VOA

ཨ་རིའི་རླུང་འཕྲིན་ཁང་།

News BO ↓ 250 Folgen

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

Besuch unbedingt die Website des Podcasts und unterstütze die Macher: www.voatibetan.com

Autor

VOA

Kategorie

News

Podcast-Website

www.voatibetan.com

Neueste Folge

31. Mär 2025

Wo hören?

Podcasts in der App Replaio Radio Bald verfügbar

Podcasts kommen bald in die App. Installiere sie jetzt und erlebe als Erster einen ganz neuen Blick auf Podcasts

Bei Google Play herunterladen Kostenlos installieren Android fast 10 Mio. Downloads · Bewertung 4,8 iOS bald

Folgen

བགྲོ་གླེང་མདུན་ཅོག ཧྥ་རན་སིའི་བོད་ཀྱི་ལྷ་མོ་ཚོགས་པ། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

དེ་རིང་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་ད་ལོའི་སྤྱི་ལོ་གསར་པའི་ཚུགས་པ་དང་བསྟུན། གསར་དུ་བཙུགས་པའི་ཧྥ་རན་སིའི་བོད་ཀྱི་ལྷ་མོ་ཚོགས་པའི་སྐོར་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་ཧྥ་རན་སིའི་བོད་ཀྱི་ལྷ་མོ་ཚོགས་པའི་ཚོགས་གཙོ་ཉི་མ་ཆོས་འཕེལ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཧྥ་རན་སི་བཅས་སུ་འཚམས་འདྲིར་ཕེབས་པ། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་ཀྱི་དཀའ་རྙོག་མུ་མཐུད་ནས་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། རེས་གཟའ་སྤེན་པའི་ཉིན་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནིང་བྷུ་ལིན་ཁེན་མཆོག་ལྷོ་ཀོ་རི་དང་ཉི་ཧོང་། དེ་བཞིན་ཧྥ་རན་སི་བཅས་ཀྱི་ནང་འཚམས་འདྲི་ཕེབས་ཀྱི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཨ་རིའི་སྲིད་འཛིན་དམ་པ་ཁྭར་ཊར་ལ་གཞུང་འབྲེལ་མྱ་ངན་ཞུ་འགོ་ཚུགས་པ། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

རེས་གཟའ་སྤེན་པའི་ཉིན་ནས་བཟུང་ཉིན་གྲངས་དྲུག་གི་རིང་ལ། ཨ་རིའི་སྲིད་འཛིན་༣༩ ཇི་མེ་ཁཱ་ཊར་དམ་པ་དེར་གཞུང་འབྲེལ་མྱ་ངན་ཞུ་འགོ་ཚུགས་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།

དགོང་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

འབར་མའི་རང་བཙན་དུས་ཆེན་ཉིན་མོར་བཙོན་པ་སྟོང་ཚོ་མང་པོ་གློད་བཀྲོལ་བཏང་། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

འབར་མའི་གཞུང་བཙན་བཟུང་བྱེད་མཁན་གྱི་དམག་དཔུང་གིས་དེ་རིང་གཟའ་སྤེན་པའི་ཉིན་འབར་མའི་རང་བཙན་དུས་ཆེན་ཉིན་མོར་བཙོན་པ་སྟོང་ཕྲག་དྲུག་མ་ཟིན་ཙམ་གློད་བཀྲོལ་བཏང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་ཞུས་གནང་བ་འདིར་གསལ།

སྔ་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༤, ༢༠༢༥ 04.01.2025

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༣, ༢༠༢༥ 03.01.2025

ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་པ་དང་། གྲོས་ཚོཊ་གསར་པ་འགོ་འཛུགས་དང་ཚོཊ་གཙོ་ཇཱོན་སན་ལ་འགྲན་སློང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཁོང་འཛིན་བཟུང་གི་ཚོད་བགམ། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མིར་གཟེངས་རྟགས་ཕུལ་བ་སོགས་ཡོད།

