་ལོ་བཞིའི་རིང་སྒུག་དགོས་ཀྱི་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་བདེ་སྲུང་དང་འབྲེལ་བའི་ཁྲིམས་གསར་པ་དེ་༢༠༢༢ ལོ་ནས་ལག་ལྟར་གནང་འཆར་ཡོད་འདུག

ཨ་ཧྥི་རི་ཀའི་འགོ་ཁྲིད་ཚོས་ཏོག་ནད་འགོག་ཁབ་བགོ་འགྲེམ་འདྲ་མཉམ་བྱུང་མེད་པའི་སྐྱོན་བརྗོད། 26.09.2021

ཨ་ཧྥི་རི་ཀའི་རྒྱལ་ཁབ་རྣམས་ཏོག་ནད་འགོག་ཁབ་རྒྱག་པར་རྗེས་སུ་ལུད་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སྨན་ཁབ་དེ་རྒྱལ་སྤྱིའི་ནང་འགྲེམ་སྤེལ་ཆ་སྙོམས་བྱུང་མེད་པའི་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། དེ་ཡང་ཨོ་རོབ་རྒྱལ་ཁབ་ཁག་ནང་མི་འབོར་རྒྱ་ཆ་ ༨༥ ཙམ་ཞིག་ལ་སྨན་ཁབ་རྒྱག་ཟིན་པ་ཡིན་འདུག

ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ས་ཆ་གང་ཞིག་རྒྱ་མཚོའི་ནང་ནུབ་སྲིད་དམ། 22.09.2021

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཀྱིས་དེང་རབས་དང་མཐུན་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྙན་ཐོ་ཞིག་གི་ནང་། མ་འོངས་ལོ་བཅུ་ཚན་ཁ་ཤས་ཤིག་གི་ནང་རྒྱ་མཚོའི་ཆུའི་མཐོ་ཚད་དེ་རིམ་བཞིན་མཐོ་རུ་་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

སེམས་ཁམས་ཀྱི་ནད་དང་འབྲེལ་བའི་ཉེན་བརྡ་ངོ་འཕྲོད་ཚུལ། 17.09.2021

ལུས་པོའི་སྤྱི་ཡོང་གི་བདེ་ཐང་ཆེད་སེམས་ཁམས་ཀྱི་འཕྲོད་བསྟེན་ནི་ཆ་ཤས་གཙོ་བོ་ཞིག་ཡིན།སེམས་ཁམས་ཀྱི་ནད་རིགས་ཡོད་པའི་མི་རྣམས་ཕྱི་ལུས་ཀྱི་ནད་མནར་ལས་ཉེན་ཁ་ཆེ་བ་ཡོད།ཨོ་སི་ཊོ་ལི་ཡའི་ནང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་སྣ་ཚོགས་བླངས་རྒྱུ་ཡོད་ཀྱང་། དང་ཐོག་རང་ཉིད་ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ནད་རྟགས་ངོ་འཕྲོད་པ་གནང་ནས་འབྲེལ་ཡོད་རོགས་སྐྱོར་བླངས་དགོས་པ་ཡིན།

སྐར་མ་བརྒྱད་རེའི་ནང་དྲ་ལམ་ཉེས་སྤྱོད་རེ་རེ་སྙན་སེང་འབྱོར་བ། 17.09.2021

ནད་ཡམས་སྐབས་དྲ་ལམ་བེད་སྤྱོད་ཇེ་མང་བཏང་བ་དང་བསྟུན་དྲ་ལམ་ཉེས་སྤྱོད་རིགས་དེ་བས་ཁྱབ་ཆེ་རུ་འགྲོ་ཡོད་པ་རེད། དེ་ཡང་ཨོ་སི་ཊོ་ལི་ཡའི་ནང་སྐར་མ་བརྒྱད་རེའི་ནང་ཚུལ་ལ་དྲ་ལམ་ཉེས་སྤྱོད་རེར་སྙེན་སེང་འབྱོར་བའི་གནས་སྟངས་ཤིག་གྱུར་ཡོད་འདུག འདི་ལོར་ཨོ་སི་ཊོ་ལི་ཡའི་དྲ་ལམ་བདེ་སྲུང་སྟེ་གནས་ཁང་ལ་དྲ་ལམ་ཉེས་སྤྱོད་ཁྱོན་བསྡོམས་སྟོང་ཕྲག་བདུན་བཅུ་ཙམ་ཞིག་སྙན་སེང་ཞུས་ཡོད་འདུག་པས། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆ་ ༡༣ མང་བ་ཆགས་ཡོད་འདུག

