SBS

SBS Tibetan - SBS བོད་སྐད་སྡེ་ཚན།

News BO ↓ 624 episoder

Independent news and stories from SBS Audio, connecting you to life in Australia and Tibetan-speaking Australians. - རང་དབང་གི་གསར་འགྱུར་དང་གནས་ཚུལ་ཁག་གི་བརྒྱུད། ཁྱེར་རང་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་དང་ཨོ་སི་ཊོ་ལི་ཡའི་ནང་བོད་སྐད་ཤོད་མཁན་ཚོ་དབར་འབྲེལ་ལམ་འཛུགས་བཞིན་ཡོད།

Forfatter

SBS

Kategori

News

Podcastens hjemmeside

www.sbs.com.au

Seneste episode

8. jul. 2026

Hvor kan du lytte?

Podcasts i appen Replaio Radio Kommer snart

Podcasts kommer snart til appen. Installer nu, og vær den første til at se en helt ny tilgang til podcasts

Hent den på Google Play Installer gratis Android næsten 10 mio. downloads · 4,8 i bedømmelse iOS snart

Episoder

ཚོང་ཁང་ནང་ཅ་དངོས་སྟོང་པ་དང་ལས་བྱེད་མི་འདང་བའི་དཀའ་ངལ། 14.01.2022

ཚོང་ཁང་ཁག་གི་ནང་ཤ་དང་ཤིང་ཏོག ཚལ་རིགས་སོགས་གཤམ་རྒྱུ་མེད་པས་ཟས་རིགས་ཚོང་མཁན་རྣམས་ཀྱིས་གཞུང་ལ་དཀའ་ངལ་དེ་སེལ་བར་རོགས་རམ་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་ཡིག་ཐོག་ཁ་ཆེམས་ཀྱི་གལ་གནད། 14.01.2022

ཉམས་ཞིབ་ལ་ལྟར་ན་ཨོ་སི་ཊོ་་ལི་ཡའི་མི་མང་དག་ཅིག་གིས་ཡིག་ཐོག་ཁ་ཆེམས་བཞག་རྒྱུ་གནད་འགག་ཆེན་པོ་རྩིས་ཀྱི་མེད་སྐོར་ཐོན་ཡོད། འོན་ཀྱང་ཆེད་མཁས་པ་ཚོས་ཁྱེད་ཀྱི་ལོ་ཚད་དང་། དཔལ་འབྱོར་གནས་སྟངས། མི་རིགས་སོགས་ལ་མ་ལྟོས་པར་མ་འོངས་པའི་ཆེད་དུ་ཁ་ཆེམས་གྲ་སྒྲིག་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་ཡོད།

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་མཇུག་སྒྲིལ་བ། 12.01.2022

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་དེ་ཉེ་ཆར་མཇུག་སྒྲིལ་ཡོད་པ་དང་། ཚོགས་འདུ་དེའི་ཐོག་གྲོས་ཆོད་ཁག་ཅིག་སྤྱི་མོས་གཏན་འབེབས་དང་། སྐལ་བཟང་ཚེ་རིང་ལགས་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་མགུར་འབུམ་རྒྱལ་ལགས་དྲུང་ཆེར་བདམས་ཐོན་བྱུང་འདུག

ཏོག་ནད་ཀྱིས་རྐྱེན་པའི་ལས་བྱེད་འདང་ངེས་མེད་པས་རྒན་གསོ་ཁང་ནང་འཐུས་ཤོར་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག 07.01.2022

རྒན་རྒོན་བལྟ་སྐྱོང་ཐད་ལས་འགུལ་བ་ཚོས་རྒན་གསོ་ཁང་ཁག་གི་ནང་ལས་བྱེད་པ་མང་དག་ཅིག་ཏོག་ནད་ན་བཞིན་ཡོད་པས་ལས་ཀར་ཡོང་མི་ཐུབ་པས། ལས་བྱེད་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པར་སེམས་འཁུར་གནང་བཞིན་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ། 07.01.2022

ཨོ་སི་ཊོ་ལི་ཡའི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་པ་ལས། གཙོ་བོ་ནི་ El Niño དང་ La Niña ཞེས་པ་གཉིས་ལ་བརྟེན་ཡོད་པ་རེད།

ཨོ་མེ་ཁོ་རོན་ན་ཚ་དེ་ཌལ་ཊ་ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་འདུག 24.12.2021