ཨིས་རལ་གྱིས་གྷ་ཛའི་ནང་འཕྲོད་བསྟེན་ཐོབ་ཐང་ལ་ཡ་ང་མེད་པར་རྡོག་རོལ་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས། - ཟླ་བ་དང་པོ། ༠༣, ༢༠༢༥ 03.01.2025

ཨིས་རལ་གྱིས་གྷ་ཛའི་སྨན་ཁང་ལ་བཙན་རྒོལ་བྱས་ཏེ། སྨན་པ་སོགས་འཕྲོད་བསྟེན་ལས་བྱེད་ལ་ཡ་ང་མེད་པའི་རྒོལ་རྡུང་བཏང་འདུག་པ་དང་། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ཐོབ་ཐང་ལ་མཁས་པ་ཚོས་དམག་འཐབ་ཀྱི་འཁོན་པའི་གྷ་ཛའི་སྨན་ཁང་གི་འཕྲོད་བསྟེན་ལས་བྱེད་ཚོའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་འདུག་ཅེས་སྐྱོན་བརྗོད་གནང་འདུག་པའི་སྐོར།

ཊེ་སི་ལ་ཡིས་གློག་འཁོར་འབར་གས་དང་ནིའུ་ཨོར་ལིན་གྱིས་གཏོར་རྒོལ་གཉིས་ལ་འབྲེལ་བ་ཡོད་མེད་བརྟག་པ། - ཟླ་བ་དང་པོ། ༠༣, ༢༠༢༥ 03.01.2025

ཨ་མི་རི་ཀའི་ནག་ཉེས་ཞིབ་འཇུག་ཁང་གིས་ཁེ་ཉིན་འདེམས་ཐོན་སྲིད་འཛིན་ཊྲམ་གྱི་ཟ་ཁང་གི་སྒོ་འགྲམ་དུ་འབར་གས་ཤིག་བྱུང་བ་དང་གྲོང་ཁྱེར་ནིའུ་ཨོར་ལིན་ནང་སྣུམ་འཁོར་ཞིག་གིས་མི་ཚོགས་ཤིག་ལ་རྒོལ་རྡུང་བཏང་བའི་གནས་ཚུལ་གཉིས་ཀྱི་དབར་འབྲེལ་བ་ཡོད་མེད་ཞིབ་འཇུག་གནང་གི་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་འགྲེམས་སྤེལ་བྱས་པ།

སྔ་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༣, ༢༠༢༥ 03.01.2025

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༢, ༢༠༢༥ 02.01.2025

༸གོང་ས་མཆོག་གིས་ཕྱི་ལོ་གསར་ཚེས་ཉིན་དད་ལྡན་རྣམས་ལ་མཇལ་ཁ་སྩལ་སྐོར་དང་། ཨུ་རུ་སུས་ཡུ་རོབ་ལ་རང་བྱུང་སོལ་རླངས་སྤྲོད་མཚམས་བཞག་པ། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་བྱེད་རྣམས་ཀྱི་ཚོགས་འདུ། ཨ་རིའི་ནང་ཕྱི་ལོ་གསར་ཚེས་ཉིན་མི་གསོད་ཁྲག་སྦྱོར་བྱུང་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།

སྱི་རི་ཡའི་ནང་གི་ཨུ་རུ་སུའི་དམག་སྒར་ལྭིབ་ཨི་ཡྭར་སྤོ་བཞིན་པ་ཡིན་ནམ། - ཟླ་བ་དང་པོ། ༠༢, ༢༠༢༥ 02.01.2025

༄༅།། སྱི་རི་ཡའི་ནང་དུ་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དབང་འཛིན་པ་སྟོང་པའི་རྗེས་སུ་སྱི་རི་ཡའི་ནང་གི་ཨུ་རུ་སུའི་དམག་སྒར་དང་དམག་དོན་ཚོ་གླིང་ཆེན་ཨ་ཧྥ་རི་ཁའི་རྒྱལ་ཁབ་ལྭིབ་ཨི་ཡ་ལ་སྤོ་བཞིན་པ་ཡིན་ནམ། དེའི་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་དུ་ཐོན་པའི་གནས་ཚུལ་ཁག་གཅིག་གི་ཕྱོགས་བསྡུས་སྙན་སྒྲོན་ཞུ་རྒྱུ།