ཉིན་རེའི་བྱེད་སྒོའི་ནང་རང་ཉིད་གཅེས་སྐྱོང་བྱེད་དགོས། 10.09.2021

རང་ཉིད་གཅེས་སྐྱོང་ (Selfcare) ཞེས་པ་ནི་མི་རེ་ངོ་རེར་གོ་དོན་མི་འདྲ་བ་ཡོད་པ་དང་། སྨན་གྱི་ཉམས་ཞིབ་བརྒྱུད་རང་ཉིད་གཅེས་སྐྱོང་བྱེད་ཚེ་ཕུགས་རྒྱང་རིང་པོར་སྤྱི་ཡོངས་ཀྱི་བདེ་ཐང་ལེགས་པ་ཡོང་གི་ཡོད་སྐོར་ཐོན་ཡོད། འོན་ཀྱང་ཁྱིམ་ཚང་སྐྱོང་མཁན་དང་ཕྲུ་གུ་ཡོད་པའི་བུད་མེད་མང་དག་ཅིག་ལ་རང་ཉིད་གཅེས་སྐྱོང་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད།

ཕྲུ་གུ་སྐྱེ་ནུས་ལ་ཏོག་ནད་འགོག་ཁབ་ལས་ཏོག་ནད་ཀྱི་ཉེན་ཚབ་དེ་བས་ཆེ་བ་ཡོད་པ་ཚན་རིག་པས་འགྲེལ་བརྗོད། 10.09.2021

བུད་མེད་ན་གཞོན་གྱི་ཁྲོད་དུ་ཏོག་ནད་འགོག་ཁབ་ལ་ཐེ་ཚོམ་ཅན་མང་དག་ཅིག་ཡོད་པར་བརྟེན། འཕྲོད་བསྟེན་སྟངས་འཛིན་པ་ཚོས་འགོག་ཁབ་ཀྱིས་སྐྱེ་ནུས་ལ་གནོད་འཚེ་ཡོད་པའི་གནས་ཚུལ་ལོག་པ་དེ་སེལ་ཆེད་འབད་བརྩོན་གནང་བཞིན་ཡོད་འདུག

ཆེད་མཁས་པ་ཚོས་ཏོག་དབྱིབས་འགོག་ཁབ་ཀྱི་དམིགས་འབེན་ལ་ཉེན་བརྡ། 08.09.2021

ཨོ་སི་ཊོ་ལི་ཡའི་ཚོགས་སྡེ་ཁག་འདྲ་མིན་གྱི་ཆེད་མཁས་པ་ཚོས་ལྷན་དུ་ཨོ་སི་ཊོ་ལི་ཡ་གཞུང་ལ་ཏོག་དབྱིབས་འགོག་ཁབ་ཀྱི་འཆར་གཞི་བསྐྱར་དུ་སྒྲིག་དགོས་སྐོར་ཞུས་འདུག་པ་དང་། དེ་ཡང་གཙོ་བོར་ཏོག་དབྱིབས་འགོག་ཁབ་ཀྱི་དམིགས་འབེན་ཐད་གལ་གནད་ཆེ་བའི་མི་མང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་རྣམས་ལ་འགོག་ཁབ་ཏག་ཏག་རག་ཐུབ་ཀྱི་མེད་སྐོར་བརྗོད་འདུག

བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༡ འཁོར་བའི་དུས་དྲན་སྲུང་བརྩི། 02.09.2021

ཕྱི་ལོ་ ༡༩༦༠ ཐམ་པ་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་གསར་གཏོད་དང་གསོལ་རས་གནང་ནས་ལོ་ངོ་ ༦༡ འཁོར་བར་བོད་མི་ཚོས་དུས་དྲན་སྲུང་བརྩི་གནང་བ།