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron དེ་ཏོག་དབྱིབས་ནད་ཡམས་གཞན་ཌལ་ཊ་ Delta ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

ཏོག་ནད་འགོག་ཁབ་བརྒྱབ་གྲུབ་པ་རྣམས་བྷུ་སི་ཊར་སྨན་ཁབ་རྒྱག་དགོས་པ་གང་ཡིན་ནམ། 24.12.2021

ཉེ་ཆར་ཏོག་ནད་ཨོ་མེ་ཁོ་རོན་ཁྱབ་གདལ་ཇེ་མང་དུ་འགྲོ་བཞིན་ཡོད་པས། བྷུ་སི་ཊར་ཞེས་སྔོན་འགོག་གི་ནུས་པ་གོང་སྤེལ་ཆེད་འགོག་ཁབ་འཕར་མ་དེ་རྒྱག་དགོས་པར་ནན་སྐུལ་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། ཏོག་ནད་འགོག་ཁབ་བརྒྱབ་ཟིན་པ་རྣམས་ཀྱིས་སླར་ཡར་བྷུ་སི་ཊར་སྨན་ཁབ་རྒྱག་དགོས་དོན་གང་ཡིན་ནམ།

དབྱར་དུས་ཆར་ཆུ་མང་བའི་སྐབས་ཆུ་ལོག་གི་རྐྱེན་ངན་ལ་གྲ་སྒྲིགས་ཇི་ལྟར་བྱེད་དགོས་སམ། 24.12.2021

དབྱར་དུས་སུ་ཨོ་སི་ཊོ་ལི་ཡའི་ཤར་ཕྱོགས་ཁུལ་དུ་ཆར་པ་དུས་རྒྱུན་ལས་མང་བ་འབབ་ཀྱི་ཡོད་པར་བརྟེན། འབྲེལ་ཡོད་མཁས་པ་ཚོས་ས་ཁུལ་དེའི་ཁོངས་སུ་གནས་སྡོད་བྱེད་མཁན་མི་མང་ཡོངས་ཀྱིས་ཆུ་ལོག་ལ་ཉེན་གཟབ་བྱེད་དགོས་པར་ལམ་སྟོན་གནང་ཡོད་པ་རེད།

ནད་འགོག་སྨན་ཁབ་ཆ་ཚང་བརྒྱབ་གྲུབ་པའི་རྒྱལ་སྤྱིའི་སློབ་ཕྲུག་དང་གཞིས་སྤོ་བ་རྣམས་ཨོ་སི་ཊོ་ལི་ཡར་ཡོང་ཆོག་གི་ཡོད་འདུག 18.12.2021

ཟླ་བ་ ༡༨ ལྷག་གི་རྗེས་སུ་མཐར་ནད་འགོག་སྨན་ཁབ་ཆ་ཚང་བརྒྱབ་གྲུབ་པའི་རྒྱལ་སྤྱིའི་སློབ་ཕྲུག་དང་གཞིས་སྤོ་བ་རྣམས་ཨོ་སི་ཊོ་ལི་ཡར་སླར་ཡང་དམ་བསྒྲགས་མེད་པའི་ཐོག་ཡོང་ཆོག་པ་བཟོས་ཡོད་པས། སིཌ་ནིའི་རྒྱལ་སྤྱིའི་གནམ་ཐང་བྲེལ་ཚུབ་གྱུར་ཡོད་པ་རེད།

ལས་གནས་སུ་ཁྲིམས་འགལ་དབྱེ་འབྱེད་དང་དེར་ཁྲིམས་ཐོག་སྲུང་སྐྱོབ་གང་ལྟར་ཡོད་དམ། 18.12.2021

ལོ་གཉིས་རེའི་ནང་ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་ཚོགས་ལྷན་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་སར་བསུན་གཙེར་དང་དབྱེ་འབྱེད་སྐོར་ཞིབ་འཇུག་སྙན་ཐོ་ Inclusion@Work ཞེས་པ་དེ་སྟོན་གྱི་ཡོད། འོ་ན་ལས་གནས་སུ་དབྱེ་འབྱེད་ཞེས་པ་གང་ཡིན་ནམ

ཨོ་སི་ཊོ་ལི་ཡའི་ནང་ཆབ་སྲིད་ཚོགས་པ་གསར་པ་དང་བོད་མི་ཞིག་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་བ། 16.12.2021

