VOA

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 206 Folgen

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Besuch unbedingt die Website des Podcasts und unterstütze die Macher: www.voatibetan.com

Autor

VOA

Kategorie

News

Podcast-Website

www.voatibetan.com

Neueste Folge

4. Jun 2024

Wo hören?

Podcasts in der App Replaio Radio Bald verfügbar

Podcasts kommen bald in die App. Installiere sie jetzt und erlebe als Erster einen ganz neuen Blick auf Podcasts

Bei Google Play herunterladen Kostenlos installieren Android fast 10 Mio. Downloads · Bewertung 4,8 iOS bald

Folgen

རྒྱུད་གཅིག་ལམ་གཅིག་དང་བལ་ཡུལ་གྱི་གནམ་ཐང་། - ཟླ་བ་བཅུ་པ། ༢༠, ༢༠༢༣ 19.10.2023

རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཉེར་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་ལྷན་ཚོགས་ཆེན་པོ་ཞིག་པེ་ཅིང་དུ་སྐོང་ཚོགས་བྱས་ཡོད་ཅིང་། རྒྱ་ནག་གི་ལས་གཞི་དེར་རྒྱལ་སྤྱིའི་ཐོག་ཏུ་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡོད་མེད་ཐད་དཔྱད་ཞིབ་བྱེད་པའི་དུས་སུ་བསླེབས། དེ་རིངལས་གཞིའི་ཁོངས་སུ་གཏོགས་པའི་ལས་གྲ་གཉིས་གླེང་སློང་ཞུ་རྒྱུ་ཡིན།

རྒྱུད་གཅིག་ལམ་གཅིག་གི་མདུན་ལམ་ལ་ངེས་གཏན་བྲལ། - ཟླ་བ་བཅུ་པ། ༡༧, ༢༠༢༣ 16.10.2023

རྒྱ་ནག་གཞུང་གིས་པེ་ཅིང་དུ་རྒྱུད་གཅིག་ལམ་གཅིག་གི་ཆེས་མཐོའི་ལྷན་ཚོགས་ཟེར་བ་ཞིག་བསྐོངས་ཏེ་ཞིས་ཅིན་ཕིང་གིས་གཙིགས་སུ་འཛིན་པའི་འཛུགས་སྐྲུན་དེའི་གྲུབ་འབྲས་རྣམས་རྒྱལ་སྤྱིའི་ཐོག་ཏུ་དྲིལ་བསྒྲགས་བྱེད་བཞིན་ཡོད། འོན་ཀྱང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་འཛུགས་སྐྲུན་འདིར་དེང་སྐབས་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག

རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་བཅར་དྲི། - ཟླ་བ་བཅུ་པ། ༠༩, ༢༠༢༣ 09.10.2023

༄༅། །བདུན་ཕྲག་འདི་ནང་བོད་དོན་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་གི་ཐོག་དེ་རིང་གི་ང་ཚོའི་ལས་རིམ་མདོ་འཛིན་པ་པདྨ་བདེ་ཆེན་ལགས་དང་། མདོ་འཛིན་ལས་རོགས་ཀུན་བཟང་སྒྲོལ་མ་ལགས་གཉིས་ནས་རྩོམ་སྒྲིག་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་བཅའ་དྲི་ཞུས་པ་ཞིག་གསན་གྱི་རེད།

རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་བཅར་དྲི། - ཟླ་བ་བཅུ་པ། ༠༢, ༢༠༢༣ 02.10.2023

༄༅། །བདུན་ཕྲག་འདི་ནང་བོད་དོན་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་གི་ཐོག་དེ་རིང་གི་ང་ཚོའི་ལས་རིམ་མདོ་འཛིན་པ་པདྨ་བདེ་ཆེན་ལགས་དང་། མདོ་འཛིན་ལས་རོགས་ཀུན་བཟང་སྒྲོལ་མ་ལགས་གཉིས་ནས་རྩོམ་སྒྲིག་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་བཅའ་དྲི་ཞུས་པ་ཞིག་གསན་གྱི་རེད།