སིཌ་ནིའི་ས་གནས་གྲོང་སྡེ་ཞིག་ཏུ་ཏོག་ནད་འགོག་ཁབ་ཚད་མཐོ་པོ་རྒྱག་གྲུབ་པ། 27.08.2021

སིཌ་ནིའི་ནང་ཡོད་པའི་གྲོང་སྡེ་ཞིག་ཏུ་ཉེ་འཁོར་གྱི་གྲོང་སྡེ་གཞན་ཁག་ལས་ཏོག་ནད་འགོག་ཁབ་མང་བ་བརྒྱབ་ཚར་ཡོད་འདུག སྤྱིར་གྲོང་སྡེ་ Edmondson Park ནི་གནས་སྐབས་ཉེན་ཁ་ཆེ་བ་ཡོད་པའི་ས་གནས་གཞུང་ ༡༢ ལས་གཅིག་གི་ཁོངས་སུ་ཚུད་གྱི་ཡོད་ཀྱང། གྲོང་སྡེ་དེར་གནས་སྡོད་མི་མང་བརྒྱ་ཆ་ ༩༠ ལྷག་ཙམ་ཞིག་ལ་སྨན་ཁབ་དང་པོ་དེ་བརྒྱབ་ཟིན་ཡོད་འདུག

གནས་སྐབས་ཀྱི་ཐོངས་ཆེན་ཡོད་མཁན་དང་སྐྱབས་བཅོལ་ཞུ་མི་རྣམས་ལ་དཔལ་འབྱོར་རོགས་རམ། 27.08.2021

གཞུང་གི་སྐྱོབ་གསོའི་རོགས་དངུལ་ཐོབ་ཐང་མེད་པའི་གནས་སྐབས་ཀྱི་ཐོངས་ཆེན་ཡོད་མཁན་དང་སྐྱབས་བཅོལ་ཞུ་མི་རྣམས་ལ་སྒོ་རྒྱག་དམ་བསྒྲགས་ཀྱིས་རྐྱེན་པའི་དཀའ་ངལ་འཕྲད་བཞིན་ཡོད་ཚེ། གཞུང་གིས་ཛ་དྲག་གི་དཔལ་འབྱོར་རོགས་རམ་གནང་གི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ཐོན་རྫས་ཉོས་ནས་ཚོང་ལས་ཆུང་ཁག་འཚོ་གནས་ཐུབ་ཐབས། 20.08.2021

ཨོ་སི་ཊོ་ལི་ཡའི་མི་ས་ཡ་མང་པོ་ཞིག་གོ་སྒྱག་དམ་བསྒྲགས་འོག་གནས་དགོས་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས། དྲ་རྒྱའི་ཐོག་ཨོ་སི་ཊོ་ལི་ཡའི་ཐོན་རྫས་ཉོས་པའི་བརྒྱུད་ཚོང་ལས་ཆུང་ཁག་དང་ནང་མིའི་ཚོང་ལས་ཁག་འཚོ་གནས་ཐུབ་པར་ཕན་ཐོག་ཡོང་གི་ཡོད།

མ་འོངས་པའི་ལས་ཀའི་མདུན་ལམ། 20.08.2021

རྒྱལ་སྤྱིའི་ཉམས་ཞིབ་ལ་ལྟར་ན་ ༢༠༣༠ ལོའི་བར་ལས་ཀ་རིགས་ལྔ་ཆ་གསུམ་ཙམ་ཞིག་གི་ཆེད་དུ་གློག་ཆས་ཀྱི་ལག་རྩལ་དགོས་མཁོ་ཡོད་པ་སྔོན་དཔག་བྱས་ཡོད་ཀྱང་། ཉེ་ཆར་RMIT ཡིས་སྟོན་པའི་སྙན་ཐོ་ཞིག་གི་ནང་ཨོ་སི་ཊོ་ལི་ཡའི་ནང་ལས་མི་བཞི་ཆ་གཅིག་ཙམ་ལ་དགོས་མཁོའི་གློག་ཆས་ཀྱི་ཤེས་ཚད་ལེགས་པོ་མེད་པའི་གནས་ཚུལ་ཐོན་ཡོད་འདུག

ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་ལས་ཀ་ཤོར་ཡང་རོགས་དངུལ་རག 18.08.2021

ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡོད་པ་དང་། སྐབས་དེར་ལས་ཀ་ཤོར་མཁན་བོད་མི་མང་པོ་ཞིག་ལ་ལས་ཀ་བྱེད་ས་ནས་གུན་གསབ་རག་པས་མ་ཚད་གཞུང་གི་རོགས་དངུལ་ཡང་རག་གི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཨོ་སི་ཊོ་ལོ་ཡའི་ནང་ཕྲུ་གུ་ལྟ་སྐྱོང་ཞབས་ཞུའི་སྐོར་འགྲེལ་བརྗོད། 13.08.2021

གལ་ཏེ་ཁྱེད་རང་ལ་ཕྲུ་གུ་ཆུང་ཆུང་ཡོད་བཞིན་དུ་སློབ་སྦྱོང་དང་ལས་ཀ་གནང་དགོས་ཡོད་ཚེས། ཕྲུ་གུ་ལྟ་སྐྱོང་ཆེད་གཞུང་གིས་རོགས་སྐྱོར་གནང་གི་ཡོད། དེ་ཡང་། ཁྱེད་ཀྱི་གནས་སྟངས་དང་། ནང་མིའི་ཁྱོན་བསྡོམས་ཡོངས་འབབ་ལ་གཞིགས་ནས་གཞུང་གི་རོགས་སྐྱོར་ཁག་མི་འདྲ་བ་མཁོ་སྤྲོད་གནང་གི་ཡོད་པ་རེད།

༢༠༢༡ ལོའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱེད་པར་ད་དུང་ཕྱི་དྲགས་མེད། 13.08.2021

ཕྱི་ལོ་ ༢༠༢༡ ལོའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱེད་པར་ད་དུང་ཡང་རྗེས་ལུས་ཐེབས་མེད་པ་ཡིན་འདུག དེ་ཡང་ལོ་ལྔ་རེའི་མི་འབོར་ཞིབ་བཤེར་བརྒྱུད་ང་ཚོའི་རྒྱལ་ཁབ་ཀྱི་མི་རྣམས་སུ་ཡིན་པ་དང་། ས་གནས་གང་དུ་གནས་སྡོད་བྱས་ཡོད་པ། ང་ཚོའི་དགོས་མཁོ་ཇི་ལྟར་ཆགས་ཡོད་པ་སོགས་ཀྱི་སྐོར་གནས་ཚུལ་ཕྱོགས་བསྡུས་བྱེད་ཀྱི་ཡོད། འོན་ཀྱང་། མི་འབོར་ཕྱེད་ཀ་མིན་ཙམ་ཞིག་སྒོ་རྒྱག་དམ་བསྒྲགས་འོག་ཡོད་པས། Australian Bureau of Statistics ཡིས་འདི་ལོའི་...

མོ་ཌེར་ན་སྨན་ཁབ་དེ་གང་འདྲ་ཡིན་མིན་དང་དེ་ཨོ་སི་ཊོ་ལི་ཡའི་ནང་བེད་སྤྱོད་ཇི་ལྟར་གཏང་རྒྱུ་ཡིན་ནམ། 11.08.2021

ཨོ་སི་ཊོ་ལི་ཡའི་གསོ་དཔྱད་དངོས་རྫས་འཛིན་སྐྱོང་ཁང་ TGA གིས་ཨ་རིས་བཟོས་པའི་མོ་ཌེར་ན་སྨན་ཁབ་དེ་ཨོ་སི་ཊོ་ལི་ཡའི་ནང་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། སྨན་ཁབ་དེ་ཨོ་སི་ཊོ་ལི་ཡའི་ནང་ད་ལྟ་སྤྱོད་བཞིན་པའི་ཏོག་དབྱིབས་འགོག་ཁབ་ Pfizer དང་ AstraZeneca དང་མཉམ་དུ་ཏོག་དབྱིབས་སྔོན་འགོག་གི་ལས་རིམ་ནང་མཉམ་དུ་ཞུགས་འཆར་ཡོད་པ་རེད།