ཟླ་བ་འདིའི་ཕྱི་ཚེས་ ༡༥ རེས་གཟའ་ལྷག་པ་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་མང་གཙོའི་མཐུན་གྲོགས་ཚོགས་པ་ Democratic Alliance political party ཞེས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་གྱི་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་གསར་པ་ཞིག་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ ༣༢ འཁོར་བའི་དུས་དྲན་སྲུང་བརྩི། 10.12.2021

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༢ འཁོར་བའི་ཉིན་མོ་ཞིག་ཡིན་པས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་དུས་དྲན་སྲུང་བརྩི་གནང་བཞིན་པར་ལྟར། ཨོ་སི་ཊོ་ལི་ཡའི་ནང་ལ་ཡང་མངའ་སྡེ་དང་ས་ཁུལ་གང་སར་བོད་མི་ཚོས་དུས་དྲན་སྲུང་བརྩི་ཞུས་ཡོད་པས་མ་ཚད། ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་ཞི་བདེ་གཟེངས་རྟགས་དང་རྒྱལ...

ཨོ་སི་ཊོ་ལི་ཡར་ཡོང་སྐབས་ཅ་དངོས་ཁྱེར་ཆོག་པ་དང་མི་ཆོག་པ་ག་རེ་ཡིན་ནམ། 10.12.2021

རྒྱལ་སྤྱིའི་གྲུལ་བཞུད་སླར་ཡང་འགོ་འཛུགས་ཀྱི་ཡོད་པས། རང་ཉིད་ཀྱི་ནང་མི་སྤུན་མཆེད་རྣམས་ལ་ཨོ་སི་ཊོ་ལི་ཡར་སླེབས་སྐབས་ས་མཚམས་ཐོག་ཞིབ་བཤེར་བྱེད་ཀྱི་ཡོད་པར་གྲ་སྒྲིག་གནང་དགོས་པ་ཡིན། དེ་ཡང་སྐྱེ་དངོས་བདེ་སྲུང་གི་ཁྲིམས་འོག་ཨོ་སི་ཊོ་ལི་ཡའི་ཁོར་ཡུག་དང་ས་ཞིང་ལ་གནོད་པའི་ཅ་དངོས་རིགས་ནང་འདྲེན་བྱེད་མི་ཆོག་པས། གལ་ཏེ་དེ་ལྟར་བྱས་པ་ཡིན་ན་དངུལ་ཆད་ལྗིད་པོ་ཕོག་རྒྱུ་མ་ཟད་མཐོང་མཆན་ལག་ཁྱེར་ཡང་རྩིས་མེད་གཏང་བའི་ཉེན་ཁ་ཡོད་པ་རེད།

ཨོ་སི་ཊོ་ལི་ཡས་གཞུང་འབྲེལ་ཐོག་པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་རྩེད་འགྲན་ལ་ངོ་རྒོལ། 10.12.2021

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་པའི་རྒྱུ་མཚན་ལ་བརྟེན། ཨོ་སི་ཊོ་ལི་ཡས་གཞུང་འབྲེལ་ཐོག་དགུན་ཁའི་པེ་ཅིང་རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་ཕིཀ་ལ་ངོ་རྒོལ་བྱེད་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་། སྲིད་བློན་མཆོག་གིས་ཨོ་སི་ཊོ་ལི་ཡའི་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཆེད་ནམ་ཡང་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

ཏོག་དབྱིབས་ན་ཚའི་རིགས་གསར་པ་དེ་ཐོན་རྗེས་ཨོ་སི་ཊོ་ལི་ཡས་ཛ་དྲག་ཚོགས་འདུ་ཚོགས་པ། 04.12.2021

ཉེ་ཆར་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron ཟེར་བ་དེ་ཐོན་རྗེས་ཆུ་ཚོད་ ༤༨ ནང་ཨོ་སི་ཊོ་ལི་ཡས་ ན་ཚ་དེར་གདོང་ལེན་བྱེད་སྟངས་དང་ས་མཚམས་སྒྲིག་གཞི་བཅས་ཀྱི་སྐོར་ཛ་དྲག་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་རེད།