ལི་ཧྲང་ཧྥུ་གང་དུ་ཡོད་དམ། - ཟླ་བ་དགུ་པ། ༡༩, ༢༠༢༣ 18.09.2023

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་གཟའ་འཁོར་གཉིས་ཙམ་རིང་མཐོང་ཐོས་མེད་པར་གྱུར་ཡོད་ཅིང་། དེང་སྐབས་རྒྱ་ནག་གཞུང་གིས་ཡུལ་དེའི་དམག་དཔོན་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

རྩོམ་སྒྲིག་འགན་འཛིན་མཉམ་དུ་གླེང་མོལ། - ཟླ་བ་དགུ་པ། ༡༨, ༢༠༢༣ 18.09.2023

༄༅། །འདས་པའི་གཟའ་འཁོར་ནང་ཐོན་པའི་འཛམ་གླིང་གི་གལ་ཆེའི་གསར་འགྱུར་ཁག་གི་ཐོག་རྩོམ་སྒྲིག་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་དུ་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

རྒྱ་ནག་གི་ས་ཁང་ཚོང་ལས་ཀྱི་དཀའ་ངལ་སེལ་མི་ཐུབ་པའི་རྒྱུ་རྐྱེན། - ཟླ་བ་དགུ་པ། ༡༥, ༢༠༢༣ 14.09.2023

དེང་སྐབས་རྒྱ་ནག་གི་ས་ཁང་ཁྲོམ་རར་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་མ་ཟད། དུས་རྒྱུན་གྱི་ས་ཁང་ཚོང་ལས་དེའི་དཀའ་ངལ་སེལ་ཐབས་རྣམས་ནུས་མེད་དུ་གྱུར་ཡོད།

ཝེ་ཏེ་ནམ་དང་ཨ་རི། རྒྱ་ནག - ཟླ་བ་དགུ་པ། ༡༢, ༢༠༢༣ 11.09.2023

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ཝེ་ཏེ་ནམ་ལ་འཚམས་འདྲིར་ཕེབས་ཏེ་ཨ་རི་དང་ཝེ་ཏེ་ནམ་གྱི་འབྲེལ་བ་འདི་སྔར་ལས་ཉེ་རུ་གཏང་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། རྒྱ་ནག་གི་ངོས་ནས་དེ་ལ་བློ་འཚབ་བྱ་དགོས་པ་ཞིག་ཆགས་ཡོད། བསྐྱར་ཞིབ་ལེ་ཚན་ནང་རྒྱལ་ཁབ་དེ་གསུམ་གྱི་འབྲེལ་བ་དང་ཝེ་ཏེ་ནམ་ནང་གི་གནས་སྟངས་སྐོར་གླེང་སློང་ཞུ་རྒྱུ་ཡིན།

ཞིས་ཅིན་ཕིང་G20་ལྷན་ཚོགས་ལ་ཞུགས་ཀྱི་མེད་པ། - ཟླ་བ་དགུ་པ། ༠༨, ༢༠༢༣ 07.09.2023

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འཚོགས་རྒྱུའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ། དེང་སྐབས་ཞིས་ཅིན་ཕིང་གལ་ཆེའི་ཚོགས་འདུ་དེར་ཞུགས་ཀྱི་མེད་པའི་རྒྱུ་རྐྱེན་ཅི་ཡིན་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་བཞིན་འདུག

རྒྱ་ནག་གི་ས་ཁང་ཚོང་ལས་ཁང་ཆེ་ཤོས་གཉིས། - ཟླ་བ་དགུ་པ། ༠༥, ༢༠༢༣ 04.09.2023

གལ་ཏེ་རྒྱ་ནག་གི་ས་ཁང་ཁྲོམ་ར་འདི་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ལ་བལྟ་སའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་ཚེ། ཧེང་ཏཱ་དང་པི་ཀིའེ་ཡོན་ཟེར་བའི་ས་ཁང་ཚོང་ལས་ཁང་གཉིས་ནི་རྒྱ་ནག་གི་ས་ཁང་ཁྲོམས་རའི་གནས་སྟངས་ཅི་ཡིན་ཚད་གཞི་འཛིན་ས་ཞིག་ཏུ་གྱུར་འདུག

རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་པའི་རྒྱུ་རྐྱེན། - ཟླ་བ་བརྒྱད་པ། ༣༡, ༢༠༢༣ 31.08.2023

དེང་སྐབས་རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་ཏེ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། དེ་ནི་རྒྱ་ནག་གི་དཔལ་འབྱོར་ཕྱོགས་ཡོངས་ནས་ཉམས་རྒུད་འགྲོ་བཞིན་པའི་ཆ་ཤས་གལ་ཆེ་ཤོས་སུ་གྱུར་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་པའི་རྩ་བའི་རྒྱུ་རྐྱེན་འགའ་གླེང་སློང་ཞུ་རྒྱུ་ཡིན།

ཉི་ཧོང་ལ་ངོ་རྒོལ་བྱེད་པའི་རྒྱ་མིའི་མི་རིགས་རིང་ལུགས་ཀྱི་རྦ་རླབས་གསར་པ། - ཟླ་བ་བརྒྱད་པ། ༢༩, ༢༠༢༣ 28.08.2023

ཉི་ཧོང་གཞུང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལས་ཁུངས་ཀྱི་ཆོག་མཆན་ལྟར་ས་ཡོམ་དུས་སུ་གཏོར་སྐྱོན་ཕོག་པའི་རྡུལ་ཕྲན་གློག་ཁང་གི་ཆུ་སྙིགས་གཙང་དག་བྱས་ཟིན་པ་རྣམས་རྒྱ་མཚོའི་ནང་དུ་གཏོང་འགོ་ཚུགས་ཤིང་། དེང་སྐབས་རྒྱ་ནག་ཏུ་ཉི་ཧོང་ལ་ངོ་རྒོལ་གྱི་རྒྱ་མིའི་མི་རིགས་རིང་ལུགས་ཀྱི་རྦ་རླབས་གསར་པ་འཕྱུར་གྱི་ཡོད་པ་རེད།

རྒྱ་མི་དཔལ་འབྱོར་རིག་པ་བ་ཞིག་གི་ལྟ་ཚུལ། - ཟླ་བ་བརྒྱད་པ། ༢༥, ༢༠༢༣ 24.08.2023

དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་དུ་མ་ཞིག་འཕྲད་ཀྱི་ཡོད་པའི་རྒྱུ་རྐྱེན་དང་དཀའ་ངལ་སེལ་ཐབས། དེ་བཞིན་མ་འོངས་པའི་འཕེལ་ཕྱོགས་སོགས་ལ་དཔལ་འབྱོར་རིག་པ་བ་ཚོས་དཔྱད་ཞིབ་སྣ་ཚོགས་ཤིག་བྱེད་བཞིན་ཡོད་ཅིང་། དེ་རིང་གི་བསྐྱར་ཞིབ་ལེ་ཚན་ལ་རྒྱ་མི་དཔལ་འབྱོར་རིག་པ་བ་ཤུའི་ཁྲན་ཀང་གི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།།

རྒྱལ་ཁབ་གསུམ་གྱི་ལྷན་འཛོམས་དང་རྒྱ་ནག - ཟླ་བ་བརྒྱད་པ། ༢༢, ༢༠༢༣ 21.08.2023

གཟའ་པ་སངས་ཉིན་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡའི་དབུ་ཁྲིད་གསུམ་གྱི་ཆེད་མཐོའི་ལྷན་ཚོགས་ཤིག་ཚོགས་ཡོད་ཅིང་། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ཆེ་མཐོའི་ལྷན་འཛོམས་དེས་རྒྱ་ནག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