ཐེ་ཝན་མཚོ་འགག་གི་འབྲེལ་ལམ་ལ་རྒྱ་ནག་གིས་མུ་མཐུད་འགོག་རྐྱེན་བཟོ་བཞིན་པ། - ཟླ་བ་དང་པོ། ༠༢, ༢༠༢༥ 02.01.2025

༄༅།།ཐེ་ཝན་གྱི་སྲིད་འཛིན་མཆོག་གིས་ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱེད་པར་རྒྱ་ནག་གིས་འགོག་རྐྱེན་མུ་མཐུད་ནས་བཟོ་བཞིན་པ་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྭར་རྦི་ཡར་ལོ་གསར་གྱི་དགའ་སྟོན་ངོ་རྒོལ་ལ་གྱུར་བ་དེ་རྒྱ་མི་དང་འབྲེལ་ཡོད་ཐོན། - ཟླ་བ་དང་པོ། ༠༢, ༢༠༢༥ 02.01.2025

སྭར་རྦི་ཡ་རུ་ཉེ་དུས་རྒྱ་མིའི་བཟོ་ཚོང་ཁང་དང་འབྲེལ་ཡོད་ངང་ལ་བརྒྱབ་པའི་མེ་འཁོར་འབབ་ཚིགས་ཀྱི་ཨར་པོ་ཞིག་བརྡིབས་ནས་མི་མང་ལ་སྲོག་སྐྱོན་བྱུང་པའི་རྗེས་སུ་ཨར་ལས་སྐྱོན་ཅན་དེའི་ལྐོག་ཟ་རུལ་སུངས་ལ་གཞུང་གིས་ཉེས་པ་ཆ་ཚང་བ་གཏོང་གི་མེད་ལུགས་བརྗོད་ནས་མི་མང་སྟོང་ཚོའི་ཕྱི་ལོ་གསར་པའི་དགའ་སྟོན་གཞུང་ལ་ངོ་རྒོལ་ལ་གྱུར།

སྔ་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༢, ༢༠༢༥ 02.01.2025

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་གནས་སྟངས་གཉེན་འཕྲང་ཅན་དུ་གྱུར་ཡོད། - ཟླ་བ་དང་པོ། ༠༡, ༢༠༢༥ 01.01.2025

ཕྱི་ལོ་གསར་པ་འཆར་བ་དང་དུས་བསྟུན་ཏེ་ཨ་རིའི་གྲོས་ཚོགས་སྐབས་༡༡༩ པས་ལས་འཁུར་དམ་བཅའ་འབུལ་བཞེས་དང་སྦྲགས་གྲངས་མང་དུ་གྱུར་པའི་སྤྱི་མཐུན་ཚོགས་པས་རང་གི་འགོ་ཁྲིད་འོས་འདེམས་གནང་དགོས་པ་བཅས་ཡིན་ནའང་ སྐབས་འདིའི་ཚོགས་གཙོར་སླར་ཡང་འོས་ཐོབ་མིན་ནི་ཆ་མ་རྟོག་པའི་གནས་སྟངས་གཉན་འཕྲང་ཅན་ཞིག་ཡོད་པའི་སྐོར།

དགོང་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༡, ༢༠༢༥ 01.01.2025

བལ་ཊིག་མཚོ་ནང་དུ་ཨུ་རུ་སུས་ཆེད་དུ་གནོད་སྐྱེལ་བའི་དཔང་རྟགས། ཨ་རི་བ་ཚོས་སྲིད་འཛིན་ཟུར་པ་ཀར་ཊར་མཆོག་དྲན་གསོ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས། ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲི་དང་ལྷན་དུ་༢༠༢༤ ལོའི་བོད་དོན་གསར་འགྱུར་ཆེ་ཁག་ཐད་བགྲོ་གླེང་།