རང་ཉིད་ཀྱི་བརྩེ་བའི་མི་ཞིག་ཨོ་སི་ཊོ་ལི་ཡར་གཞིས་སྤོ་ཆེད་མགྲོན་འབོད་བྱེད་ཚུལ། 06.08.2021

ཨོ་སི་ཊོ་ལི་ཡའི་ལོ་འཁོར་གཅིག་གི་ཕྱི་མི་གཞིས་སྤོ་བ་བརྒྱ་ཆ་ཕྱེད་ཀ་ཙམ་ཞིག་ནང་མི་ཡིན་འདུག དེ་ཡང་མི་སེར་དང་གཏན་འཇགས་སྡོད་མི་རྣམས་ལ་རང་ཉིད་ཀྱི་བརྩེ་བའི་ནང་མི་དང་ལྷན་འཛོམས་ཡོང་ཆེད་གཞིས་སྤོའི་མཐོང་མཆན་ཁག་མི་འདྲ་བ་ཡོད་འདུག་པས་ཁྱེད་ཀྱིས་ནང་མིའི་མཐོང་མཆན་དང་འབྲེལ་བའི་ཤེས་དགོས་པའི་གནས་ཚུལ་གལ་ཆེན་ཁག་ཅིག

ཨོ་གླིང་གཞུང་གིས་རྒྱལ་ཡོངས་སྨན་ཁབ་འཆར་གཞི་ཞིབ་ཕྲའི་སྐོར་འགྲེལ་བརྗོད། 06.08.2021

ཨོ་སི་ཊོ་ལི་ཡའི་བློན་ཆེན་ལྷན་ཚོགས་ཀྱིས་གཏན་འབེབ་གནང་བའི་སྨན་ཁབ་འཆར་གཞི་ཞིབ་ཕྲ་མི་མང་ལ་གསལ་བསྒྲགས་གནང་ཡོད་པ་དང་ཆབས་ཅིག་ད་ལྟའི་ཆར་ཏོག་ནད་ཁྱབ་ཆེ་ཤོས་ལོ་ན་གཞོན་པའི་ཁྲོད་དུ་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད། དེ་ཡང་སྨན་ཁབ་འགྲེམ་སྤེལ་འཆར་གཞི་འདིའི་བརྒྱུད་མི་མང་རྣམས་ལ་ལོ་འཇུག་བར་སྒོ་རྒྱག་དམ་བསྒྲགས་མེད་པ་འགྱུར་བའི་རེ་བ་ཞིག་སྤྲོད་ཡོད་འདུག

༼ཨོ་གླིང་སྐྱེད་ཚལ་༽བོད་ཕྲུག་རྣམས་ཀྱི་ཆེད་བོད་ཡིག་ཚགས་པར་དབུ་འབྱེད། 05.08.2021

ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཨོ་སི་ཊོ་ལི་ཡའི་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ཡོད་པའི་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་གིས་བོད་ཕྲུག་རྣམས་ཀྱི་ཆེད་༼ཨོ་གླིང་སྐྱེད་ཚལ་༽ཞེས་པའི་བོད་ཡིག་ཚགས་པར་ཞིག་དྲ་ལམ་ནས་དབུ་འབྱེད་གནང་ཡོད་པ་རེད།

Άκου το podcast SBS Tibetan - SBS བོད་སྐད་སྡེ་ཚན། στο Replaio

Ραδιόφωνο και podcast σε μία εφαρμογή - δωρεάν, χωρίς εγγραφή. Εγκατάστησέ την σήμερα και μη χάσεις την πρεμιέρα

Κατέβασέ το από το Google Play

Το Replaio δεν είναι εκδότης podcast - τα ονόματα των εκπομπών, τα εξώφυλλα και ο ήχος ανήκουν στους δημιουργούς τους και διανέμονται μέσω δημόσιων ροών RSS