རྒྱ་ནག་དང་བོད་དུ་ན་གཞོན་ལས་མེད་པ་ཇེ་མང་། - ཟླ་བ་བརྒྱད་པ། ༡༥, ༢༠༢༣ 14.08.2023

དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་ཅིང་། ལྷག་པར་དུ་སློབ་ཆེན་ཐོན་པའི་ན་གཞོན་མང་པོར་ལས་ཀ་རག་གི་མེད་པ་ནི་མི་མང་པོས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

དམག་འཁྲུག་སྐབས་ཀྱི་ཨུ་རུ་སུ། - ཟླ་བ་བརྒྱད་པ། ༡༡, ༢༠༢༣ 10.08.2023

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་དང་ཕྱེད་ཀ་ཕྱིན་ཡོད་ཅིང་། དམག་འཁྲུག་འདིས་ཨུ་རུ་སུའི་མི་དམངས་ཀྱི་འཚོ་བར་ ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པར་མ་ཟད། དམག་འཁྲུག་ལ་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱི་ཡོད་མིན་སོགས་དེ་རིང་གི་བསྐྱར་ཞིབ་ལེ་ཚན་ནང་ངོ་སྤྲོད་ཞུ་རྒྱུ་ཡིན།

རྒྱ་ནག་གི་ངོ་མཚར་ཅན་གྱི་འཕེལ་རྒྱས་མཇུག་སྒྲིལ་བ་ཡིན་ནམ། - ཟླ་བ་བརྒྱད་པ། ༠༨, ༢༠༢༣ 07.08.2023

ལོ་༤༠་གོང་དུ་རྒྱ་ནག་ནི་ཉམ་ཐག་དང་རྗེས་ལུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པར་གྱུར། ཡིན་ནའང་དཔལ་འབྱོར་རིག་པ་བ་ཁག་ཅིག་གིས་འདས་པའི་ལོ་༣༠་ལྷག་གི་རིང་རྒྱ་ནག་ལ་ངོ་མཚར་ཆེ་བའི་འཕེལ་རྒྱས་བྱུང་བ་མཇུག་སྒྲིལ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

དངོས་ཟོག་གི་རིན་གོང་འཕར་ཆག - ཟླ་བ་བརྒྱད་པ། ༠༣, ༢༠༢༣ 03.08.2023

དེང་སྐབས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དངོས་ཟོག་གི་རིན་གོང་འཕར་ནས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཀྱང་རྒྱ་ནག་ཏུ་དངོས་ཟོག་གི་རིན་གོང་ཆག་ནས་དཀའ་ངལ་འཕྲད་ཀྱི་ཡོད་པའི་གསར་འགྱུར་མང་པོ་ཐོན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ལོ་བདུན་ཅུའི་གོང་གི་ཀོ་རི་ཡའི་དམག་འཁྲུག - ཟླ་བ་བརྒྱད་པ། ༠༡, ༢༠༢༣ 31.07.2023

ཀོ་རི་ཡའི་དམག་འཁྲུག་མཚམས་བཞག་ནས་མི་ལོ་བདུན་ཅུ་ཕྱིན་ཡོད་ཀྱང་ལྷོ་བྱང་ཀོ་རི་ཡའི་བར་དུ་ཞི་བདེ་བསྐྲུན་ཐུབ་མེད་པ་མ་ཟད། ད་དུང་ཡང་དམག་འཁྲུག་མཇུག་སྒྲིལ་གྱི་ཞི་བའི་ཆིངས་ཡིག་ཅིག་འཇོག་མ་ཐུབ་པར་ལུས་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

རྒྱ་ནག་གི་སྒེར་གྱི་ཚོང་པའི་འདེམས་ཁ། - ཟླ་བ་བདུན་པ། ༢༨, ༢༠༢༣ 27.07.2023

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཡུལ་འདིའི་སྒེར་གྱི་ཚོང་པ་རྣམས་ལ་དམ་སྒྲགས་སོགས་པའི་དཀའ་ངལ་མང་པོ་ཞིག་བཟོས་པའི་རྗེས་ གཟའ་འཁོར་སྔོན་མ་སྒེར་གྱི་ཚོང་ལས་པ་ཚོར་རོགས་སྐྱོར་ བྱེད་རྒྱུའི་སྲིད་ཇུས་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པས་། དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཁག་གཅིག་ཞུ་གི་ཡིན་