རྒྱ་ནག་གིས་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲ་རྒྱར་གསང་འཛུལ་བྱས་ཡོད་པ། - ཟླ་བ་དང་པོ། ༠༡, ༢༠༢༥ 01.01.2025

ཨ་རིའི་ནོར་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་དྲ་རྒྱར་གསང་འཛུལ་བ་ཚོས་ལྷན་ཁང་འདིའི་གློག་ཀླད་ཀྱི་བདེ་འཇགས་སྲུང་སྐྱོབ་མ་ལག་ལ་གཏོར་བཤིག་བཏང་ཡོད་པའི་སྐོར་གྲོས་ཚོགས་ལ་སྙན་སེང་དང་།གནས་ཚུལ་དེ་ནི་དོན་རྐྱེན་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་སྐོར་་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ།

སྔ་དྲོའི་རླུང་འཕྲིན། - ཟླ་བ་དང་པོ། ༠༡, ༢༠༢༥ 01.01.2025

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཞི་སྲས་ཚང་བདེ་སྐྱིད་ལགས།དུམ་བུ་གཉིས་པ། - ཟླ་བ་དང་པོ། ༠༡, ༢༠༢༥ 31.12.2024

དེ་རིང་གི་ལས་རིམ་ནང་ཞི་སྲས་ཚང་བདེ་སྐྱིད་ལགས་ལྷན་དུ་༡༩༦༤ ལོར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་བོད་ཕྲུག་ཁག་ཅིག་སུད་སིར་བུ་ཚབ་ཏུ་བཏང་བའི་སྐབས་ཀྱི་མྱོང་ཚོར་དང་ཡོ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་ཐོག་མར་བཙུགས་པའི་ལོ་རྒྱུས་སོགས་གླེང་མོལ་ཞུ་ཡི་ཡིན།

ཕལ་སྐད་གླེང་མོལ། བོད་རང་བཙན་ཆེད་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ། - ཟླ་བ་བཅུ་གཉིས། ༣༡, ༢༠༢༤ 31.12.2024

༄༅། ཐེངས་འདིའི་ང་ཚོའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་ནང་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གནད་དོན་ཐད་ལེ་ཚན་གཙོ་སྐྱོང་བ་པདྨ་བདེ་ཆེན་ལགས་ཀྱིས་ བོད་རང་བཙན་ཆེད་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༣༡, ༢༠༢༤ 31.12.2024

ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཀར་ཊར་ལ་མྱ་ངན་དང་། སེ་རི་ཡའི་རྒྱལ་ཡོངས་འོས་བསྡུ་བྱེད་པར་ལོ་ཤས་འགོར་སྲིད་པ། ལྷོ་ཀོ་རི་ཡའི་གནམ་གྲུའི་ཆག་སྒོའི་དོན་རྐྱེན་ལ་ཞིབ་འཇུག གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༣༡, ༢༠༢༤ 31.12.2024

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཉིས། ༣༠, ༢༠༢༤ 30.12.2024

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིའི་སྲིད་འཛིན་ཟུར་པ་ཇིམྨི་ ཀར་ཊར་དང་བོད་དོན། - ཟླ་བ་བཅུ་གཉིས། ༣༠, ༢༠༢༤ 30.12.2024

Höre den Podcast ཨ་རིའི་རླུང་འཕྲིན་ཁང་། in Replaio

Radio und Podcasts in einer App - kostenlos und ohne Anmeldung. Installiere sie noch heute und verpasse den Start nicht

Bei Google Play herunterladen

Replaio ist kein Herausgeber von Podcasts; die Namen der Sendungen, Cover und Audioinhalte gehören ihren Autoren und werden über öffentliche RSS-Feeds verbreitet