རང་ཉིད་ལ་སྤུན་མཆེད་དྭ་ཕྲུག་ཡོད་ཚེ་་མཐོང་མཆན་ཞུ་ཚུལ། 26.11.2021

Orphan Relative Visa (subclass 117) ཞེས་པ་ཏེ། སྤུན་མཆེད་དྭ་ཕྲུག་གི་མཐོང་མཆན་ཨང་ ༡༡༧ ཞེས་པའི་བརྒྱུད་གཞིས་སྤོ་བ་རྣམས་ཨོ་སི་ཊོ་ལི་ཡར་གཞིས་སྤོ་ཆོག་གི་ཡོད། ལེ་ཚན་འདིའི་བརྒྱུད་མཐོང་མཆན་དེར་སྙན་ཞུ་རྒྱག་པར་ཆ་རྐྱེན་གང་ཚང་དགོས་པའི་སྐོར་འགྲེལ་བརྗོད་བྱས་ཡོད།

ལོ་འཁོར་བྲེལ་འཚུབ་ཅན་གྱི་ཉོ་ཚོང་དུས་སྐབས་སུ་བསླུ་བྲིད་ཀྱི་ཉེན་བརྡ། 26.11.2021

ལོ་འཁོར་བྲེལ་འཚུབ་ཅན་གྱི་ཉོ་ཚོང་དུས་སྐབས་སུ་བསླུ་བྲིད་ཀྱི་ཉེན་བརྡ། ཨོ་སི་ཊོ་ལོ་ཡའི་ལོ་འཁོར་གྱི་ཉོ་ཚོང་བྲེལ་འཚུབ་ཚ་བའི་དུས་དང་སྟབས་བསྟུན་ཚོང་ལས་མང་དག་ཅིག་གིས་དེ་སྔར་སྒོ་རྒྱག་དམ་བསྒྲགས་སྐབས་གྱོང་གུད་བྱུང་བ་རྣམས་གསབ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། ཉོ་ཚོང་མཁན་རྣམས་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པར་ཉེན་གཟབ་གནང་དགོས་པ་ཡིན།

བསྟན་འཛིན་རབ་གསལ་ལགས་ཀྱིས་ཆེད་སྦྱོང་གི་དམིགས་ཡུལ་དང་དཀའ་ངལ་གདོང་ལེན། 25.11.2021

སིཌ་ནིང་གཙུག་ལག་སློབ་ཆེན་ནས་འགུལ་རིས་བཟོ་འགོད་དང་ཁྲོམ་རའི་སྐོར་གཙུག་ལག་རབ་འབྱམས་པ་བསྟན་འཛིན་རབ་གསལ་ལགས་ཀྱིས་ཁོ་རང་གི་ཆེད་སྦྱོང་གི་དམིགས་ཡུལ་དང་། ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་སྐབས་དཀའ་ངལ་ལ་གདོང་ལེན་གང་འདྲ་གནང་ཡོད་མེད་འགྲེལ་བརྗོད།

གྷུ་གྷལ་གྱི་ལས་འཆར་ལ་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་དགའ་བསུ། 18.11.2021

འཛམ་གླིང་གི་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་གྷུལ་གྷལ་ google གྱིས་མ་འོངས་ལོ་ ༥ ཡི་རིང་ཨོ་སི་ཊོ་ལི་ཡའི་ནང་ཚོང་འབྲེལ་ལས་འཆར་ཆེད་མ་འཛུགས་ཨོ་སྒོར་ཐེར་འབུམ་ ༡ གཏང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག

ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཆུང་ཁག་གཉེར་སྟངས་སྐོར། 12.11.2021

ཚོང་ལས་ཆུང་ཁག་གཉེར་རྒྱུ་ནི་དོ་དབྱིངས་ཡོད་པའི་ལས་ཀ་ཞིག་ཡིན་ཡང་དེར་འགོག་རྐྱེན་རིགས་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་བརྒྱུད་རིམ་དེ་སྟབས་བདེ་དང་བློ་འཚེམ་པ་ཇི་ལྟར་ཞིག་བཟོས་དགོས་པའི་སྐོར་ལ་འགྲེལ་བརྗོད།

ཨོ་སི་ཊོ་ལི་ཡའི་ནང་ལས་མེད་བ་མང་དུ་འགྲོ་བ། 12.11.2021

ཉེ་ཆར་ཨོ་སི་ཊོ་ལི་ཡའི་ནང་ལས་མེད་བའི་མི་གྲངས་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། གཞུང་གིས་གནས་ཚུལ་དེ་དག་སྒོ་རྒྱག་དམ་བསྒྲགས་སྐབས་ཀྱི་བསྡུ་བ་ཡིན་པ་དང་ད་ལྟའི་ཆར་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་པའི་འགྲེལ་བརྗོད་བྱེད་ཡོད་པ་རེད། འོན་ཀྱང་ལས་ཀ་མེད་པའི་མི་སྟོང་ཕྲག་མང་པོ་ཞིག་ལ་མ་འོངས་འདུན་ལམ་ཁག་པོ་ཆགས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་འབུམ་རམས་པའི་སློབ་སྦྱོང་གི་གོ་སྐབས་དང་འཛུལ་ཞུགས་གནང་སྟངས། 11.11.2021