ཀི་སིན་ཇར་དང་ཞི་ཅིན་ཕིང་གི་ཐུག་འཕྲད། - ཟླ་བ་བདུན་པ། ༢༤, ༢༠༢༣ 24.07.2023

ཉེ་དུས་ཨ་རིའི་གཞུང་འབྲེལ་མཐོ་རིམ་དབུ་ཁྲིད་རབ་དང་རིམ་པ་ཞིག་གིས་རྒྱ་ནག་ལ་འཚམས་འདྲི་གནང་བ་དང་མི་འདྲ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀི་སིན་ཇར་ནི་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གཞུང་གིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

ཆིན་ཀང་གང་དུ་ཡོད་དམ། - ཟླ་བ་བདུན་པ། ༢༡, ༢༠༢༣ 20.07.2023

སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ལྔ་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཕྱི་ལ་མཐོང་ཡག་མེད་པ་ཆགས་པས། ཆིན་ཀང་ལ་དཀའ་ངལ་གང་འཕྲད་ཡོད་པ་དང་ཁོང་གང་དུ་ཡོད་མིན་སྐོར་དེང་སྐབས་སྤྱི་ཚོགས་སྟེང་བགྲོ་གླེང་ཆེན་པོ་ཞིག་བྱེད་བཞིན་འདུག དེ་རིང་བསྐྱར་ཞིབ་ལས་རིམ་ནང་དེའི་ཐད་གླེང་སློང་ཁག་ཅིག་ཞུ་གི་ཡིན།

མི་འབོར་འཕེལ་འགྲིབ་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན། - ཟླ་བ་བདུན་པ། ༡༨, ༢༠༢༣ 18.07.2023

དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁག་ཏུ་ཕྲུ་གུ་སྐྱེ་མཁན་ཇེ་ཉུང་དུ་ཕྱིན་ནས་ལས་ཀ་བྱེད་མཁན་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། དེ་བཞིན་དབུལ་ཕོངས་རྒྱལ་ཁབ་ཁག་ཏུ་ན་གཞོན་ལས་མེད་པ་མང་དྲགས་པའི་དཀའ་ངལ་ཆེ་རུ་ཕྱིན་འདུག

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཟུར་པ་ཞིག་འདས་གྲོངས། - ཟླ་བ་བདུན་པ། ༡༧, ༢༠༢༣ 17.07.2023

གཟའ་འཁོར་སྔོན་མར་དེ་སྔར་བརྒྱད་ཅུ་གྱ་གྲངས་སྐབས་སུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་བྱས་མྱོང་ཡོད་པའི་ཡན་མིན་ཧྥུ་འདས་གྲོངས་སོང་ཡོད་ཅིང་། ཁོང་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཀྱི་གྲས་ནས་བསམ་བློ་ཅུང་ཟད་གུ་ཡངས་ཅན་ཞིག་ཡིན་པ་རེད།

རྒྱ་ནག་ལ་མ་རྩ་འཛུགས་མཁན་ཇེ་ཉུང་། - ཟླ་བ་བདུན་པ། ༡༤, ༢༠༢༣ 13.07.2023

དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་པའི་གྲས་སུ་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་ཇེ་ཉུང་དུ་ཕྱིན་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་བསལ་གྱི་དཀའ་ངལ་དང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

Höre den Podcast བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། in Replaio

Radio und Podcasts in einer App - kostenlos und ohne Anmeldung. Installiere sie noch heute und verpasse den Start nicht

Bei Google Play herunterladen

Replaio ist kein Herausgeber von Podcasts; die Namen der Sendungen, Cover und Audioinhalte gehören ihren Autoren und werden über öffentliche RSS-Feeds verbreitet