ཕྱི་ལུགས་གསོ་བ་རིག་པའི་སྐོར་འབུམ་རམས་པ་དྭགས་པོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་གི་ལུང་པ་གཞན་དང་བསྡུར་ན་འབུམ་རམས་པའི་སློབ་སྦྱོང་གནང་སའི་ཡག་ཤོས་དང་གོ་སྐབས་བཟང་ཤོས་ཤིག་རེད་ཅེས་གསུངས་སོང་།

བོད་པའི་ན་གཞོན་ཞིག་གིས་བོད་མི་གཞོན་སྐྱེས་ཚོས་སློབ་སྦྱོང་བྱེད་དགོས་པའི་གལ་གནད་གླེང་བ། 03.11.2021

ཝི་ཊོ་རི་ཡ་ནས་ཁྲིམས་ལུགས་སློབ་ཐོན་པ་མགོན་པོ་བཀྲིས་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་ན་གཞོན་ཚོའི་ཆེད་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང་འཛུལ་ཞུགས་གནང་སྟངས་སྐོར་གྱི་བགྲོ་གླེང་ཞིག་གིས་ཐོག ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་གཞོན་སྐྱེས་ཚོ་ལ་སློབ་སྦྱོང་གལ་ཆེན་པོ་ག་རེ་བྱས་ནས་ཆགས་ཡོད་མེད་གླེང་བ།

ཨོ་སི་ཊོ་ལི་ཡའི་ནང་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང་འགྲོ་སྟངས། 28.10.2021

ཨོ་སི་ཊོ་ལི་ཡའི་ནང་མི་རིགས་སྣ་མང་སྤྱི་ཚོགས་ཞབས་ཞུའི་ལས་ཁང་ ECSC དང་། མན་ལེའི་གཞིས་སྡོད་རོགས་སྐྱོར་ལས་ཁུངས་ CNB ཐུན་མོང་གིས་གོ་སྒྲིག་འོག ཨོ་སི་ཊོ་ལི་ཡའི་ནང་མཐོ་སློབ་ལ་འགྲོ་འཆར་ཡོད་མཁན་བོད་རིགས་སློབ་ཕྲུག་རྣམས་ཀྱི་ཆེད་དུ། “ཨོ་གླིང་ནང་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང་འགྲོ་སྟངས་”ཞེས་པའི་བརྗོད་གཞི་ཐོག་དྲ་ཐོག་བགྲོ་གླེང་གི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་རེད།

མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20.10.2021

ཉེ་ཆར་ཕྱི་ཟླ་ ༡༠ པའི་ཚེས་ ༡༡ ཉིན་ Microsoft གཉེན་ཆས་བཟོ་ཚོང་ཁང་གིས་གཞུང་འབྲེལ་དྲ་ཚིགས་ཐོག ཁོང་ཚོའི་ཡིག་སྒྱུར་གཉེན་ཆས་ཞབས་ཞུའི་ནང་བོད་ཡིག་ཐེ་བའི་སྐད་ཡིག་ ༡༢ གསར་སྣོན་བྱས་ཡོད་སྐོར་གསལ་བསྒྲགས་གནང་འདུག་པ་དང་། ད་ལྟའི་ཆར་ཡིག་སྒྱུར་ཞབས་ཞུ་དེའི་ནང་ཁྱོན་སྐད་ཡིག་གྲངས་ ༡༠༣ ཕན་ཚུན་ཡིག་སྒྱུར་བྱེད་ཐུབ་ཀྱི་ཡོད་པ་རེད།

Lyt til podcasten SBS Tibetan - SBS བོད་སྐད་སྡེ་ཚན། i Replaio

Radio og podcasts i én app - gratis og uden tilmelding. Installer i dag, og gå ikke glip af lanceringen

Hent den på Google Play

Replaio er ikke podcastudgiver; programmernes navne, coverbilleder og lyd tilhører deres ophavsmænd og distribueres via offentlige RSS-feeds.